བསམ་བློའི་གོ་རྟོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསམ་བློའི་གོ་རྟོགས།
བསམ་བློའི་གོ་རྟོགས་ནི་སློབ་གསོའི་ལས་དོན་དང་འབྲེལ་བའི་དམིགས་བསལ་གྱི་གོ་བ་བླངས་ཆོག་སྟེ། སློབ་གསོའི་བསམ་བློའི་གོ་རྟོགས་དང་། ཆབ་སྲིད་བསམ་བློའི་གོ་རྟོགས། ལས་རིགས་བསམ་བློའི་གོ་རྟོགས། ཤེས་ཡིན་བསམ་བློའི་གོ་རྟོགས་བཅས་ལྡན་དགོས་ཤིང་། དེ་དག་ལས་སློབ་གསོའི་བསམ་བློའི་གོ་རྟོགས་མེད་ཚེ། སློབ་གསོའི་ལས་དོན་སྒྲུབ་ཆོད་ཆུང་ཞིང་དགེ་རྒན་རྣམས་ལ་སློབ་གསོའི་ལས་སྣ་ལེགས་འདྲེན་མི་ཐུབ་ཅིང་། ཆབ་སྲིད་བསམ་བློའི་གོ་རྟོགས་མཐོན་པོ་ཞིག་མེད་ན། རིམ་ཁག་འབྲེལ་ཡོད་ཀྱི་སྲིད་ཇུས་དང་སློབ་གསོའི་ཐབས་ཇུས་ཁག་གི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་སྲིད་ཇུས་བེད་སྤྱོད་གང་ལེགས་ཀྱིས་སློབ་གསོའི་ལས་དོན་མཐར་ཕྱིན་པ་ཞིག་སྒྲུབ་མི་ཐུབ། ལས་རིགས་བསམ་བློའི་གོ་རྟོགས་དམའ་ན། སློབ་གྲྭའི་སློབ་གསོ་དེ་སྤྱི་ཚོགས་ལས་རིགས་ཁག་གི་ལས་ཀའི་འཇོན་ཐང་དང་འཚམ་ཞིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་མི་སྣ་སྐྱེད་སྲིང་བྱེད་པའི་ཁ་ཕྱོགས་དང་བསྟུན་མི་ཐུབ། ཤེས་ཡོན་བསམ་བློའི་གོ་རྟོགས་འཛོམས་པོ་ཞིག་མེད་ན། སློབ་གྲྭའི་དགེ་བཟོ་ཡོངས་ཤེས་བྱ་གསར་བ་དང་བསམ་བློ་གསར་བ་ནང་འདྲེན་བྱེད་པར་སྣེ་འདྲེན་བྱེད་མི་ནུས།
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
ངོ་བོ།
བསམ་བློ།
དཀར་ཆག
1 ནང་དོན།

