སྲིད་འཛིན་དོ་དམ་གྱི་འགན་ནུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲིད་འཛིན་དོ་དམ་གྱི་འགན་ནུས།
སྲིད་འཛིན་དོ་དམ་གྱི་འགན་ནུས་ལ་སྲིད་འཛིན་བྱེད་ནུས་དང་། སྤྱི་པའི་སྲིད་འཛིན་འགན་ནུས་སམ་སྲིད་གཞུང་གི་འགན་ནུས་ཀྱང་ཟེར། དེ་ནི་སྒྲ་དོག་འཇུག་གི་སྲིད་གཞུང་སྟེ་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོར་དོ་དམ་བྱེད་པར་ལྡན་པའི་འགན་འཁྲི་དང་ནུས་པ་ལ་ཟེར། སྲིད་འཛིན་འགན་ནུས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་རིན་ཐང་ལྟ་བ་དང་འབྲེལ་ཡོད་པུའུ་སོ་སོའི་ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་བྱེད་རྒྱུ་དེ་ཡིན། གཙོ་བོ་སྲིད་གཞུང་གིས་གང་ཞིག་དོ་དམ་བྱ་རྒྱུ་དང་། ཚད་གང་འདྲ་ཞིག་ཏུ་དོ་དམ་བྱ་རྒྱུ། ནུས་པ་གང་འདྲ་ཞིག་འདོན་སྤེལ་བྱ་རྒྱུ་བཅས་ནི་སྲིད་འཛིན་འགན་འཁྲི་དང་སྲིད་འཛིན་བྱེད་ནུས་ཀྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན། སྒྲ་ཡངས་འཇུག་གི་སྲིད་གཞུང་ཁྲོད་དུ་དམག་དོན་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་སོགས་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
行政管理职能
དངོས་པོའི་རྒྱུ་རྐྱེན།
མི་སྣ། གྲོན་དངུལ། དངོས་པོའི་ཆ་རྐྱེན།
བསམ་པའི་རྒྱུ་རྐྱེན་གཙོ་བོ།
རྩ་འཛུགས་ཀྱི་དམིགས་འབེན། དབང་ཆ་དང་འགན་ནུས་ཀྱི་གྲུབ་ཚུལ། མི་སྣའི་འབྲེལ་བ།
ཁྱད་ཆོས།
གྲལ་རིམ་རང་བཞིན། སྤྱི་ཚོགས་རང་བཞིན། ཞབས་ཞུའི་རང་བཞིན།དབང་གྲགས་རང་བཞིན། ཁྲིམས་ལུགས་རང་བཞིན། མ་ལག་རང་བཞིན།
1 ​ཞིབ་ཕྲའི་ནང་དོན།

དང་པོ། སྲིད་འཛིན་དོ་དམ་གྱི་འགན་ནུས་ལག་བསྟར་བྱེད་མཁན་ནི་སྲིད་གཞུང་གི་སྲིད་འཛིན་རྩ་འཛུགས་ཀྱི་མ་ལག་ཧྲིལ་པོ་ཡིན་ཞིང་། དེའི་ཁྲོད་དུ་སྲིད་གཞུང་གི་རིམ་པ་ཁག་དང་རིགས་སོ་སོའི་སྲིད་འཛིན་ལས་ཁུངས་དང་དེའི་ཁོངས་གཏོགས་ཀྱི་གཞུང་ཞབས་མི་སྣ་ཚུད་ཡོད། རང་རྒྱལ་དུ་ཀྲུང་དབྱང་མི་དམངས་སྲིད་གཞུང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་པུའུ་ཨུ་སོ་སོ། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་བྱེད་མི་སྣ་ཚུད་ཡོད།

