རྒྱལ་ཁབ་གསང་སྲུང་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་གསང་སྲུང་ཅུས།
རྒྱལ་ཁབ་གསང་སྲུང་ཅུས་ནི་སྲིད་གཞུང་ནང་ཁུལ་གྱི་ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས་ཐད་ལ་དོ་དམ་བྱེད་པའི་ལས་ཁུངས་ཤིག་ཡིན་ཞིང་། སྲིད་གཞུང་གི་གསང་སྲུང་ལས་དོན་ལ་འགན་ཁུར་ནས་གསང་བ་ཕྱིར་ཤོར་བ་ཞིབ་བཤེར་ཐག་གཅོད་དང་། གསང་བ་ཕྱིར་ཤོར་པ་དང་འབྲེལ་བ་ཡོད་པའི་གྱོད་གཞི། གསང་སྲུང་ཡིག་ཆ། ནང་ཁུལ་གྱི་གློག་ཀླད་གསང་སྲུང་། ཡིག་ཚགས་མེད་པ་བཟོ་བ་སོགས་ཀྱི་དོ་དམ་ལ་འགན་འཁུར་རྒྱུ་དེ་ཡིན། རྒྱལ་ཁབ་གསང་སྲུང་ཅུས་དང་ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གཉིས་ནི་ལས་ཁུངས་གཅིག་ལ་སྒོ་བྱང་གཉིས་བཀལ་བ་ཡིན་ལ། ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་གཏོགས་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家保密局
ཁོངས་གཏོགས།
ཀྲུང་གུང་ཀྲུང་དབྱང་།
སྲིད་འཛིན་དབང་ཆ་དང་འགན་ནུས།
སྲིད་གཞུང་གི་གསང་སྲུང་བྱ་བར་འགན་འཁུར་རྒྱུ་དང་གསང་བ་ཕྱིར་ཤོར་བ་ཞིབ་བཤེར་ཐག་གཅོད་བྱེད་པ།
ད་ལྟའི་འགོ་ཁྲིད།
ཐེན་ཅིང་།
1 ​སྒྲིག་གཞིའི་འགན་འཁྲི།

རྒྱལ་ཁབ་གསང་སྲུང་ཅུས་ནི་སྲིད་གཞུང་གི་ལས་ཁུངས་ཁག་གིས《གསང་སྲུང་བཅའ་ཁྲིམས》ལག་བསྟར་བྱས་ཡོད་མེད་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་མཁན་གྱི་སྲིད་འཛིན་གཙོ་གཉེར་གྱི་སྡེ་ཁག་ཅིག་ཡིན། དེས་སྲིད་གཞུང་ལས་ཁུངས་ཀྱི་ཡིག་ཆ་སྣ་ཚོགས་དང་། སྙན་ཞུ། བསྡོམས་རྩིས་གཞི་གྲངས་སོགས་རྒྱུ་ཆའི་གསང་བའི་རིམ་པ་གཏན་ཁེལ་བྱས་ཆོག དེ་དང་ཆབས་ཅིག་ཏུ་གསང་བའི་ཡིག་ཆ་དང་འབྲེལ་ཡོད་ཀྱི་སྡེ་ཁག་ཚང་མར་ལྟ་བཤེར་དང་མཛུབ་ཁྲིད་ཀྱི་དབང་ཆ་སྤྱད་ཆོག་ལ། ཁྲིམས་ལྟར་སྡེ་ཁག་དེ་དག་ལ《གསང་སྲུང་བཅའ་ཁྲིམས》ཀྱི་གཏན་འབེབས་དང་ཆ་རྐྱེན་ལྟར་ལག་བསྟར་ལ་འདེབས་པའི་བླང་བྱ་བཏོན་ཆོག

རྒྱལ་ཁབ་གསང་སྲུང་ཅུས་ནི་གསང་སྲུང་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཡིན་ལ། ཁྲིམས་ལྟར་གསང་སྲུང་ལས་དོན་གཙོ་སྐྱོང་བྱེད་པའི་འགན་ནུས་ལས་ཁུངས་ཤིག་ཀྱང་ཡིན།

(གཅིག) གསང་སྲུང་དོ་དམ་གྱི་འགན་ནུས་ཁྲིམས་ལྟར་བསྒྲུབས་ཏེ《གསང་སྲུང་བཅའ་ཁྲིམས》དང་དེའི་གསང་སྲུང་ཁྲིམས་སྲོལ་དང་སྒྲིག་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།

