གདུགས་མཆོང་ལུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདུགས་མཆོང་ལུས་རྩལ།
གདུགས་མཆོང་ལུས་རྩལ་ཞེས་པ་ནི་གདུགས་མཆོང་མཁན་གནམ་གྲུར་སྡོད་པ་དང་དབུགས་ལྒང་སོགས་མཁའ་འགྲུལ་ཡོ་བྱད་དམ་ཡང་ན་ཡོ་བྱད་གཞན་དག་བར་སྣང་ལ་འཕུར་རྗེས་མར་མཆོང་བའམ་ཡང་ན་གཡང་གཟར་གྱི་རི་རྩེ་དང་མཐོ་ས་ནས་མར་མཆོང་སྟེ། མཁའ་རླུང་གི་སྒུལ་ཤུགས་དང་མཆོང་གདུགས་ལ་བརྟེན་ནས་མཆོང་གདུགས་མ་ཕྱེ་གོང་དང་ཕྱེ་རྗེས་གཏན་འཁེལ་གྱི་བྱ་སྤྱོད་སྣ་ཚོགས་ཡོངས་འགྲུབ་བྱེད་པ་མ་ཟད། མར་འབབ་གདུགས་ཀྱི་མྱུར་ཚད་ཇེ་དལ་དུ་བཏང་ནས་གཏན་འཁེལ་བྱས་པའི་ས་ཁོངས་སུ་བདེ་འཇགས་ངང་འབབ་པའི་ལུས་རྩལ་བྱ་འགུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
跳伞运动
དབྱིན་ཡིག་གི་མིང་།
parachute jump
1 ​འབྱུང་ཁུངས།

བཤད་རྒྱུན་ཞིག་ལ། སྤྱི་ལོ1628ལོར། དབྱི་ཐ་ལིའི་བཙོན་ཁང་ཞིག་གི་ནང་དུ་མིང་ལ་ལ་ཝུན་ཟེར་བའི་བཙོན་མ་ཞིག་ཡོད་པ་དང་། ཁོ་ཐེངས་དུ་མར་བཙོན་ནས་འབྲོ་རྩིས་བྱས་ཀྱང་འབྲོ་མ་ཐུབ། དེའི་རྒྱུ་མཚན་ནི་ཉེན་རྟོག་པས་ལྟ་སྲུང་ནན་མོ་བྱས་པར་མ་ཟད། བཙོན་ཁང་གི་སྐོར་གྱང་ཧ་ཅང་མཐོ་བས། གལ་ཏེ་གོང་ནས་མར་ལྡིང་ན་མི་ཤི་ནའང་དབང་བོ་སྐྱོན་ཅན་དུ་འགྱུར་ངེས། ཐེངས་ཤིག་ལ། གཉེན་གྲོགས་ཀྱིས་བཙོན་ཁང་དུ་ལྟ་ཞིབ་བྱེད་སྐབས་ཁོ་ལ་ཆར་གདུགས་ཤིག་བསྐྱལ་ཡོང་། དེ་ནི་ཁོ་བཙོན་ནས་ཐར་བའི་ལག་ཆ་ཞིག་ཏུ་གྱུར། ཁོས་ལྐོག་ནས་ཐིག་གུ་ཕྲ་བུ་ཞིག་གི་སྣེ་གཅིག་ཆར་གདུགས་ཀྱི་སྟེང་དུ་བཏགས་པ་དང་། སྣེ་གཞན་ཞིག་ལག་ཏུ་འཇུས། མུན་པ་ནག་ཅིང་རླུང་ཆེ་བའི་མཚན་མོ་ཞིག་ལ། ལ་ཝུན་གྱིས་ལྟ་སྲུང་ལས་གཡོལ་ཏེ་སྐོར་གྱང་གི་ཐོག་ལ་འཛེགས་པ་དང་། ཆར་གདུགས་དེ་བཟུང་ནས་མར་ལྡིང་ཞིང་། ས་ལ་ཐོན་དུས་གནོད་པ་སྤུ་ཙམ་ཡང་མེད། འོན་ཀྱང་རྗེས་ནས་ལ་ཝུན་ཕྱིར་བཙོན་ཁང་དུ་བཟུང་བ་དང་། མཁའ་འགྲུལ་ཆེད་མཁས་རྣམས་ཁོ་རང་བཙོན་ཁང་ནས་གདུགས་མཆོངས་བཙོན་བྲོས་བྱས་པའི་གནས་ཚུལ་ལ་སྤྲོ་བ་སྐྱེས། སྤྱི་ལོ1785ལོར་ཧྥ་རན་སིའི་པའེ་ལང་ཧྲའར་ལ་ཐེངས་འདིའི་གདུགས་མཆོང་བཙོན་བྲོས་ཀྱི་བློ་སྒོ་ཕྱེ་ནས་ཁྱི་དང་དངོས་པོ་ལྗིད་གྲས་བར་སྣང་དུ་དབོར་བ་དང་། དེ་ནས་མཆོང་གདུགས་ལ་བསྡད་དེ་མར་བབ། སྤྱི་ལོ1797ལོར་ཧྥ་རན་སིའི་འཕུར་སྐྱོད་པ་ཞིག་དབུགས་ལྒང་ལ་བསྡད་དེ་བར་སྣང་ལ་སོང་བ་ན། ཁོ་རང་གིས་རང་ཉིད་ཀྱི་མཆོང་གདུགས་སྤྱད་དེ་བདེ་འཇགས་ངང་ས་ལ་འབབ་ཐུབ་པ་བྱུང་།

