ལག་ཁྱེར་ཁ་པར་གྱི་མཉེན་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལག་ཁྱེར་ཁ་པར་གྱི་མཉེན་ཆས།
ལག་ཁྱེར་ཁ་པར་གྱི་མཉེན་ཆས་ཞེས་པ་ནི་གཙོ་བོ་རིག་ནུས་ལག་ཁྱེར་ཁ་པར་ཐོག་སྒྲིག་སྦྱོར་བྱས་པའི་མཉེན་ཆས་ལ་ཟེར་ཞིང་། གདོད་མའི་མ་ལག་གི་མི་འདང་ས་དང་རང་གཤིས་འཐུས་ཚང་དུ་གཏོང་བ་ལ་ཟེར། ལག་ཁྱེར་ཁ་པར་གྱི་མཉེན་ཆས་འཁོར་སྐྱོད་བྱེད་པར་དེ་མཚུངས་ཀྱི་ལག་ཁྱེར་ཁ་པར་མ་ལག་དགོས་ཤིང་། སྤྱི་ལོ2017ལོའི་ཟླ6པའི་ཚེས1ཉིན་བར་ལག་ཁྱེར་ཁ་པར་གྱི་མ་ལག་གཙོ་བོ་ནི་ཀུ་ཤུ་ཀུང་སིའིiOSདང་ཀུའུ་ཀེ་ཀུང་སིའིAndroid(ཨན་ཀྲའོ)མ་ལག་གི་སའེ་པན་ལས་སྟེགས་དང་མཉེན་ཆས་ཀུང་སིའི་ལས་སྟེགས་གཉིས་རེད། སྤྱི་ལོ2019ལོའི་ཟླ11པའི་ཚེས4ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུས་ཀྱིསAPPབཀོལ་སྤྱོད་བྱེད་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཆེད་དོན་ཚོགས་འདུ་འཚོགས་ནས་སྒྲིག་འགལ་ངང་སྤྱོད་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། སྒྲིག་འགལ་ངང་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་སྤྱོད་པ། ལུགས་འགལ་སྤྱོད་མཁན་གྱི་རྩིས་ཐོ་མེད་པ་བཟོ་བ་བཅས་ཕྱོགས་གསུམ་ཐད་ཀྱི་གནད་དོན་རིགས8ལ་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
手机软件
ཕྱི་ཡིག་གི་མིང་།
App(Application)
ཉེར་སྤྱོད་སྟེགས་བུ།
སའེ་པན་ལས་སྟེགས་དང་། མཉེན་ཆས་ལས་སྟེགས།  ཀུའུ་ཀོའི་ལས་སྟེགས། ཀུ་ཤུiOSལས་སྟེགས་སོགས།
1 ​ཁྱད་ཆོས་གཙོ་བོ།

རིག་ནུས་ལག་ཁྱེར་ཁ་པར་ཞེས་པ་ནི་མི་སྒེར་གྱི་གློག་ཀླད་དང་འདྲ་བར་རང་ཚུགས་ཀྱི་བཀོལ་སྤྱོད་མ་ལག་དང་རང་ཚུགས་ཀྱི་འཁོར་སྐྱོད་བར་སྟོང་ལྡན་པ་ཞིག་རེད། བཀོལ་སྤྱོད་བྱེད་མཁན་གྱིས་རང་འགུལ་ངང་མཉེན་ཆས་དང་། རོལ་རྩེད། ཕྱོགས་སྟོན་སོགས་ཕྱོགས་གསུམ་པའི་ཞབས་ཞུའི་ཚོང་པས་མཁོ་འདོན་བྱས་པའི་གོ་རིམ་སྒྲིག་སྦྱོར་བྱེད་ཆོག་པ་མ་ཟད། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་བརྒྱུད་སྐུད་མེད་དྲ་རྒྱ་ཁ་པར་རིགས་ཀྱི་སྤྱི་མིང་མངོན་འགྱུར་བྱེད་ཐུབ།