(གཉིས)  ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་གྲོང་ཁྱེར་ཏང་ཨུ། ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་གསང་སྲུང་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་། སྲིད་ཇུས། མཛུབ་སྟོན། བཀའ་རྒྱ། ཐག་གཅོད་བཅས་ལག་ལེན་མཐར་ཕྱིན་བྱེད་པའི་ཞིབ་ཕྲའི་བྱེད་ཕྱོགས་གཏན་འབེབས་བྱེད་དགོས།

(གསུམ)  རྒྱལ་ཁབ་ཀྱི་གསང་སྲུང་ལས་ཀའི་འཆར་གཞི་གཏན་འབེབས་དང་ལག་བསྟར་རྩ་འཛུགས་བྱས་ནས། གསང་སྲུང་ལས་དོན་ལེགས་བཅོས་དང་དེར་ཤུགས་སྣོན་རྒྱག་རྒྱུའི་ཐད་ཁྱོན་ཡོངས་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་གྲོས་འཆར་འདོན་དགོས།

(བཞི) གསང་སྲུང་ཁྲིམས་སྲོལ་འཆར་འགོད་གཏན་འབེབས་བྱེད་པར་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གསང་སྲུང་སྒྲིག་སྲོལ་ལམ་ལུགས་འཛུགས་དགོས་པ་དང་། གསང་སྲུང་ཁྲིམས་སྲོལ་གསལ་འགྲེལ་བྱེད་པའི་འགན་འཁུར་དགོས།

(ལྔ) ཏང་དང་། སྲིད་གཞུང་། དམག་མི། དམངས་ཚོགས། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་གསང་སྲུང་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་དགོས།

(དྲུག) ལས་ཁུངས་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་གསང་བའི་དོན་གནད་ལ་ཁྲིམས་བཞིན་གསང་རིམ་གཏན་འཁེལ་དང་། གསང་རིམ་སྒྱུར་བཅོས། གསང་འགྲོལ་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བ་ཡོད་པའི་གསང་རིམ་གསལ་འབྱེད་ཀྱི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

(བདུན) གསང་སྲུང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་དགོས། གསང་སྲུང་དྲིལ་བསྒྲགས་ཡིག་རིགས་སྒྲིག་འཛུགས་དང་། རྩོམ་སྒྲིག ཞིབ་བཤེར་གཏན་འབེབས་བཅས་བྱེད་དགོས། གསང་སྲུང་ལས་ཀའི་བརྟག་དཔྱད་ཞིབ་འཇུག་དང་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཞིབ་འཇུག་ལ་མཛུབ་ཁྲིད་བྱེད་པའི་འགན་འཁུར་དགོས།

(བརྒྱད) འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་འགོ་ཁྲིད་ལས་བྱེད་པ་དང་གསང་བ་དང་འབྲེལ་བ་ཡོད་པའི་མི་སྣར་སློབ་གསོ་དང་དོ་དམ་བྱེད་པར་ཁྲིད་སྟོན་དང་རྩ་འཛུགས་བྱེད་དགོས། གསང་སྲུང་ལས་བྱེད་པ་དང་མི་སྣ་གསོ་སྐྱོང་སྦྱོང་བརྡར་གྱི་འཆར་གཞི་བཟོས་ནས་སློབ་དེབ་རྩོམ་སྒྲིག་དང་གསོ་སྦྱོང་ལས་དོན་ལག་བསྟར་བྱེད་དགོས།

(དགུ) གསང་སྲུང་ཞིབ་བཤེར་བྱ་རྒྱུ་རྩ་འཛུགས་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་གསང་བ་ཕྱིར་ཤོར་པའི་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ལྟ་སྐུལ་བྱེད་དགོས། གལ་ཆེ་བའི་གསང་བ་དང་། སྡེ་ཁག་བརྒལ་པའི་གསང་བ་ཕྱིར་ཤོར་པའི་དོན་རྐྱེན་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་རྩ་འཛུགས་བྱེད་པའམ་ཡང་ན་གསབ་ཞུགས་བྱེད་དགོས།  

(བཅུ) གསང་སྲུང་ལག་རྩལ་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོ་བ་དང་རྩ་འཛུགས་ལག་བསྟར་དུ་འདེབས་དགོས། གསང་སྲུང་ལག་རྩལ་གྱི་གྲོན་དངུལ་སྙན་ཞུ་དང་དོ་དམ་བྱ་དགོས། གསང་སྲུང་ལག་རྩལ་ཞིབ་འཇུག་གསར་བཟོ་དང་། གསར་སྤེལ། ཁྱབ་གདལ་བེད་སྤྱོད་བཅས་ཀྱི་བྱ་བ་རྩ་འཛུགས་བྱེད་དགོས། ཏང་སྲིད་གསང་སྲུང་ཁ་པར་གྱི་ཆེད་སྤྱོད་དྲ་བའི་གསང་སྲུང་དོ་དམ་ལས་ཀར་ཁྲིད་སྟོན་བྱེད་དགོས།