2 སྒྲིག་ཆས།

གཞི་རྩའི་སྒྲིག་ཆས་ཀྱིས་གདུགས་མཆོང་གི་བདེ་འཇགས་དང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་པ་ཡིན། གདུགས་མཆོང་མཁན་ཚང་མའི་ངོས་ནས་བརྗོད་ན་སྒྲིག་ཆས་ནང་གཙོ་བོ་ཁག་བཞི་ཚུད་ཡོད་པ་སྟེ།

1. རྒྱབ་ཐག རྒྱབ་ཐག་གིས་གདུགས་མཆོང་མཁན་གྱི་ལུས་པོ་བཟུང་པ་ཡིན།

2. སྣོད་ཆས། གདུགས་ཁེབས་གཙོ་བོ་དང་གྲབས་གཤོམ་གདུགས་ཁེབས་འཇོག་པ། སྣོད་ཆས་རྒྱབ་ཐག་ལ་སྦྲེལ་ཡོད།

3.གདུགས་ཁེབས་གཙོ་བོ། སྣོད་ཆས་སུ་འཇོག་པ། རྒྱུན་དུ་སྔོན་ལ་གདུགས་ཁེབས་འདི་ཕྱེ་བ་ཡིན།

4.གྲབས་གཤོམ་གདུགས་ཁེབས། གདུགས་ཁེབས་འདི་གདུགས་ཁེབས་གཙོ་བོ་དང་འདྲ། འོན་ཀྱང་གདུགས་ཁེབས་གཙོ་བོ་བཀོལ་མི་ཐུབ་པའི་གནས་ཚུལ་འོག་བཀོལ་དགོས་པ་ཡིན། 

3 འགྲན་བསྡུར་གྱི་རིགས།

དམིགས་འཛུགས་གདུགས་མཆོང་། ཁྱད་རྩལ་གདུགས་མཆོང་། བཟོ་དབྱིབས་གདུགས་མཆོང་། མཐོ་དབྱིངས་གདུགས་མཆོང་། མཚན་མོའི་གདུགས་མཆོང་། ཆུ་ཐོག་གདུགས་མཆོང་། གདུགས་མཆོང་འཁྲབ་སྟོན་སོགས་ཡོད།