རིག་ནུས་ལག་ཁྱེར་ཁ་པར་ཁྱབ་གདལ་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱིས་འབྲེལ་གཏུག་དང་། སྤྱི་ཚོགས་འབྲེལ་བ། རོལ་རྩེད་སོགས་ཀྱི་བྱེད་སྒོའི་ཁྲོད་ལག་ཁྱེར་ཁ་པར་གྱིApp(Appདང་དབྱིན་ཡིགAplicationཡི་བསྡུས་མིང་ནི་ཉེར་སྤྱོད་མཉེན་ཆས་ལ་ཟེར་ཞིང་། རྒྱུན་དུiphoneདང་ཨན་ཀྲོ་སོགས་ལག་ཁྱེར་ཁ་པར་གྱི་ཉེར་སྤྱོད་མཉེན་ཆས་ལ་ཟེར་གྱིན་ཡོད། )ལག་ཁྱེར་ཁ་པར་གྱི་མཉེན་ཆས་ནི་དབྱེ་ཞིབ་དང་། ཇུས་འགོད། ཨང་སྒྲིག་བཅས་བྱས་པ་བརྒྱུད་མཉེན་ཆས་གྲུབ་པ་དང་། ལག་ཁྱེར་ཁ་པར་གྱི་མཉེན་ཆས་ནི་དམིགས་བསལ་གྱི་མཉེན་ཆས་ཤིག་ཡིན།

2 མཉེན་ཆས་རིགས་དབྱེ།

ལག་ཁྱེར་ཁ་པརAppསྒྲིག་སྦྱོར་གྱི་ཡོང་ཁུངས་མི་འདྲ་བར་གཞིགས་ནས་ལག་ཁྱེར་ཁ་པར་གྱི་གྲ་སྒྲིག་མཉེན་ཆས་དང་སྤྱོད་མཁན་རང་ཉིད་ཀྱིས་སྒྲིག་སྦྱོར་བྱས་པའི་ཕྱོགས་གསུམ་པའི་ཉེར་སྤྱོད་མཉེན་ཆས་ལ་དབྱེ་ཆོག   ལག་ཁྱེར་ཁ་པར་གྱི་སྔོན་འཇུག་མཉེན་ཆས་ནི་སྤྱིར་ལག་ཁྱེར་ཁ་པར་བཟོ་གྲྭ་ནས་ཐོན་པའི་སོ་སོས་འཁྱེར་བའམ་ཡང་ན་ཕྱོགས་གསུམ་པས་ཁ་པར་བརྒྱབ་ནས་འཛད་སྤྱོད་པའི་ལག་ཁྱེར་ཁ་པར་ནང་སྒྲིག་སྦྱོར་བྱས་པ་མ་ཟད། འཛད་སྤྱོད་པས་རང་འགུལ་ངང་བསུབ་ཐབས་མེད་པའི་ཉེར་སྤྱོད་དམ་མཉེན་ཆས་ལ་ཟེར། ལག་ཁྱེར་ཁ་པར་གྱི་མཉེན་ཆས་སྒྲིག་སྦྱོར་བྱས་པ་ཕུད་ད་དུང་སྤྱོད་མཁན་གྱིས་ལག་ཁྱེར་ཁ་པར་གྱི་ཉེར་སྤྱོད་ཁྲོམ་ར་ནས་རང་ཉིད་ཀྱིས་ཕབ་ལེན་སྒྲིག་སྦྱོར་བྱས་པའི་ཕྱོགས་གསུམ་པའི་ལག་ཁྱེར་ཁ་པརAppཉེར་སྤྱོད་བྱས་པ་དང་ཕབ་ལེན་རིགས་གཙོ་བོ་སྤྱི་ཚོགས་འབྲེལ་བའི་སྡེ་ཁུལ་རིགས་ཀྱི་མཉེན་ཆས་ནང་གཅིག་སྡུད་བྱས་ཡོད་པ་རེད།

3 ཉེན་ཁ་སྔོན་འགོག

ལག་ཁྱེར་ཁ་པར་གྱི་སྔོན་སྒྲིག་མཉེན་ཆས་ལ་དམིགས་ཏེ་འཛད་སྤྱོད་པར་གཤམ་གསལ་གྱི་གྲོས་འགོ་བཏོན་པ་སྟེ།