སློབ་གྲྭ་ནི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་སའི་གནས་མཆོག་ཁོ་ན་ཡིན་ལ། དགེ་རྒན་ནི་སློབ་མའི་ཤེས་བྱའི་བློ་ཁ་འདྲེན་མཁན་དང་སློབ་མའི་མི་གཤིས་སྐྱེད་སྲིང་བྱེད་མཁན་ཡིན། སློབ་གཙོ་ནི་སློབ་གྲྭའི་ལས་དོན་སྤྱིའི་བཀོད་འདོམས་པ་དང་དགེ་སློབ་ཡོངས་ཀྱི་བསམ་སྤྱོད་ལ་མཛུབ་སྟོན་བྱེད་མཁན་ཡིན་པར་བརྟེན། སློབ་གཙོར་སློབ་གྲྭའི་དགེ་བཟོ་ཡོངས་ལས་ལྷག་པའི་ཤེས་ཡོན་དང་བསམ་བློའི་གོ་རྟོགས་མཐོན་པོ་ཞིག་ལྡན་དགོས་ཤིང་། དགེ་རྒན་གྱིས་ཤེས་བྱ་གསར་བ་དང་བསམ་བློ་གསར་བ་ནང་འདྲེན་དང་ལེན་བྱེད་མ་ཐུབ་ཚེ། སློབ་མའི་ན་ཚོད་ཀྱི་བློ་ཁ་དང་འཚམས་པའི་ཤེས་བྱ་གསར་བའི་རྒྱགས་ཕྱེ་སྩོལ་མི་ནུས་ཤིང་། ལོ་རེ་དང་ཟླ་རེ་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་ཀྱི་གནས་བབ་དང་མི་འཕྲོད་པས། མི་རབས་རེ་རའི་སློབ་མ་ཇི་འདྲའི་མང་པོ་ཞིག་བརྗེས་ཀྱང་དགེ་རྒན་གྱིས་གསར་གཏོད་དང་འཕེལ་རྒྱས་ཅི་ཡང་མེད་པའི་སོར་གནས་ཀྱི་བསྐྱར་ཟློས་ཙམ་བྱ་རྒྱུ་ལས། གསར་གཏོད་དང་འཕེལ་རྒྱས་ཅི་ཡང་མེད་པའི་སོར་གནས་ཀྱི་བསྐྱར་ཟློས་ཙམ་བྱ་རྒྱུ་ལས། གསར་གཏོད་དང་མིའི་འཇོག་ཐང་གསར་སྤེལ་ཞེས་པ་ནི་སྟོང་བཤད་ཙམ་དུ་ལུས། སྤྱིར་ལས་རིགས་ཁག་གི་འགོ་ཁྲིད་སུ་ཡིན་ཡང་དམངས་གཙོའི་བསམ་བློ་ལྡན་རྒྱུ་ནི་ཆེས་སྤྱིར་བཏང་གི་འཛོམས་དགོས་པའི་ཆ་རྐྱེན་ཞིག་རེད། ལྷག་དོན་སློབ་གྲྭའི་སློབ་གཙོ་ཞིག་ལ་མཚོན་ན། དམངས་གཙོའི་བསམ་བློ་ཡོད་པ་དང་། དམངས་གཙོས་ལས་དོན་བསྒྲུབ་རྒྱུ་ནི་དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་རེད། སློབ་གྲྭའི་ལས་དོན་ནི་ཆེས་ཞིབ་ཚགས་ལྡན་ཞིང་བསམ་སྤྱོད་རྣལ་མས་སྒྲུབ་པའི་ལས་དོན་ཁྱད་པར་བ་ཞིག་ཡིན་ལ། སློབ་གྲྭའི་དགེ་རྒན་རྣམས་ཀྱི་བྱེ་བྲག་གི་ལས་ཀ་ནི་བསམ་བློ་གཡོ་འགུལ་མེད་པར་སེམས་རྣལ་དུ་ཕབས་ཏེ་བསྒྲུབ་དགོས་པའི་ཞིབ་ཚགས་ཅན་གྱི་ལས་དོན་ཞིག་རེད། དེའི་ཕྱིར་སློབ་གཙོར་སློབ་གྲྭའི་དགེ་སློབ་ཡོངས་ལ་དམངས་གཙོ་དང་དྲང་བདེན་གྱི་ཁོར་ཡུག་ཡག་པོ་སྐྲུན་ཐུབ་མིན་ནི་སློབ་གྲྭའི་ལས་དོན་ལེགས་འགྲུབ་འབྱུང་མིན་གྱི་གནད་དམ་པ་ཡིན།

བོད་ཀྱི་སློབ་གྲྭ་ཆུང་འབྲིང་དག་ནི་གཞི་རིམ་ས་ཁུལ་ཁག་ཏུ་གནས་ཤིང་ཤེས་བྱ་གསར་བ་བསྡུ་ལེན་བྱེད་པའི་ཁོར་ཡུག་མེད་རྐྱེན། སྤྱིར་བཏང་དུ་སློབ་གྲྭའི་དགེ་རྒན་ཡོངས་ལ་ཤེས་རྒྱ་བསྐྱེད་ཅིང་གོ་རྟོགས་མཐོ་བའི་བསམ་བློ་དང་ལེན་བྱེད་སའི་ཁོར་ཡུག་མེད་ལ། མི་རིགས་གཞན་པའི་སྔོན་ཐོན་བསམ་བློ་དང་ལེན་བྱེད་པ་དང་། ལྟ་རྒྱ་དང་ཐོས་རྒྱ་གསར་བསྐྱེད་བྱེད་པའི་གོ་སྐབས་ཉུང་བ་སོགས་ཀྱི་དབང་གིས་དགེ་རྒན་རྣམས་ཀྱི་བསམ་བློ་ཅུང་གུ་དོག་པོ་ཅན་དུ་གནས་ཡོད་ཅིང་། སློབ་གྲྭ་ཡང་མི་རིགས་མི་འདྲ་བ་དང་ས་ཁུལ་མི་གཅིག་པའི་རོང་འབྲོག་ས་ཆ་ཁག་ནས་ཡོང་བའི་དགེ་སློབ་ལྷན་འཛོམས་ཀྱིས་གྲུབ་པའི་སྤྱིའི་ཚོགས་པ་ཞིག་ཡིན་སྟབས། དེར་མི་རིགས་དང་ས་ཕྱོགས་སོགས་ཀྱི་ཕྱོགས་རིས་ཀྱང་ཡོད་སྲིད་ནའང་། སློབ་གཙོས་སློབ་གྲྭའི་དགེ་བཟོ་བ་ཡོངས་ལ་སྣེ་ཁྲིད་བྱས་ཏེ། ཕྱོགས་རིས་མེད་པའི་དམངས་གཙོ་དང་དྲང་བདེན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ཤིན་ཏུ་གལ་འགངས་ཆེའོ༎

བརྡ་འགྲེལ་གདོང་འཛར།

ཤེས་བྱ། བློ་ཁ། གསར་གཏོད། འཇོན་ཐང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-17

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།