4 འབྲེལ་ཡོད་ཚད་གཞི།

གཅིག རྒྱལ་སྤྱིའི་རིམ་པའི་ལུས་རྩལ་བྱུང་ཅན་གྱི་ཚད་གཞི།

གཤམ་གསལ་གྱི་ཆ་རྐྱེན་ལས་རིགས་གཅིག་འཛོམས་ཚེ། རྒྱལ་སྤྱིའི་རིམ་པའི་ལུས་རྩལ་པ་ཕུལ་བྱུང་ཅན་གྱི་རེ་འདུན་ཞུས་ཆོག

(གཅིག)འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་རྣམ་གྲངས་རྐྱང་པའི་ཨང་དང་པོ་ནས་དྲུག་པའི་བར་དང་ཡང་ན་ཚོགས་པའི་ཨང་དང་པོ་ནས་གསུམ་པའི་བར་ཐོབ་མཁན་གྱི་ལུས་རྩལ་པ། ཚོགས་པའི་སྤྱི་སྐར་ཨང་བཞི་པ་ནས་དྲུག་པའི་བར།  རྣམ་གྲངས་རྐྱང་བའི་སྐར་འབྲས་དེ་ཚོགས་པའི་སྐར་འབྲས་ལ་བརྩིས་པའི་ལུས་རྩལ་པ།

(གཉིས)འཛམ་གླིང་བུམ་པའི་འགྲན་བསྡུར་ནང་དར་མའི་ཚོགས་ཆུང་གི་ཨང་དང་པོ་ནས་ཨང་གསུམ་པའི་བར་ཐོབ་མཁན་གྱི་ལུས་རྩལ་པ།

(གསུམ)འཛམ་གླིང་གི་ཟིན་ཐོ་བཏོད་པའི་ལུས་རྩལ་པ།

གཉིས་པ། ལུས་རྩལ་ཕུལ་བྱུང་ཅན།

གཤམ་གསལ་གྱི་ཆ་རྐྱེན་ལས་རིགས་གཅིག་འཛོམས་མཁན་ལ་ལུས་རྩལ་ཕུལ་བྱུང་ཅན་ཞེས་པའི་མཚན་སྙན་གནང་རྒྱུའི་རེ་འདུན་ཞུས་ཆོག

(གཅིག)འཛམ་གླིང་གི་ལེགས་སྐྱེས་འགྲན་བསྡུར་ཁྲོད། རྣམ་གྲངས་རྐྱང་མའི་ཨང་རིམ་བདུན་པ་ནས་བཅུ་བའི་བར་དང་ཚོགས་པའི་སྤྱིའི་སྐར་འབྲས་ཨང་བཞི་པ་ནས་བཅུ་པའི་བར་གྱི་ལུས་རྩལ་པ།

(གཉིས)འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་དར་མའི་ཚོགས་ཆུང་གི་ཨང་བཞི་པ་ནས་དྲུག་པའི་བར་ཐོབ་པ་དང་། གཞོན་ནུ་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པའི་བར་ཐོབ་མཁན་གྱི་ལུས་རྩལ་པ།

(གསུམ)རྒྱལ་ཁབ་ལྔ་ཡན(རྒྱལ་ཁབ་ལྔ་ཚུད)གྱི་གདུགས་མཆོང་འགྲན་བསྡུར་རམ་ཡང་ན་རྒྱལ་ཡོངས་གདུགས་མཆོང་འགྲན་བསྡུར་ནང(རུ་ཁག་ལྔ་པ་ཡན་དང་རུ་ཁག་ལྔ་པ་ཚུད་པ)ནས་ཨང་དང་པོ་ཐོབ་མཁན་གྱི་ལུས་རྩལ་པ།