1.བློས་འགེལ་ཆོག་པའི་ལག་ཁྱེར་ཁ་པར་གྱི་བདེ་འཇགས་འགོག་སྲུང་མཉེན་ཆས་སྒྲིག་སྦྱོར་བྱས་ནས་དུས་བཀག་ལྟར་རིམ་སྤོར་བྱས་ཏེ་ཆ་འཕྲིན་གྱི་བདེ་འཇགས་རང་བཞིན་ཆེ་རུ་གཏོང་དགོས།

2.ལག་ཁྱེར་ཁ་པར་གྱི་མཉེན་ཆས་ཀྱི་གཞུང་ཕྱོགས་དྲ་ཚིགས་དང་། ཡིད་རྟོན་རུང་བའི་ཕྱོགས་གསུམ་པའི་ཉེར་སྤྱོད་ཚོང་ཁང་སོགས་ཚད་ལྡན་ཐབས་ལམ་ནསAppཕབ་ལེན་བྱེད་དགོས་པ་ལསAppནང་གི་བརྡ་ཁྱབ་དང་མི་གསལ་བའི་སྦྲེལ་མཐུད་སྣ་ཚོགས་གང་བྱུང་དུ་མནན་ནས་ཡོང་ཁུངས་མི་གསལ་བའི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱེད་མི་རུང་།

3.བདེ་འཇགས་ངང་ལག་ཁྱེར་ཁ་པར་གྱི་ཤིང་རྟ་གསོད་པ་དངAppདབང་ཆར་དོ་དམ་བྱས་ནསAppསྒེར་གྱི་གསང་བ་བསྡུ་ལེན་དང་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཡར་སྐྱེལ་རྒྱུར་བཀག་འགོག་བྱེད་དགོས།

4.རྒྱབ་སྟེགས་ཀྱི་ཉེར་སྤྱོད་གོ་རིམ་དུས་ཐོག་ཏུ་སྒོ་རྒྱག་པའི་གོམས་གཤིས་ཆགས་པ་དང་རང་འགུལ་གསར་སྒྱུར་གྱི་སྒོ་རྒྱག་པ། ལག་སྒུལ་གསར་སྒྱུར་དང་གློག་ཟད་གྲོན་ཆེ་བའི་སྒྲིག་ཆས་སྤྱོད་པ།

སྤྱི་ལོ2019ལོའི་ཟླ7པའི་ཚེས11ཉིན་ཀྲུང་གོ་དངུལ་ཁང་གི་ལག་ཁྱེར་ཁ་པར་དངུལ་ཁང་དང་། དཔྱིད་ཆར་སྨན་པ། པེ་ཅིང་གི་ཁ་ཆད་ཨང་ཐོ་འགོད་པ། པེ་ཅིང་གི་འགྲིམ་འགྲུལ། ཉིན་ལྟར་རྒྱུག་ཤར་གློད་པ། འཚོལ་ཞིབསོགསApp《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་འགལ་བས་བརྡ་ཁྱབ་བཏང་ནས་བཅོས་སྒྲིག་བྱས་པ་རེད།

4 མཉེན་ཆས་སྲུང་སྐྱོང་།

1.Appསྒྲིག་སྦྱོར་བྱས་རྗེས་སྤྱོད་སྒོ་མེད་པའི་སྒྲིག་སྦྱོར་ཁུག་མapkདུས་ཐོག་ཏུ་བསུབ་པ། ལག་ཁྱེར་ཁ་པར་དང་མི་སྒེར་གྱི་རྩིས་འཁོར་གཉིས་འདྲ་ས་ཧ་ཅང་ཆེན་པོ་ཡོད་ཅིང་། སྲུང་སྐྱོང་བྱེད་ཐབས་ཐད་མང་ཆེ་བ་ཕན་ཚུན་འབྲེལ་བ་ཡོད། ཁ་པར་བཟོ་གྲྭ་མང་པོ་ཞིག་གིས་ལེགས་བཅོས་བྱས་མྱོང་བའིROMཚང་མ་སྙིང་ཉེ་བ་དང་། སྤྱིར་བཏང་དུAppཞིག་སྒྲིག་སྦྱོར་བྱས་ཚར་རྗེས་སྒྲིག་སྦྱོར་ཁུག་མ་བསུབ་མིན་དྲན་སྐུལ་བྱེད་ཀྱི་ཡོད། གལ་ཏེ་སྤྱོད་སྒོ་གཞན་མེད་ན་མྱུར་དུ་བསུབ་ཆོགགལ་ཏེ་ལག་ཁྱེར་ཁ་པར་ལ་ནུས་པ་འདི་མེད་ན་ལག་པས་བསུབ་ཆོག