གཉིས་པ། སྲིད་འཛིན་དོ་དམ་འགན་ནུས་ཀྱི་ནང་དོན་ནི་སྲིད་གཞུང་གི་སྲིད་འཛིན་མ་ལག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་བྱེད་སྒོ་ཡོངས་རྫོགས་དང་འབྲེལ་བ་ཡོད་པ་སྟེ། དཔེར་ན། ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ། ནོར་སྲིད། དངུལ་རྩ། བཟོ་ལས། ཞིང་ལས། ཚོང་ལས། རིག་གནས། སློབ་གསོ། ཚན་རྩལ་སོགས་ལྟ་བུ་ཡིན། དེ་དག་གིས་སྲིད་གཞུང་གི་སྲིད་འཛིན་དོ་དམ་གྱི་བྱ་བའི་ཁྱབ་ཁོངས་གྲུབ་ཡོད། དུས་མཚུངས་སུ་སྲིད་འཛིན་དོ་དམ་གྱི་འགན་ནུས་དེ་སྲིད་གཞུང་གིས་གོང་གསལ་གྱི་ལས་འགན་ལེགས་འགྲུབ་བྱེད་ཆེད་རང་ངོས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་བྱེད་སྒོ་དང་འབྲེལ་བ་ཡོད་པ་དང་། ང་ཚོས་སྤྱིར་བཏང་དུ་ཕྱི་མ་ལ་ལས་ཁུངས་ཀྱི་དོ་དམ་ཟེར་ཞིང་། དེ་དམིགས་སུ་བཀར་ནས་ཞིབ་འཇུག་བྱེད་ཀྱི་ཡོད།

གསུམ་པ། སྲིད་འཛིན་དོ་དམ་གྱི་འགན་ནུས་ཀྱིས་སྲིད་གཞུང་གི་སྲིད་འཛིན་དོ་དམ་གྱི་འགན་འཁྲི་དང་བྱེད་ནུས་ཀྱི་རྩོད་སྒྲུབ་གཅིག་གྱུར་ནན་བཤད་བྱས་ཡོད། སྲིད་འཛིན་དོ་དམ་གྱི་འགན་ནུས་དང་སྲིད་འཛིན་དོ་དམ་གྱི་བྱེད་ནུས་མི་འདྲ་སྟེ། ཐོག་མར་སྲིད་གཞུང་གིས་དོན་དག་གང་ཞིག་དོ་དམ་བྱེད་པ་དང་། དོ་དམ་མང་ཙམ་བྱས་ན་ལེགས་སམ་ཡང་ན་ཉུང་ཙམ་བྱས་ན་ལེགས་པ། དོ་དམ་ཚད་གང་འདྲ་ཞིག་ཏུ་སླེབས་པ་སོགས་ཀྱི་གནད་དོན་ལ་འཕྲད་རྗེས། ད་གཟོད་དོ་དམ་གྱི་བྱེད་ནུས་གླེང་ཆོག སྲིད་འཛིན་དོ་དམ་བྱེད་ནུས་ཀྱིས་རྗེས་ཕྱོགས་ཀྱི་ནང་དོན་ཁོ་ན་ནན་བཤད་བྱས་ཡོད། སྲིད་འཛིན་དོ་དམ་འགན་ནུས་དང་སྲིད་འཛིན་དོ་དམ་གྱི་འགན་འཁྲི་ཡང་མི་འདྲ་སྟེ། སྔོན་མ་དེ་རྗེས་མ་དང་བསྡུར་ན་ནུས་པ་དང་བྱེད་ནུས་སོགས་ཀྱི་ནང་དོན་མང་དུ་ཕྱིན་ཡོད།

2 སྲིད་འཛིན་རྩ་འཛུགས།

ངོ་སྤྲོད་མདོར་བསྡུས།

སྲིད་འཛིན་རྩ་འཛུགས་ནི་སྲིད་འཛིན་བྱེད་སྒོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། སྲིད་འཛིན་དོ་དམ་བྱེད་སྒོ་སྤེལ་པའི་དངོས་པོའི་འགན་ལེན་མཁན་ཡང་ཡིན། སྲིད་འཛིན་བརྒྱུད་རིམ་ཁྲོད་ཀྱི་བྱེད་སྒོ་ཡོད་ཚད་ནི་སྲིད་འཛིན་རྩ་འཛུགས་རྨང་གཞི་བྱས་ནས་སྤེལ་བ་ཡིན། སྲིད་འཛིན་འགོ་ཁྲིད་དང་། ལུགས་མཐུན་གྱི་མི་དོན་སྲིད་འཛིན། སྤྱོད་གོ་ཆོད་པའི་སྲིད་འཛིན་ཐབས་ཇུས། ནུས་ལྡན་གྱི་སྲིད་འཛིན་ལྟ་སྐུལ། ཤར་གཏོང་ཐུབ་པའི་སྲིད་འཛིན་འབྲེལ་གཏུག འཆམ་མཐུན་གྱི་སྲིད་འཛིན་མཐུན་སྦྱོར་བཅས་ཚང་མར་སྲིད་འཛིན་རྩ་འཛུགས་ཡོད། དེར་བརྟེན། སྲིད་འཛིན་རྩ་འཛུགས་ནི་ཐོག་མཐའ་བར་གསུམ་དུ་སྲིད་འཛིན་རིག་པའི་ཆེས་གཞི་རྩའི་གནད་དོན་གྱི་གྲས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་སྲིད་འཛིན་རིག་པའི་ཞིབ་འཇུག་ཁང་སོ་སོས་མཐོང་ཆེན་བྱེད་བཞིན་ཡོད།

