རྒྱལ་ཁབ་ཀྱི་དབང་ཆ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཀྱི་དབང་ཆ་ཞེས་པ་ནི་དབང་སྒྱུར་གྲལ་རིམ་གྱིས་རྒྱལ་ཁབ་ལ་བརྟེན་ནས་རང་གི་འདོད་བློ་མངོན་འགྱུར་དང་དབང་སྒྱུར་སྲ་བརྟན་དུ་གཏོང་པའི་ཁ་ལོ་སྒྱུར་བའི་སྟོབས་ཤུགས་ལ་ཟེར། རྒྱལ་ཁབ་ཀྱི་དབང་ཆ་ནི་དམིགས་བསལ་གྱི་ཆབ་སྲིད་དབང་ཆ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྲིད་དབང་བརྒྱུད་ནས་བྱུང་པའི་ཆབ་སྲིད་དབང་ཆའི་འབྲེལ་བ་ཞིག་ཡིན། དེའི་དབང་ཆ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོ་ནས་བྱུང་བ་ཡིན་པས། སྲིད་དབང་ངམ་སྲིད་གཞུང་གི་དབང་ཆ་ཡང་ཟེར་ཆོག དེས་མཚོན་པའི་ཆེས་མཐོའི་དབང་སྒྱུར་གྱི་རྣམ་པ་ནི་རྒྱལ་ཁབ་ཀྱི་བདག་དབང་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་དབང་ཆའི“ཆེས་མཐོའིདབང་ཆ”ཡིན་ལ། རྒྱལ་ཁབ་ཀྱི་དབང་ཆའི་འབྱུང་ཁུངས་ཀྱང་ཡིན། སྲིད་གཞུང་གི་དབང་ཆ་ནི་རྒྱལ་ཁབ་ཀྱི་བདག་དབང་བཅའ་ཁྲིམས་ཀྱི་ཁྲིམས་མཐུན་དབང་ཆ་ལས་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家权力
ངོ་བོ།
དབང་ཆ།
ཁོངས་གཏོགས།
རྒྱལ་ཁབ།
རིགས་དབྱེ།
རྒྱལ་ཁབ་ཀྱི་ལས་དོན།
1 རྩ་ཁྲིམས་ཀྱི་གཏན་འབེབས།
1_1 ཁྲིམས་བཀོད་ཀྱི་ཁེ་དབང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་ལེའུ་གསུམ་པའི་ས་བཅད་དང་པོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཡིན། དེའི་རྒྱུན་གནས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན་ཞེས་གཏན་འབེབས་བྱས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་སྤྱོད་དགོས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། དམིགས་བསལ་སྲིད་འཛིན་ས་ཁུལ། དམག་དཔུང་བཅས་ཀྱིས་བདམས་པའི་འཐུས་མི་ལས་གྲུབ་པ་ཡིན་ལ། གྲངས་ཉུང་མི་རིགས་སོ་སོར་འཐུས་མིའི་མིང་ཐོ་འོས་འཚམ་རེ་སྟེར་དགོས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་པའི་གཙོ་འགན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཁུར་དགོས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཁ་གྲངས་དང་འཐུས་མི་འདེམས་ཐབས་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱེད་དགོས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་ལོ་ལྔ་རེ་ཡིན།

1_2 འགན་དབང་སྤྱོད་པ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་གྱི་འགན་དབང་སྤྱོད་དགོས།

(གཅིག) རྩ་ཁྲིམས་བཟོ་བཅོས་བྱེད་དགོས།

(གཉིས) རྩ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་དགོས།

(གསུམ) ཉེས་དོན་དང་། དམངས་དོན། རྒྱལ་ཁབ་གཞུང་གི་ལས་ཁུངས། གཞི་རྩའི་བཅའ་ཁྲིམས་གཞན་དག་གཏན་འབེབས་དང་བཟོ་བཅོས་བྱེད་དགོས།

(བཞི) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་འདེམས་བསྐོ་བྱེད་དགོས།

(ལྔ) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་མིང་བཏོན་པར་བརྟེན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡི་འོས་མི་གཏན་འབེབས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་མིང་བཏོན་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱི་འོས་མི་གཏན་ལ་འབེབས་དགོས།

(དྲུག) ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམས་བསྐོ་བྱེད་དགོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་མིང་བཏོན་པར་གཞིགས་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གི་འོས་མི་གཏན་ལ་འབེབས་དགོས།

(བདུན) ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམས་བསྐོ་བྱེད་དགོས།

(བརྒྱད) ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡོན་ཀྲང་འདེམས་བསྐོ་བྱེད་དགོས།

(དགུ) རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་། འཆར་གཞི་ལག་ལེན་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་དང་ཆོག་མཆན་འགོད་དགོས།