2.དུས་བཀག་ལྟར་གཙང་བཤེར་དང་ལྷོད་གསོག་བྱ་དགོས། དུས་ཡུན་རིང་བོར་སྤྱི་ཚོགས་འབྲེལ་འདྲིས་བཀོལ་སྤྱོད་བྱས་ན་ལྷོད་གསོག་མང་པོ་འབྱུང་སྲིད་པ་མ་ཟད། ད་དུང་རང་ཉིད་ཀྱིས་མི་བསུབ་པ་དང་། དུས་ཡུན་རིང་བོར་གསོག་འཇོག་མང་པོ་གསོག་ཐུབ་ལ། གསོག་ཉར་གྱི་བར་སྟོང་གིས་ཁཱ་ཏུན་བཟོས་པ་རེད། དེར་བརྟེན། ལག་ཁྱེར་ཁ་པར་གྱིས་བཀོད་སྒྲིག་བྱས་པའི་ཉེར་སྤྱོད་གོ་རིམ་དོ་དམ་ནང་གི་གཙང་སེལ་ལྷོད་གསོག་བྱེད་ནུས་མེད་པར་བཟོ་ཐུབ། ད་རུང་གད་སྙིགས་གཙང་དག་བྱེད་པའི་མ་ལག་གིསAppསྲུང་སྐྱོབ་བྱེད་ཐུབ། བཤིག་འདོན་བྱས་རྗེས་བསྐྱར་འཇུག་ཐེངས་གཅིག་བྱས་ཀྱང་ཆོག

3.བེད་སྤྱོད་བྱེད་སྐབས་སྤྱོད་མི་དགོས་པའི་གོ་རིམ་དུས་ཐོག་ཏུ་སྒོ་རྒྱག་དགོས། ཨན་ཀྲོ་མ་ལག་གིས་ནང་གསོག་ཛ་དྲག་སྐབས་རང་འགུལ་ངང་འཕེལ་རིམ་ཁ་ཤས་མཇུག་འགྲིལ་སྲིད་མོད། འོན་ཀྱང་དོན་དངོས་ཀྱི་བཀོལ་སྤྱོད་ཁྲོད་ཆུ་མ་ཤོར་གོང་རགས་རྒྱག་པའི་འདུ་ཤེས་ཡོད་དགོས་ཤིང་། དུས་རྒྱུན་ལས་འགན་མང་པོ་ཞིག་གི་ཐོག་ནས་མིག་སྔར་སྤྱོད་མི་ཐུབ་པའིAppབརྗེ་མཚམས་བཞག་ནས་ལག་ཁྱེར་ཁ་པར་གྱི་འཁོར་སྐྱོད་ནང་གསོག་གློད་ཚེ་ལག་ཁྱེར་ཁ་པར་གྱི་ནུས་ཆེའི་འཁོར་སྐྱོད་ལ་ཕན་པ་མ་ཟད། རྒྱབ་སྟེགས་ཀྱི་མཉེན་ཆས་འཁོར་སྐྱོད་བྱེད་སྐབས་ཀྱི་རྒྱུག་ཚད་དོན་མེད་དུ་མི་ཤོར་བ་བྱེད་དགོས།

