བདག་དབང་རྒྱལ་ཁབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདག་དབང་རྒྱལ་ཁབ།
བདག་དབང་རྒྱལ་ཁབ་ནི་རྒྱལ་ཁབ་གཞན་པས་ཐེ་གཏོགས་དང་ཚོད་འཛིན་མི་ཐེབས་པར་རང་བཙན་རང་བདག་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་པའི་རྒྱལ་ཁབ་ཅིག་ཡིན། རྒྱལ་སྤྱིའི་བཅའ་ཁྲིམས་ཁྲོད་དུ་བདག་དབང་རྒྱལ་ཁབ་ནི་དངོས་པོ་མ་ཡིན་པའི་བཅའ་ཁྲིམས་ཀྱི་དངོས་གཞི་ཞིག་ཡིན་པ་དང་། ས་ཁམས་ས་ཁོངས་ཀྱི་བདག་དབང་ཡོད་པ་མ་ཟད། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྲིད་དབང་ལས་ཁུངས་ཤིག་གི་ཚབ་བྱས་ནས་བདག་དབང་སྤྱོད་ཀྱིན་ཡོད། བདག་དབང་ནི་རང་བཙན་རྒྱལ་ཁབ་ཅིག་གི་མཚོན་རྟགས་ཡིན། བདག་དབང་ཤོར་ཚེ་རྒྱལ་ཁབ་གཞན་གྱི་མི་སེར་སྤེལ་ཡུལ་དང་ཟུར་གཏོགས་རྒྱལ་ཁབ་ཏུ་འགྱུར་སྲིད། ཉེ་རབས་འཛམ་གླིང་གི་ལོ་རྒྱུས་ཐོག་དར་རྒྱས་ཆེ་བའི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ། དཔེར་ན་དབྱིན་ཇི་དང་། ཧྥ་རན་སི། ཨ་མེ་རི་ཀ་སོགས་ཀྱིས་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་རང་ཉིད་ཀྱི་མི་སེར་སྤེལ་ཡུལ་དང་ཟུར་གཏོགས་རྒྱལ་ཁབ་ཏུ་བསྒྱུར་ཏེ། རྒྱལ་ཁབ་དེ་དག་ལ་གདུག་རྩུབ་ཆེ་བའི་གཉའ་གནོན་དང་འཕྲོག་བཅོམ་བྱས་པ་རེད། ལོ་བརྒྱ་ཙམ་གྱི་རིང་ལ་མི་རིགས་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་དེ་འཛམ་གླིང་གི་རླབས་རྒྱུན་ཞིག་ཏུ་གྱུར་ཡོད་པ་དང་། མི་སེར་སྤེལ་བའི་རིང་ལུགས་གསར་རྙིང་གི་མ་ལག་ལ་རྡུང་རྡེག་དྲག་པོ་བཏང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
主权国家
གོ་དོན།
རང་བཙན་གྱི་བདག་དབང་ཡོད་པའི་རྒྱལ་ཁབ།
ཕྱི་ཡིག་གི་མིང་།
sovereign state
ཁ་གྲངས།
195
1 ​སྤྱི་བཤད།

བདག་དབང་རྒྱལ་ཁབ་ཅེས་པ་ནི་མངའ་ཁོངས་གཏན་འཇགས་དང་། ཡུལ་མི་ངེས་ཅན། སྲིད་དབང་རྩ་འཛུགས་ཀྱི་རྣམ་པ། བདག་དབང་ངེས་ཅན་བཅས་ལྡན་པའི་ཆབ་སྲིད་ལས་ཁུངས་ལ་ཟེར། རྒྱལ་སྤྱིའི་བཅའ་ཁྲིམས་ཁྲོད་བདག་དབང་རྒྱལ་ཁབ་ནི་དངོས་པོ་མ་ཡིན་པའི་བཅའ་ཁྲིམས་ཀྱི་དངོས་གཞི་ཞིག་ཡིན་ཞེས་མཚན་ཉིད་བཞག་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ན། གཏན་འཁེལ་བྱས་པའི་མངའ་ཁོངས་ལ་བདག་དབང་ཡོད་པ་དང་། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྲིད་དབང་ལས་ཁུངས་ཤིག་གི་ཚབ་བྱས་ནས་བདག་དབང་སྤྱོད་པ་དང་བདག་དབང་དེ་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་གཉིས་སུ་དབྱེ་ཆོག བདག་དབང་རྒྱལ་ཁབ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆེས་གཞི་རྩའི་ཁོངས་མི་ཡིན།

(རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མིར་གཙོ་བོ་རིགས་གཉིས་ཡོད་དེ། བདག་དབང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཡིན)

གཞུང་ལུགས་ཀྱི་གཞི་འཛིན་ས།

བདག་དབང་གི་དོན་སྤྱི་འཕེལ་རྒྱས་བྱུང་བ་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཧྥ་རན་སིའི་མཚན་ཉིད་རིག་པ་བ་རང་པུའུ་ཏན་གྱི་བརྩམས་ཆོས་ཁྲོད་མཚོན་ཡོད་ཅིང་། པུའུ་ཏན་གྱི་བཤད་ཚུལ་ལྟར་ན། བདག་དབང་ནི“སྤྱི་མཐུན་རྒྱལ་ཁབ་ལ་དབང་བའི་བལྟོས་མེད་དང་ཡུན་རིང་གི་དབང་ཆ་ཞིག་ཡིན།" བདག་དབང་ནི་མི་སྒེར་ལ་མེད་པ་དང་། རྒྱལ་ཁབ་ལ་ཡོད་པས་བདག་དབང་ལ་ཡུན་རིང་གི་རང་བཞིན་ལྡན། བདག་དབང་ནི“བདག་དབང་འཛིན་མཁན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ལ། བདག་དབང་འཛིན་མཁན་གྱིས་རྣམ་པ་གང་འདྲ་ཞིག་ཡིན་ནའང་གཞན་གྱི་བཀའ་ལ་མགོ་སྒུར་མི་རུང་། གང་ལགས་ཤེ་ན། བདག་དབང་འཛིན་མཁན་ཁོ་ནས་ཁོངས་གཏོགས་མཁན་ལ་བཅའ་ཁྲིམས་གཏན་འབེབས་དང་། གཏན་འབེབས་བྱས་ཟིན་པའི་བཅའ་ཁྲིམས་ཕྱིར་འཐེན། དུས་ལས་ཡོལ་བའི་བཅའ་ཁྲིམས་བཟོ་བཅོས་བྱས་ཆོག་པ་རེད"

གྲུབ་རྐྱེན་གཙོ་བོ།  

1.ཡུན་གཏན་གྱི་མི་འབོར།

2.གཏན་འཇགས་ཀྱི་མངའ་ཁོངས།

3.ནུས་ལྡན་གྱི་སྲིད་གཞུང་།

4 རྒྱལ་ཁབ་གཞན་དང་འགྲོ་འོང་བྱེད་པའི་ནུས་པ།

(མཚན་ཉིད་འདི་ནི་སྤྱི་ལོ1933ལོར་མེང་ཐེ་ཝེ་ཏུའོ་རྒྱལ་ཁབ་ཀྱི་ཁེ་དབང་དང་འོས་འགན་གྱི་སྤྱི་ཆིངས་ལ་བརྟེན་ནས་བཞག)

གཞི་རྩའི་ཁེ་དབང་།

རང་བཙན་ཀྱི་དབང་ཆ་དང་། འདྲ་མཉམ་གྱི་དབང་ཆ། རང་སྲུང་གི་དབང་ཆ། བདག་སྐྱོང་གི་དབང་ཆ།

རྒྱལ་ཁོངས་ནི་བདག་དབང་རྒྱལ་ཁབ་ཅིག་གི་མངའ་འོག་གི་སྐམ་སའི་མངའ་ཁོངས་དང་རྒྱ་མཚོའི་མངའ་ཁོངས། བར་སྣང་གི་མངའ་ཁོངས་བཅས་ལ་ཟེར།

རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་བྱེད་པོ་གཙོ་བོ་ནི་བདག་དབང་རྒྱལ་ཁབ་ཡིན་པ་དང་བདག་དབང་རྒྱལ་ཁབ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཁེ་དབང་དང་འོས་འགན་གྱི་འགན་འཁུར་མཁན་ཡིན།

ཝེ་སི་ཐེ་ཧྥ་ལི་ཡའི་ཞི་ཆིངས།

ལོ་སུམ་ཅུའི་དམག་འཁྲུག་གིས་ཡོ་རོབ་གླིང་ལ་གཏོར་བརླག་ཆེན་པོ་ཐེབས་ཤིང་། རྒྱལ་ཁབ་སོ་སོས་ཞི་བདེ་མཉམ་གནས་ཀྱི་ལམ་བུ་འཚོལ་ཆེད། 《ཝེ་སི་ཐེ་ཧྥ་ལི་ཡའི་ཞི་ཆིངས》བཞག་ནས་བདག་དབང་གི་གོ་དོན་དང་ལེན་བྱས། ཕལ་ཆེར་རྒྱལ་ཁབ་ཆུང་ཆུང་ཡོད་ཚད་ཀྱིས་ཆིངས་ཡིག་སྟེང་མིང་རྟགས་བཀོད་ནས་བདག་དབང་ཐོབ་ནས། དངོས་སུ་བདག་དབང་ཡོད་པའི་རྒྱལ་ཁབ་ཏུ་གྱུར་པ་དང་། ཆོས་ཚོགས་ཀྱི་སྟོབས་ཤུགས་ཇེ་ཞན་དུ་སོང་། མངའ་ཁོངས་རྒྱལ་ཁབ་ཀྱི་ཐ་སྙད་དང་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཀྱིས་རང་རྒྱལ་གྱི་ཆོས་ལུགས་དང་རྒྱལ་ནང་གི་ཆབ་སྲིད་གཏན་འབེབས་བྱེད་ཐུབ་པ་དང་། ཕྱིའི་གནོན་ཤུགས་ཀྱི་ཚོད་འཛིན་མི་ཐེབས་པ། ཞི་ཆིངས་ཀྱིས་ད་དུང་རྒྱལ་ཁབ་གཞན་པའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་མི་བྱེད་པའི་སྲོལ་ཡིག་ནང་འདྲེན་བྱས་ཡོད། 《ཝེ་སི་ཐེ་ཧྥ་ལི་ཡའི་ཞི་ཆིངས》བཞག་རྗེས་རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་དྲག་ཆས་དམག་དཔུང་བཙུགས་ནས་རྒྱལ་ཁབ་ཀྱི་བདག་དབང་ཁས་ལེན་དང་སྲ་བརྟན་དུ་བཏང་།

རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཏན་འབེབས།

སྤྱི་ལོ1946ལོའི་ཟླ12པའི་ཚེས6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་པའི《རྒྱལ་ཁབ་ཀྱི་ཁེ་དབང་དང་འོས་འགན་གྱི་བསྒྲགས་གཏམ་འཆར་ཟིན》གྱི་དོན་ཚན་དང་པོའི་ནང“རྒྱལ་ཁབ་ཁག་ལ་རང་བཙན་གྱི་དབང་ཆ་ཡོད་ལ། དེར་བརྟེན་ཁྲིམས་མཐུན་གྱི་དབང་ཆ་ཡོད་ཚད་རང་དབང་གི་སྒོ་ནས་སྤྱོད་པའི་དབང་ཆ་ཡོད། དེའི་ཁྲོད་དུ་སྲིད་སྐྱོང་ལམ་ལུགས་ཀྱི་གདམ་ག་ཚུད་ཡོད་པ་དང་། རྒྱལ་ཁབ་གཞན་པ་སུ་ཞིག་གི་བཀའ་ཡིན་ནའང་དང་ལེན་མི་བྱེད། "

