དགེ་རྒན་རྒྱུགས་གཉེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགེ་རྒན་བསྡུ་བའི་རྒྱུགས་ལེན་ནི་སྤྱིར་བཏང་དུ་དགེ་རྒན་བསྡུ་བའི་རྒྱུགས་ལེན་ཟེར་བ་དང་། སློབ་གསོའི་ལས་ཁུངས་ལ་འབོད་སྟངས་སྟབས་བདེ་བའི་རྐྱེན་གྱིས(བསྡུ་ལེན)ནམ་ཡང་ན་སློབ་བསྡུ་རྒྱུགས་ལེན་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
招教
ངོ་བོ།
སློབ་གསོ།
1 བསྡུ་ལེན་ཁྱབ་ཁོངས།   

ཟུར་ལྟའི་བྱ་ཡུལ། 

དགེ་འོས་ཆེད་ལས་ཀྱིས་དགེ་རྒན་བསྡུ་བའི་སྒྲིག་གཞིར་རྒྱུགས་སྤྲོད་བྱས་ཆོག་ཅིང་དགེ་འོས་སློབ་གྲྭ་མིན་པའི་སློབ་མར་དགེ་རྒན་གྱི་འོས་བབ་ཐོབ་དགོས་ན། ངེས་པར་དུ་ཡིག་རྒྱུགས་དང་སློབ་གསོ་ཁ་སྣོན་རྒྱག་དགོས་པ་དང་། བསྐྱར་སྦྱོང་བྱས་ཏེ་སློབ་གསོའི་སྡེ་ཚན་གྱིས་གཉེར་བའི་ཡིག་རྒྱུགས་ནང་ཞུགས་པའམ་ཡང་ན་རང་སྦྱོང་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་སློབ་ཚན་ལ་རྒྱུགས་སྤྲོད་རྒྱུའི་གྲ་སྒྲིག་བྱེད་དགོས་ཤིང་། དེ་ལྟར་མིང་ཐོ་འགོད་པའི་དུས་ཚོད་ཞིབ་ཕྲ་ནི་ས་གནས་དེ་གའི་སློབ་གསོའི་སྡེ་ཁག་ལ་བློ་འདྲི་བྱས་ཆོག     

རྒྱུགས་གཞིའི་ནང་དོན།     

ས་གནས་ཁག་གིས་གདན་ཞུའི་སྒྲིག་ཡིག་མདོར་བསྡུས་ནང་གཏན་འབེབས་བྱས་པ་ལྟར་སྤྱིར་བཏང་དུ་སློབ་གསོ་རིག་པ་དང་། ཡོན་ཏན། སློབ་ཚན་གསར་བ། སློབ་གསོའི་ཁྲིམས་སྲོལ་སོགས་ཀྱི་ནང་དོན་རྒྱུགས་ལེན་དགོས་པ་དང་། གཞན་ད་དུང་རྒྱུགས་བླངས་པའི་སློབ་ཚན་གྱི་རྩལ་ནུས་བླང་བྱར་བལྟས་ནས་གཏན་འཁེལ་བྱེད་དགོས།      

མིང་འགོད་གོ་རིམ།      

ས་གནས་ཁག་གི་སློབ་གསོའི་སྡེ་ཁག་དང་མི་དོན་སྡེ་ཁག་གི་རྒྱུགས་ལེན་དགོས་པའི་བླང་བྱར་གཞིགས་དགོས། དཔེར་ན། ཁྱིམ་ཐོའི་བླང་བྱ་དང་། སློབ་གཉེར་བརྒྱུད་རིམ་གྱི་བླང་བྱ། ཡིག་རྒྱུགས་ཀྱི་བླང་བྱ་སོགས་ལྟ་བུ། མཛེས་རྩལ་རྒྱུགས་ལེན་པ། དྲ་ཐོག་གམ་ཡང་ན་ས་གནས་ཁག་ཏུ་མིང་ཐོ་འགོད་པ་དང་དཔྱད་གཞི་ཞིབ་བཤེར་བྱས་རྗེས། 1:4ཡི་བསྡུར་ཚད་རྒྱུགས་ལེན་ལྟར་ལེན་དགོས་མོད། འོན་ཀྱང་རིག་ཚན་རེར་རྒྱུགས་སྤྲོད་པའི་མི་གྲངས་ཀྱི་བཞི་ཆ་གཅིག་ལས་མེད་ཚེ། དཔེར་ན། གལ་ཏེ་མཛེས་རྩལ་དགེ་རྒན4བསྡུས་ན། ངེས་པར་དུ་མི16ལ་རྒྱུགས་ལེན་དགོས་ལ། སྔོན་གྱི་སློབ་མ4ལས་མེད་མོད། འོན་ཀྱང་རྒྱུན་པར་མི50ནས60ལྷག་གིས་རྒྱུགས་ལེན་བཞིན་ཡོད། ཁ་རྒྱུགས་ནི་སྤྱིར་བཏང་དུ་སློབ་ཁྲིད་ལྟེ་གནས་སམ་སློབ་གྲྭ་ག་གེ་མོ་ཞིག་ཏུ་སྐབས་བསྟུན་གྱིས་ལེན་ཞིང་། ཁྱོད་ཀྱི་སྟབས་བསྟུན་བྱེད་ནུས་ལ་བརྟེན་ནས་སློབ་མ་ཕྱེད་ཀ་བསྡུས་ངེས་ཡིན། སློབ་གྲྭས་ཚོད་ལྟ་བྱས་ནས་རིག་རྩལ་འགྲེམས་སྟོན་བྱས་པ་རེད། འགག་སྒོ་འདི་རྒྱུན་པར2ལས1འདེམས་པ་དང་མཐར་མཇུག་གཟུགས་པོར་བརྟག་དཔྱད་བྱས་ཏེ་ཚད་ལོན་རྗེས་ད་གཟོད་རྒྱུགས་འཕྲོད་སོང་བ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བསྡུ་ལེན། རྒྱུགས་གཉེར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-17

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།