4.དྲ་ངོས་པར་གཞི་བཀོལ་ནས་དུད་སྣེ་ཚབ་བྱེད་པ། དྲ་ཚིགས་མང་ཆེ་བས་སྤྱོད་མཁན་ཚོས་ཁོང་ཚོའི་དུད་སྣེ་ཕབ་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། དྲ་ཚིགས་ཁག་གཅིག་གི་ངོས་ནས་བརྗོད་ནAppབེད་སྤྱོད་གཏོང་དགོས་དོན་མེད་པ་དང་ལག་ཁྱེར་ཁ་པར་གྱི་བཤར་ཆས་སྤྱད་དེ་དྲ་ངོས་པར་གཞི་སྤྱད་ན་ཐག་གཅོད་ཐུབ་པ་མ་ཟད། བདེ་བླག་དང་རྒྱུན་གཏན་གྱི་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་ཀྱི་མེད། དེར་བརྟེན་ས་གནས་དེ་གའི་གསོག་འཇོག་བར་མཐོངས་ཁག་གཅིག་གྲོན་ཆུང་ཐུབ་པ་མ་ཟད། བབ་མཚུངས་ཀྱི་དྲ་ཚིགས་ཀྱི་དུད་སྣེའི་འབྲེལ་ཆགས་ཕབ་ལེན་དང་དེ་བཞིན་དུག་ལྡན་མཉེན་ཆས་མེད་པ་བཟོ་ཐུབ།

5.ལག་ཆ་སྤྱད་ནསAppཚོད་འཛིན་ནན་མོ་བྱེད་པའི་དབང་ཚད། Appརྒྱུན་དུ་རང་འབྱེད་ནི་རང་འབྱེད་དབང་ཚད་དང་དེ་དང་འབྲེལ་བ་ཡོད་པའི་དབང་ཚད་ལ་ཚོད་འཛིན་ནན་མོ་མི་བྱེད་པའི་རྐྱེན་ཡིན། ཁ་པར་ལ་སྤྱིརrootམི་དགོས་པར་ནང་སྒྲིག་གི་དབང་ཚད་དོ་དམ་ཡོ་བྱད་བཀོལ་ནས་དོ་དམ་བྱེད་ཆོག བཀོལ་སྤྱོད་བྱེད་པར་ཚོད་འཛིན་བྱེད་པ་སོགས་ཀྱི་དབང་ཚད་ལ་དོ་སྣང་བྱེད་དགོས། གལ་ཏེ་ནང་སྒྲིག་ཡོ་བྱད་འདི་རིགས་མེད་ན། ལག་སྒུལrootཡང་ཆོག་མོད། འོན་ཀྱང་ཡིད་རྟོན་རུང་བའིrootཡོ་བྱད་དངrootབདམས་རྗེས་ཉམས་གསོ་མི་བྱེད་པ་སོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས།

5 བཅོས་སྒྲིག་ལས་དོན།

སྤྱི་ལོ2019ལོའི་ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོ། བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུས་ཀྱིསAPPཡིས་སྤྱོད་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་འགོ་ཚུགས་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་སྒྲིག་འགལ་ངང་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་། སྒྲིག་འགལ་ངང་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་སྤྱོད་པ། ལུགས་འགལ་ངང་སྤྱོད་མཁན་གྱི་དབང་ཚད་ལེན་པ། སྤྱོད་མཁན་གྱི་རྩིས་ཐོ་མེད་པ་བཟོ་བ་བཅས་ཕྱོགས་བཞིའི་ཐད་ཀྱི་གནད་དོན་རིགས8གཙོ་གནད་ཐོག་ཚད་ལྡན་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཟླ11པའི་ཚེས6ཉིན《APPཡི་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་སྐོར་གྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའི་བརྡ་ཐོ》ཡོངས་བསྒྲགས་བྱས་པ་རེད།

6 ཆེད་དམིགས་བཅོས་སྐྱོང་དུས་ཚོད།

བཟོ་འཕྲིན་པུའི་འབྲེལ་ཡོད་བརྡ་ཐོའི་ཡིག་ཆ་ལས་མངོན་པར་གཞིགས་ན། ཆེད་དོན་བཅོས་སྒྲིག་གི་དུས་ཚོད་ནི་ཉིན་དེ་ནས་བཟུང་སྤྱི་ལོ2019ལོའི་ཟླ12པའི་ཚེས20ཉིན་བར་དུས་མཚམས་གསུམ་ལ་དབྱེ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