སྤྱི་ལོ1970ལོའི་ཟླ10པའི་ཚེས24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་པའི《རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་མཛའ་མཐུན་འབྲེལ་བ་འཛུགས་པ་དང་མཉམ་ལས་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་རྩ་དོན་སྐོར་གྱི་བསྒྲགས་གཏམ》ནང་རྒྱལ་ཁབ་ཚང་མར་བདག་དབང་འདྲ་མཉམ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། རྒྱལ་ཁབ་ཁག་གི་བཅའ་ཁྲིམས་ཀྱི་གནས་བབ་འདྲ་མཉམ་ཡིན་པ་དང་རྒྱལ་ཁབ་ཚང་མར་བདག་དབང་གང་ལེགས་ལོངས་སུ་སྤྱོད་ཆོག་པའི་དགོས་ངེས་ཀྱི་དབང་ཆ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་དང་དེ་བཞིན་ཆབ་སྲིད་རང་བཙན་ལ་བཙན་གནོད་བྱས་མི་ཆོག་པ། རྒྱལ་ཁབ་ཚང་མར་རང་མོས་ངང་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར། རིག་གནས་བཅས་ཀྱི་ལམ་ལུགས་འཕེལ་རྒྱས་སུ་གཏོང་པའི་གདམ་ག་བྱེད་དབང་ཡོད་ཅེས་གཏན་འབེབས་བྱས་འདུག

2 འཛམ་གླིང་སྟེང་གི་བདག་དབང་རྒྱལ་ཁབ།

འཛམ་གླིང་ཐོག་ཁྱོན་བསྡོམས་པའི་བདག་དབང་རྒྱལ་ཁབ195ཡོད། དེའི་ཁྲོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མི་ཡིན་པའི་རྒྱལ་ཁབ193དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་པའི་རྒྱལ་ཁབ་ཡིན་པ2(ཕ་ལེ་སི་ཐན་དང་ཧྥན་ཏི་ཀང)ཚུད་ཡོད།

(ཞི་ས་ཧ་ལ་དང་། པེ་སའེ་ཕུའུ་ལུའུ་སི། ཁོ་སོ་ཨོ། ན་ཀོར་ནོ-ཁ་ལ་པ་ཧོར་སོགས་རྒྱལ་ཁབ་མང་ཆེ་བའི་ཁས་ལེན་ཐོབ་མེད་ལ། མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་མེད་པས་བདག་དབང་རྒྱལ་ཁབ་ཀྱི་ཁྲོད་དུ་བརྩིས་མེད)

ཨེ་ཤ་ཡ་རུ་རྒྱལ་ཁབ48ཡོད།

ཨེ་ཤ་ཡ་ཤར་མ་རུ་རྒྱལ་ཁབ5ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོག་པོ། ཁྲའོ་ཞན། ཁོ་རེ་ཡ། འཇར་པན་བཅས་ཡིན།

ཨེ་ཤ་ཡ་ཤར་ལྷོ་རུ་རྒྱལ་ཁབ11ཡོད། ཧྥི་ལི་ཕིན་དང་། ཡོ་ནན། ལོ་བའོ། ཁམ་ཕུ་ཁྲེ། འབར་མ། ཐེ་ལན་ཊི། མ་ལེ་ཞི་ཡ། ཝུན་ལའེ། སིང་ཀ་ཕོར། ཧིན་རྡུ་ཉི་ཞི་ཡ། ཤར་མ་ཤར་མ། ཏུང་ཏི་ཝུན་བཅས་ཡིན།

ཨེ་ཤ་ཡ་ལྷོ་མ། (7) ནེ་པ་ལ། འབྲུག་ཡུལ། བྷང་ག་ལ། རྒྱ་གར། ཕ་ཁི་སི་ཐན། སི་རི་ལང་གྷ། མཱ་ཨར་ཏའེ་ཧྥུ་བཅས་ཡིན།