(བཅུ) རྒྱལ་ཁབ་ཀྱི་སྔོན་རྩིས་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་འགོད་དགོས།

(བཅུ་གཅིག) རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐག་བཅད་འོས་འཚམ་མིན་པ་རྣམས་བསྒྱུར་བཅོས་སམ་ཕྱིར་འཐེན་བྱེད་དགོས།

(བཅུ་གཉིས) ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་འཛུགས་པ་ལ་ཆོག་མཆན་འགོད་དགོས།

(བཅུ་གསུམ) དམིགས་བསལ་སྲིད་འཛིན་ས་ཁུལ་འཛུགས་རྒྱུ་དང་དེའི་ལམ་ལུགས་གཏན་འཁེལ་བྱེད་དགོས།

(བཅུ་བཞི) དམག་འཁྲུག་དང་ཞི་བདེའི་གནད་དོན་ཐག་གཅོད་བྱེད་དགོས།

(བཅོ་ལྔ) རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱིས་སྤྱོད་འོས་པའི་འགན་དབང་གཞན་དག་སྤྱོད་དགོས།

2 མཚན་ཉིད།
2_1 དབང་ཆ།

རྒྱལ་ཁབ་ཀྱི་དབང་ཆར་ནང་ཁུལ་དུ་བཙན་ཤེད་རང་བཞིན་ལྡན་པ་དང་། ཕྱི་ཕྱོགས་སུ་བདག་དབང་རང་བཞིན་ལྡན་ལ། ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱས་མི་ཆོག རྒྱུན་པར་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཁྱབ་བསྒྲགས་བྱས་ནས་སྲིད་དབང་ལས་ཁུངས་ཀྱིས་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས།

རྒྱལ་ཁབ་ཀྱི་དབང་ཆ་ནི་དམིགས་བསལ་གྱི་ཆབ་སྲིད་དབང་ཆ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྲིད་དབང་བརྒྱུད་ནས་བྱུང་པའི་ཆབ་སྲིད་དབང་ཆའི་འབྲེལ་བ་ཞིག་ཡིན། དེའི་དབང་ཆ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོ་ནས་བྱུང་བ་ཡིན་པས། སྲིད་དབང་ངམ་སྲིད་གཞུང་གི་དབང་ཆ་ཡང་ཟེར་ཆོག དེས་མཚོན་པའི་ཆེས་མཐོའི་དབང་སྒྱུར་གྱི་རྣམ་པ་ནི་རྒྱལ་ཁབ་ཀྱི་བདག་དབང་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་དབང་ཆའི“ཆེས་མཐོའི་དབང་ཆ”ཡིན་ལ། རྒྱལ་ཁབ་ཀྱི་དབང་ཆའི་འབྱུང་ཁུངས་ཀྱང་ཡིན། སྲིད་གཞུང་གི་དབང་ཆ་ནི་རྒྱལ་ཁབ་ཀྱི་བདག་དབང་བཅའ་ཁྲིམས་ཀྱི་ཁྲིམས་མཐུན་དབང་ཆ་ལས་བྱུང་བ་ཡིན།

དེང་རབས་སྲིད་གཞུང་གི་དབང་ཆ་ནི་འགན་ནུས་མི་འདྲ་བར་གཞིགས་ནས་སྤྱིར་བཏང་དུ་ཁྲིམས་འཛུགས་དབང་ཆ་དང་། སྲིད་འཛིན་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་སུ་དབྱེ་ཡོད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཡིན་པ་དང་། རིམ་པ་སོ་སོའི་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ནི་ས་གནས་ཀྱི་རིམ་པ་ཁག་གི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཡིན་ཞིང་། འདི་ནི་རང་རྒྱལ་གྱི་རྩ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་ཡོད།

2_2 ནུས་པ།

དེ་ནི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཡོད་ཚད་ཁྲོད་དབང་གྲགས་རང་བཞིན་དང་བཙན་ཤེད་རང་བཞིན་ཆེ་ཤོས་ལྡན་པའི་ཁེ་དབང་ཞིག་ཡིན་ཞིང་། རྒྱུན་དུ་དེ་ཉིད་བཙན་ཤུགས་ཤིག་དང་དྲག་ཤུགས་ཤིག་ཏུ་བརྩིས་ཡོད། དེ་ནི་དབང་སྒྱུར་གྲལ་རིམ་གྱིས་རྒྱལ་ཁབ་ལ་བརྟེན་ནས་རང་གི་འདོད་བློ་མངོན་འགྱུར་དང་། སྲིད་དབང་སྲ་བརྟན། སྤྱི་པའི་ལས་དོན་དོ་དམ་བཅས་བྱེད་པའི་བཀོད་འདོམས་སྟོབས་ཤུགས་ལ་ཟེར།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དབང་ཆ། ངོ་བོ། སྲིད་དབང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-18

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།