གཅིག་ནི་ཁེ་ལས་ཀྱིས་རང་བཤེར་རང་བཅོས་བྱེད་པའི་དུས་རིམ(བརྡ་ཐོ་དཔར་འགྲེམ་བྱས་ཉིན་ནས་ཟླ11པའི་ཚེས10ཉིན་བར) APPཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་གོང་གསལ་གྱི་གནད་དོན་རིགས་8དང་བསྡུར་ནས་རང་བཤེར་ནན་ཏན་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པ་དང་། APPསྤྲོད་གཏོང་ཞབས་ཞུ་མཁོ་འདོན་བྱེད་མཁན་རྩ་འཛུགས་ཀྱིས་འགྲེམས་གཏོང་བྱས་པའིAPPལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། གནད་དོན་ལྷག་པའི་སྒྲིག་འགལ་ཉེར་སྤྱོད་མཉེན་ཆས་བཅོས་སྒྲིག་ལ་ལྟ་སྐུལ་བྱས་པ། ཡོ་བསྲང་མི་བྱེད་མཁན་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས་པ་བཅས་རེད།

གཉིས་ནས་ལྟ་སྐུལ་འཐེན་བཤེར་གྱི་དུས་རིམ(སྤྱི་ལོ2019ལོའི་ཟླ11པའི་ཚེས11ཉིན་ནས་ཟླ11པའི་ཚེས30ཉིན་བར)  བཟོ་འཕྲིན་པུས་ཕྱོགས་གསུམ་པའི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་སྒྲིག་འཛུགས་བྱས་ནསAPPལ་ལག་རྩལ་ཞིབ་དཔྱད་ཚད་ལེན་དང་གཙོ་གནད་ཐོག་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕབ་ལེན་དང་བེད་སྤྱོད་བྱེད་ཚད་ཅུང་ཆེ་བའིAPPཐོན་རྫས་དང་འགྲེམས་འགྲེམས་ལས་སྟེགས་ལ་ཚད་ལེན་ཚད་འཇལ་བྱ་རྒྱུ་ཡིན་པ་རེད། མང་ཚོགས་ཀྱིས་བསམ་འཆར་ཆེ་བ་དང་། དང་ལེན་བྱེད་དཀའ་བ། ལུགས་དང་མི་མཐུན་པའིAPPབཟོ་འཕྲིན་པུས་གློག་འཕྲིན་སྤྱོད་མཁན་ཨུ་ལྷན་དང་། ཀྲུང་གོའི་དྲ་སྦྲེལ་མཐུན་ཚོགས། འབྲེལ་ཡོད་སྨྱན་སྦྱོར་སྒྲིག་གཞི་བཅས་སྒྲིག་འཛུགས་བྱས་ནས་སྤྱོད་མཁན་དང་རིགས་གཅིག་མཁས་ཅན་གྱི་དཔྱད་མོལ་བྱ་རྒྱུ་ཡིན་པ་རེད།

གསུམ་ནི་འབྲས་བུའི་ཐག་གཅོད་དུས་རིམ(སྤྱི་ལོ2019ལོའི་ཟླ12པའི་ཚེས1ཉིན་ནས་ཟླ12པའི་ཚེས20ཉིན་བར)བཅས་རེད། བཟོ་འཕྲིན་པུས་གནད་དོན་ཡོད་པའི་APPགཅིག་གྱུར་ཐོག་བརྡ་ཁྱབ་བཏང་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་དང་ཞིབ་ཕྲའི་བྱ་ཐབས་ནང་དག་ཐེར་ཡོ་བསྲང་བྱེད་འགན་དཀྲི་བ་དང་།སྤྱི་ཚོགས་ལ་སྤྱི་བསྒྲགས་བྱེད་པ། APPསྒྲིག་འཛུགས་བྱེད་པ། APPམཐུད་འཇུག་ཞབས་ཞུ་མཚམས་འཇོག་བྱེད་པ། དེ་བཞིན་སྲིད་འཛིན་ཆད་པ་ཕོག་པའི་སྒྲིག་འགལ་བྱེད་པོ་གློག་འཕྲིན་ལས་སྒོ་གཉེར་སྐྱོང་ཡག་པོ་མེད་པའི་མིང་ཐོའམ་ཡང་ན་མིང་ཐོར་འགོད་པ་སོགས་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-18

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།