ཨེ་ཤ་ཡ་དབུས་མ་རུ་རྒྱལ་ཁབ5ཡོད། ཧ་ས་ཁུ་སི་ཐན། ཅི་ཨར་ཅི་སི་ཐན། ཐ་ཅི་ཁུ་སི་ཐན། ཝུའུ་ཙི་པིའེ་ཁུ་སི་ཐན། ཐུའུ་ཁུའུ་མན་སི་ཐན་བཅས་ཡིན།

ཨེ་ཤ་ཡ་ནུབ་མ་རུ་རྒྱལ་ཁབ20ཡོད། ཨ་ཧྥུ་ཧན། དབྱི་རག དབྱི་ལང་།  སི་རི་ཡ། ཡོས་ཏན། ལེ་པ་ནོན། དབྱི་སི་རལ། ཕ་ལེ་སི་ཐན། ཧྲ་ཐེ་ཨ་རབ། པ་ལིན། ཁ་ཐཱ་ཨར། ཁུ་ཝུའེ་ཐེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་མན། ཡེ་མན། ཀེ་ལུའུ་ཅི་ཡ། ཨ་མེ་ཉི་ཡ། ཨ་སའེ་པའེ་ཅང་། ཐུར་ཁེ། སའེ་ཕུའུ་ལུའུ་སི་བཅས་ཡིན།

ཡོ་རོབ་གླིང་དུ་རྒྱལ་ཁབ44ཡོད།

ཡོ་རོབ་བྱང་མ་རུ5ཡོད། ཧྥུན་ལན་དང་། སུའེ་ཏེན། ནོར་ཝེ། འཁྱགས་གླིང་། ཏན་མའེ་བཅས་ཡིན།

ཡོ་རོབ་ཤར་མ་རུ་རྒྱལ་ཁབ7ཡོད། ཨའེ་ཧྲ་ཉི་ཡ་དང་། ལ་ཐེ་ཝེ་ཡ། ལི་ཐའོ་ཝན། བྷེ་ཨུ་རུ་སུ། ཨུ་རུ་སུ། ཝུའུ་ཁི་ལན། མོར་ཏུའོ་ཝ་བཅས་ཡིན།

ཡོ་རབ་དབུས་མ་རུ་རྒྱལ་ཁབ8ཡོད། པོ་ལན་དང་། ཅེ་ཁེ། སི་ལོ་ཝ་ཁེ། པན་ལི། འཇར་མན། ཨོ་ཏི་ལི། རེའུ་ཧྲི། ལེ་ཀྲི་ཏུན་ཧྲི་ཏེང་བཅས་ཡིན།

ཡོ་རོབ་ནུབ་མ་རུ་རྒྱལ་ཁབ7ཡོད། དབྱིན་ཇི། ཨེ་ཨར་ལན། ཧོ་ལན། པེར་ཀྲེམ། ལུའུ་སེན་པའོ། ཧྥ་རན་སི། མོ་ན་ཁོ་བཅས་ཡིན།

ཡོ་རོབ་ལྷོ་མ་རུ་རྒྱལ་ཁབ17ཡོད། ལུའོ་མ་ཉི་ཡ་དང་། པུར་ཀ་རི་ཡ། སེར་ཝེ་ཡ། ཧེ་ཧྲན། པེ་མ་ཆི་ཏུན། ཨར་པ་ཉི་ཡ། ཀེ་རི་སེ། སི་ལོ་ཝེ་ཉི་ཡ། ཁེ་ལུའོ་ཏི་ཡ། པོ་སི་ཉི་ཡ། པོ་སི་ཉི་ཡ། ཧེ་སའེ་ཀེ་ཝེ་ན། དབྱི་ཐ་ལི། ཧྥན་ཏི་ཀང་། ཧྲེང་མ་ལི་ནུའོ། མ་ཨར་ཐི། སི་ཕེན། ཕོར་ཐིའུ་ཡ། ཨན་ཏོ་ཨར་བཅས་ཡིན།

