རིག་གནས་སློབ་གསོ་མིའི་རིགས་རིག་པ།
བྱེད་ཐབས་ཀྱི་སྟེང་ནས་མ་ལག་རང་བཞིན་ཅན་གྱི་ཡུལ་དངོས་ཞིབ་འཇུག་དང་བཅའ་ཁྲིམས་སྤྱད་དེ་རང་བཞིན་གྱི་དབྱེ་ཞིབ་ནན་བཤད་བྱ་དགོས་ཤིང་། ཨ་རིའི་མཁས་དབང་ཞིའུ་དབྱི་ཐེ་ནི་སྔ་དུས་ཀྱི་དར་སྤེལ་གཏོང་མཁན་ཡིན་ཞིང་།《ཨ་རིའི་མིའི་རིགས་ཀྱི་རིག་པ་བ》ཞེས་པའི་དུས་དེབ་ཐོག《མིའི་རིགས་ཀྱི་རིག་པ་དང་སློབ་གསོ》དང《སློབ་གསོའི་རིགས་རྒྱུད་ཀྱི་རྒྱུ་རྐྱེན》ཞེས་པའི་རྩོམ་ཡིག་གཉིས་སྤེལ་ཡོད་ཅིང་། སྤྱི་ལོ1928ལོར། ཨ་རིའི་མིའི་རིགས་རིག་པ་བ་ཧྥུ་ལང་ཙེ་པོ་ཨེ་སི་ཡིས་གཟུགས་གཞི་མིའི་རིགས་རིག་པ་དང་རིག་གནས་མིའི་རིགས་རིག་པའི་དཔྱད་གཞི་གཞིར་བཟུང་ནས། སྦྱངས་འབྲས་ཀྱི་ཁྱད་པར་དེ་རིག་གནས་ཁྱད་པར་གྱི་རྐྱེན་ལས་བྱུང་བ་ཡིན་པ་ལས་སྐྱེ་དངོས་རིག་པའི་ཁྱད་པར་དང་ས་ཁམས་རིག་པའི་ཁྱད་པར་ལ་གཏུག་མི་རུང་། དབྱིན་ཇིའི་མིའི་རིགས་རིག་པ་མཁས་ཅན་པུའུ་ལུའོ་ཉི་སི་ཙེ་མ་ལིན་ནོ་སི་ཅིས་རྟག་ཏུ་ཨ་ཧྥེ་རི་ཁའི་མིའི་ལྟ་བ་དེ་ཡོ་རོབ་བ་ལས་དམའ་བའི་ངོས་འཛིན་བྱེད་ཀྱི་ཡོད། སློབ་མའི་སློབ་སྦྱོང་ལ་ཕམ་ཉེས་བྱུང་བ་ནི་སློབ་གྲྭའི་སློབ་གསོས་སློབ་མའི་རིག་གནས་རྒྱབ་ལྗོངས་སྣང་མེད་དུ་བཏང་བའི་རྐྱེན་གྱིས་ཡིན་པར་ངོས་འཛིན་དང་། སི་ཕིང་ཏེ་ལེ་ཡིས་ལོར《སློབ་གསོའི་དུས་དེབ》ཐོག་རྩོམ་ཡིག་བྲིས་ནས་མིའི་རིགས་ཀྱི་རིག་པ་དང་སློབ་གསོའི་དབར་གྱི་འབྲེལ་བར་གྲོས་བསྡུར་བྱས་པ་དང་། སྤྱི་ལོ1963ལོར།《སློབ་གསོ་དང་རིག་གནས། མིའི་རིགས་རིག་པའི་དཔྱད་བསྡུར》སྤེལ་ནས། “སློབ་གསོ་དང་རིག་གནས”ཀྱི་འབྲེལ་བ་དེ་ཞིབ་འཇུག་གི་གཞི་རྩའི་གནད་དོན་དུ་གཏན་འཁེལ་བྱས་པ་དང་། དེས་གྲུབ་མཐའ་མཚོན་ཡོད་ཅིང་། ལོ་དེར་ཨ་རིའི་ཅའོ་པི་ཡ་སློབ་ཆེན་སློབ་གསོ་སློབ་གླིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《མིའི་རིགས་རིག་པ་དང་སློབ་གསོའི་དཔེ་ཚོགས》སོ་ལུན་ཡི་གྲས་སུ་བཞག ཅིན་པོར་གྱིས་བརྩམས་པའི《རིག་གནས་དང་སློབ་གསོའི་བརྒྱུད་རིམ། མིའི་རིགས་རིག་པའི་ལྟ་བ་ཞིག》 ཅེས་པའི་ནང་དུ་རྩོམ་པ་པོས་མིའི་རིགས་རིག་པའི་མཐོང་རྒྱ་དང་རིག་གནས་ཀྱི་ཁྱབ་ཁོངས་ལ་བརྟེན་ནས་སློབ་གསོ་རིག་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་དཔྱད་བསྡུར་བྱས་པ་དང་། སློབ་སྦྱོང་གི་གནད་དོན་དང་རིག་གནས་རྒྱབ་ལྗོངས་ཀྱི་འབྲེལ་བ། སྡེ་ཁུལ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སློབ་གསོའི་རྒྱུ་རྐྱེན་གྱི་གནད་དོན་དང་དེ་བཞིན་སློབ་གསོའི་སྲིད་ཇུས་ཀྱི་གནད་དོན། ལོ་དེར་སི་ཕིན་ཏེ་ལེ་ཡིས་བརྩམས་པའི《སློབ་གསོ་དང་རིག་གནས་ཀྱི་བརྒྱུད་རིམ་ཏེ། སློབ་གསོའི་མིའི་རིགས་རིག་པའི་འཚོལ་ཞིབ》ཅེས་པ་དང་པར་དུ་བཏབ་ཅིང་། སྤྱི་ལོ1987ལོར་གསར་དུ་ཐོན་པས་དེའི་ཕྱོགས་ཀྱི་གྲུབ་མཐའ་མཚོན་ནོ༎
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-12-17
གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།