གོ་དོན།

སྲིད་འཛིན་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་སྒྲ་དོག་འཇུག་གི་སྲིད་འཛིན་རྩ་འཛུགས་ཡིན། སྒྲ་དོག་འཇུག་གི་སྲིད་འཛིན་རྩ་འཛུགས་ཞེས་པ་ནི་བཅའ་ཁྲིམས་ཀྱི་གོ་རིམ་ངེས་ཅན་ཞིག་ལ་བརྟེན་ནས་བཙུགས་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱོད་པ། སྤྱི་ཚོགས་དོ་དམ་བྱེད་པ་བཅས་ཀྱི་སྲིད་གཞུང་གི་རྩ་འཛུགས་སྒྲིག་གཞིའི་གྲུབ་གཞི་ལ་ཟེར།

འགུལ་མེད་ཀྱི་སྲིད་འཛིན་རྩ་འཛུགས་ཀྱི་སྒྲིག་གཞི།

འགུལ་རྣམ་གྱི་སྲིད་འཛིན་རྩ་འཛུགས་ཀྱི་བརྒྱུད་རིམ།

སྐྱེ་ཁམས་ཀྱི་སྲིད་འཛིན་རྩ་འཛུགས་ཀྱི་ཁོར་ཡུག

སེམས་ཁམས་ཀྱི་སྲིད་འཛིན་རྩ་འཛུགས་ཀྱི་འདུ་ཤེས།

རྒྱུ་རྐྱེན་གཙོ་བོ།

1.དངོས་པོའི་རྒྱུ་རྐྱེན།

(1)མི་སྣ།

(2)གྲོན་དངུལ།

(3)དངོས་པོའི་ཆ་རྐྱེན།

2.བསམ་པའི་རྒྱུ་རྐྱེན་གཙོ་བོ།

(1)རྩ་འཛུགས་ཀྱི་དམིགས་འབེན།

(2)དབང་ཆ་དང་འགན་ནུས་ཀྱི་གྲུབ་ཚུལ།

(3)མི་སྣའི་འབྲེལ་བ།

3 ཁྱད་ཆོས།

1.གྲལ་རིམ་རང་བཞིན།

2.སྤྱི་ཚོགས་རང་བཞིན།

3.ཞབས་ཞུའི་རང་བཞིན།

4.དབང་གྲགས་རང་བཞིན།

5.ཁྲིམས་ལུགས་རང་བཞིན།

6.མ་ལག་རང་བཞིན།

4 དམིགས་འབེན།

དམིགས་ཡུལ་དང་ཁ་ཕྱོགས། མཐར་ཐུག་གི་འབྲས་བུ།

གཅིག་གྱུར་གྱི་རང་བཞིན། སྤྱི་ཚོགས་ཀྱི་རང་བཞིན། ཁ་གསལ་གྱི་རང་བཞིན། གོ་རིམ་གྱི་རང་བཞིན།

སྤྱིའི་དམིགས་འབེན་དང་། བྱེ་བྲག་གི་དམིགས་འབེན། མི་སྒེར་གྱི་དམིགས་འབེན།

རྩ་འཛུགས་ལུགས་མཐུན་ཅན། དཔྱད་ཞིབ་ཀྱི་གཞི་འཛིན་ས། སྒྲིག་འཛུགས་མཐུན་སྦྱོར། མཉམ་ལས་ཀྱི་འདུ་ཤེས།

སྤྱི་ཚོགས་ཀྱི་ཁས་ལེན། རྩ་འཛུགས་ཀྱི་ནུས་པ། མཐུན་སྒྲིལ་གྱི་རྣམ་པ། ཁོངས་མིའི་འདུ་ཤེས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན། དམིགས་ཡུལ། མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།