ཨ་ཧྥེ་རི་ཁ་གླིང་དུ་རྒྱལ་ཁབ54ཡོད།

ཨ་ཧྥེ་རི་ཁ་བྱང་མ་རུ་རྒྱལ་ཁབ5ཡོད། ཨེ་ཅིབ་དང་། ལི་པི་ཡ། ཐུ་ཉི་སི། ཨར་ཅི་རི་ཡ། མོ་རོ་ཁོ་བཅས་ཡིན།

ཨ་ཧྥེ་རི་ཁ་ཤར་མ་རུ་རྒྱལ་ཁབ12ཡོད། ཨེ་ཙེ་ཨོ་ཕི་ཡ་དང་། ཨེ་རི་ཐེ་ལི་ཡ། སོ་མ་ལི། ཅི་པུའུ་ཐི། ཁེན་ནི་ཡ། ཐན་ཙན་ནི་ཡ། ཝུ་ཀན་ཏ། རུ་ཝང་ཏ། པུ་རུན་ཏི། སེ་ཧྲེར། སུའུ་ཏན། ལྷོ་སུའུ་ཏན་བཅས་ཡིན།  

ཨ་རི་ཁ་དབུས་མ་རུ་རྒྱལ་ཁབ8ཡོད།  ཅ་ཕེང་། ཨ་རི་ཁ་དབུས་མ། ཁུ་མེ་ལོན། ཅི་ཉེ་ཡ། ལ་ཁབ། ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ།  ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། ཧྲེང་ཏུའོ་མེ་དང་ཕུའུ་ལིན་ཞི་པི་བཅས་ཡིན།

ཨ་ཧྥེ་རི་ཁ་ནུབ་མ་རུ་རྒྱལ་ཁབ16ཡོད། འོ་ལི་ཐ་ཉི་ཡ་དང་། སེ་ནེ་ཅ་ཨར། ཀང་པི་ཡ། མ་ལི། པུ་ཅི་ན་ཧྥ་སོ། ཀི་ནེ་ཡ། ཀི་ནེ་ཡ་པི་ཧྲོ། ཧྥོ་ཏེ་ཅོ། སི་ར་ལ་ཨོང་། ལི་པེ་རི་ཡ། ཁོ་ཐེ་ཏི་ཝ། ཀ་ན། ཏོ་ཀོ། པེ་ཉིན། ཉི་རི་ཨར། ཉི་རི་ལི་ཡ་བཅས་ཡིན

ལྷོ་ཨ་ཧྥེ་རི་ཁལྷོ་མ་རུ་རྒྱལ་ཁབ13ཡོད། ཙན་པི་ཡ་དང་། ཨན་ཀོ་ལ། ཙམ་པ་པུ་ཝེ། མ་ལ་ཝེ། མོ་ཙམ་པི་ཁེ། པོ་ཚི་ཝ་ན། ན་སྨི་པི་ཡ། ལྷོ་ཨ་ཧྥེ་རི་ཁ། སི་ཝེ་ཧྲི་ལན། ལའེ་སུའོ་ཐའོ། མ་ཏ་ཀ་སི་ཅ། ཁོ་མོ་ལོ། མོ་རི་ཐིའུ་སི་བཅས་ཡིན།

རྒྱ་མཚོ་ཆེན་པོའི་གླིང་དུ་རྒྱལ་ཁབ14ཡོད།

ཨོ་སི་ཁྲུ་ལི་ཡ་དང་། ནེའུ་ཙི་ལན། ཕ་ཕུ་ཡ་ཀུའེ་ནེ་ཡ། སུའོ་ལུའོ་མོན་གླིང་ཚོམ། ཝ་ནུ་ཨ་ཐུའུ། སྨི་ཁེ་ལུའོ་ཉི་ཞི་ཡ་མཉམ་འབྲེལ། མ་ཧྲོར་གླིང་ཚོམ། ཕ་ལའོ། ནོ་ལུའུ། ཅི་ལི་པ་སི། ཐུའུ་ཝ་ལུའུ། ས་མོ་ཡ། ཧྥི་ཅི། ཐང་ཅ་བཅས་ཡིན།