(བཞི། རྒྱལ་ཡོངས་ཀྱི་ཟིན་ཐོ་འགོད་མཁན།

(ལྔ)ལུས་རྩལ་ཕུལ་བྱུང་ཅན་གྱི་ལག་རྩལ་ཚད་གཞི་ལོན་མཁན།

གསུམ། རིམ་པ་དང་པོའི་ལུས་རྩལ་པ།

གཤམ་གསལ་ཆ་རྐྱེན་ལས་རིགས་གཅིག་འཛོམས་མཁན་ལ་རིམ་པ་དང་པོའི་ལུས་རྩལ་པའི་མཚན་སྙན་གནང་རྒྱུའི་རེ་འདུན་ཞུས་ཆོག

(གཅིག)རྒྱལ་ཁབ་ལྔ་ཡན(རྒྱལ་ཁབ་ལྔ་ཚུད)ཀྱི་གདུགས་མཆོང་འགྲན་བསྡུར་རམ་རྒྱལ་ཡོངས་གདུགས་མཆོང་འགྲན་བསྡུར་ཁྲོད(རུ་ཁག་ལྔ་པ་ཡན་དང་རུ་ཁག་ལྔ་པ་ཚུད་)ཨང་གཉིས་པ་ནས་གསུམ་པའི་བར་ཐོབ་མཁན་གྱི་ལུས་རྩལ་པ།

(གཉིས། རིམ་པ་དང་པོའི་ལུས་རྩལ་པའི་ལག་རྩལ་གྱི་ཚད་གཞི་ལོན་མཁན།

བཞི། རིམ་པ་གཉིས་པའི་ལུས་རྩལ་པ།

གཤམ་གསལ་གྱི་ཆ་རྐྱེན་ལས་རིགས་གཅིག་འཛོམས་མཁན་ལ་རིམ་པ་གཉིས་པའི་ལུས་རྩལ་པའི་མཚན་སྙན་གནང་རྒྱུའི་རེ་འདུན་ཞུས་ཆོག

(གཅིག)རྒྱལ་ཡོངས་ཀྱི་འགྲན་བསྡུར་ཁྲོད་ཨང་བཞི་པ་ནས་དྲུག་པའི་བར་ཐོབ་མཁན་གྱི་ལུས་རྩལ་པ།

(གཉིས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཟིན་ཐོ་གསར་སྐྲུན་བྱེད་མཁན་གྱི་ལུས་རྩལ་པ།

(གསུམ། རིམ་པ་གཉིས་པའི་ལུས་རྩལ་པའི་ལག་རྩལ་གྱི་ཚད་གཞི་ལོན་མཁན་བཅས་ཡིན།

ལྔ། རིམ་པ་གསུམ་པའི་ལུས་རྩལ་པ།

རིམ་པ་གསུམ་པའི་ལུས་རྩལ་པའི་ལག་རྩལ་གྱི་ཚད་གཞི་ལོན་མཁན།

དྲུག ལོ་ཆུང་རིམ་པའི་ལུས་རྩལ་པ།

ལོ་ན་བཅུ་དྲུག་མན་ཆད་ཡིན་པ་དང་། ལོ་ཆུང་རིམ་པའི་ལུས་རྩལ་པའི་ལག་རྩལ་གྱི་ཚད་གཞི་ལོན་པའི་ལུས་རྩལ་པ།

5 འཛམ་གླིང་གི་ཟིན་ཐོ།

ས་གནས་དེ་གའི་དུས་ཚོད་སྤྱི་ལོ2015ལོའི་ཟླ5པའི་ཚེས30ཉིན་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡཱ་ཀྲོའུ་རུ་ཨོ་སི་ཁྲུ་ལི་ཡའི་མི119ཡིས་ཅ་ཀྲོའུPerrisValleyནས་སྨི་སྟོང་དྲུག་ཡོད་པའི་མཁའ་དབྱིངས་ནས་གནམ་གྲུ་བདུན་གྱི་ནང་ནས་ལག་གདང་སྦྲེལ་ཏེ་གདུགས་མཆོང་བྱས་པས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུས་རྩལ། གདུགས་མཆོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-17

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།