(བཅུ་གཅིག) རྩིས་འཁོར་གྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་གྱི་གསང་སྲུང་གི་བྱ་བ་སྒྲུབ་པའི་འགན་འཁུར་དགོས། རྩིས་འཁོར་གྱི་ཆ་འཕྲིན་མ་ལག་ལ་ཞིབ་བཤེར་ཆོག་མཆན་དང་ལོ་རེར་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། འཕྲིན་གཏོང་དང་གཞུང་ལས་རང་འགུལ་ཅན་གྱི་གསང་སྲུང་ལག་རྩལ་ཞིབ་བཤེར་རྩ་འཛུགས་བྱེད་དགོས།

(བཅུ་གཉིས) ཕྱི་ཕྱོགས་དང་དཔལ་འབྱོར་མཉམ་ལས་བྱེད་སྐབས་ཕྱི་རྒྱལ་ལ་དཔྱད་ཡིག་མཁོ་འདོན་བྱེད་པའི་གསང་སྲུང་གི་བྱ་བ་དང་རྒྱལ་ཁབ་གསང་སྲུང་ཅུས་ཀྱི་བྱ་བ་རྩ་འཛུགས་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱེད་དགོས། ཕྱི་རྒྱལ་དུ་བཅའ་སྡོད་བྱེད་མཁན་གྱི་སྡེ་ཁག་དང་ལས་ཁུངས་ཀྱི་གསང་སྲུང་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པའི་འགན་འཁུར་དགོས། སྲིད་གཞུང་གིས་དབང་བསྐུར་བ་ལྟར་སྲིད་གཞུང་གི་ཚབ་བྱས་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གསང་སྲུང་ལས་དོན་ཐག་གཅོད་བྱེད་དགོས།

(བཅུ་གསུམ) གསང་བ་རིམ་པའི་རྒྱལ་ཁབ་ཀྱི་གསང་བ་ཁྱེར་ནས་ཕྱི་རྒྱལ་དུ་འགྲོ་བའི་ཞིབ་མཆན་འགོད་པ་དང་། 《རྒྱལ་ཁབ་ཀྱི་གསང་བ་ཁྱེར་ནས་རྒྱལ་ཁོངས་ཕྱིར་བསྐྱོད་པའི་ཆོག་འཐུས་དཔང་ཡིག》སྤྲོད་པའི་བྱ་བ་སྒྲུབ་པའི་འགན་འཁུར་དགོས།

(བཅུ་བཞི) གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཀྱི་གསང་བའི་རྒྱུ་ཆའི་གསང་སྲུང་དོ་དམ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་དགོས། རྒྱལ་ཁབ་ཀྱི་གསང་བའི་རྒྱུ་ཆ་དམིགས་བཙུགས་འདྲ་བཟོའི་ལས་ཁུངས་ཀྱི་ཞིབ་མཆན་འགོད་པའི་འགན་འཁུར་བ་དང་། 《རྒྱལ་ཁབ་ཀྱི་གསང་བའི་རྒྱུ་ཆ་འདྲ་བཟོ་ཆོག་འཐུས་དཔང་ཡིག》སྤྲོད་པའི་འགན་འཁུར་དགོས།

(བཅོ་ལྔ) སློབ་གསོའི་སྡེ་ཁག་དང་མཉམ་དུ་སློབ་གསོའི་རྒྱུགས་ལེན་གྱི་གསང་སྲུང་གི་བྱ་སྒྲུབ་པའི་འགན་འཁུར་དགོས།

(བཅུ་དྲུག) སྡེ་ཚན་ཁག་གི་སྲུང་སྐྱོབ་ལས་ཀའི་གསང་བ་དང་ཚོང་ལས་གསང་བར་མཛུབ་ཁྲིད་བྱེད་པའི་འགན་འཁུར་དགོས།

(བཅུ་བདུན) གོང་རིམ་གྱིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

2 ད་ལྟའི་འགོ་ཁྲིད།

ཅུས་ཀྲང་། ཐེན་ཅིང་།

ཅུས་ཀྲང་གཞོན་པ། ཝང་ཡན་པིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།