མེ་གླིང་བྱང་མ་རུ་རྒྱལ་ཁབ23ཡོད།

ཨ་མེ་རི་ཁ་བྱང་མ་རུ་རྒྱལ་ཁབ2ཡོད། ཁ་ན་ཏ། ཨ་མེ་རི་ཁ།

མེ་གླིང་དབུས་མ་རུ་རྒྱལ་ཁབ8ཡོད། མོ་ཞི་ཁོ་དང་། ཝེ་ཏི་མ་ལ། པོ་ལི་ཚི། སར་ཝ་ཏོ། ཧུང་ཏུའུ་ལ་སི། ཉི་ལ་ཀྭ། ཀོ་སི་ཏ་ལི་ཅ། པ་ན་མ་བཅས་ཡིན།

ཅ་ལེ་པི་ས་ཁུལ་དུ་རྒྱལ་ཁབ13ཡོད། པ་ཧ་མ་དང་། ཁུ་པ། ཡ་མའེ་ཅ། ཧའེ་ཏི། ཏུའོ་སྨི་ནི་ཁའི་སྤྱི་མཐུན་རྒྱལ་ཁབ། ཨན་ཐི་ཀྭ་དང་པ་པུའུ་ཏ། ཧྲེང་ཅི་ཚི་དང་ཉི་ཝེ་སི། ཏུའོ་སྨི་ཉི་ཁེ། ཧྲེང་ལུའུ་ཞི་ཡ། ཧྲེང་ཝུན་སེན་ཐེ། ཀེ་ལིན་ན་ཏ། ཀེ་ལིན་ན་ཏ། པ་པ་ཏོ་སི། ཐེ་ལི་ཉི་ཏ། ཏུའོ་པ་ཀོ་བཅས་ཡིན།

མེ་གླིང་ལྷོ་མ་རུ་རྒྱལ་ཁབ12ཡོད།

བྱང་རྒྱུད་དུ་རྒྱལ་ཁབ4ཡོད། ཁོ་ལོམ་པི་ཡ། ཝེ་ནེ་ཙུའེ་ལ། ཀུའེ་ཡ་ན། སུའུ་ལི་ནན་བཅས་ཡིན།

དབུས་ནུབ་རྒྱུད་དུ་རྒྱལ་ཁབ3ཡོད། ཨེ་ཁྭ་ཏོར། ཕེ་རུ། པོ་ལི་ཝེ་ཡ་བཅས་ཡིན།

ཤར་ཕྱོགས་སུ་རྒྱལ་ཁབ1ཡོད། པ་ཞི།

ལྷོ་རྒྱུད་དུ་རྒྱལ་ཁབ4ཡོད། ཆི་ལི། ཨ་ཀེན་ཐིན། ཝུ་ར་ཀུའེ། པ་ལ་ཀུའེ་བཅས་ཡིན།

3 བདག་དབང་རྗེས་མཐུན་གྱི་རྒྱལ་ཁབ།

བདག་དབང་རྗེས་མཐུན་གྱི་རྒྱལ་ཁབ་ཀྱི་ཁོངས་སུ་ཁུའུ་ཁེ་གླིང་ཚོམ་དང་། ཉིའུ་ཨེ། མཱ་ཨར་ཐ་རྟ་དམག་ཚོགས་པ་བཅས་ཚུད་ཡོད་ཅིང་། ཚད་མཐོའི་རང་སྐྱོང་གི་དབང་ཆ་ཡོད་པ་ལས་བདག་དབང་མེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བདག་དབང་། རྒྱལ་ཁབ། ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-18

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།