གླ་རྩི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

གླ་རྩི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བཏགས་པ།)

གླ་རྩི།
གསར་བུ་གཅིག་གིས་མྱུར་དུ་ཕྲག་སྟེང་གི་བོའུ་བླངས་ཏེ་གླ་ཡི་སྟེང་ལ་འཕངས་པ་དང་། རོགས་པར་བཤད་རྒྱུར། ཁྱེད་རང་སོང་ནས་ལྟོས་དང་། བསད་ཡོད་པ་ཕོ་གླ་ཞིག་ཡིན་ན་གླ་རྩི་བླངས་ནས་ཁྱེར་ཤོག་ཅེས་བསྒོས། རོགས་པ་སོང་ནས་གླ་རྩི་མ་ཤེས་པར་རླིག་པ་བཅད་ནས་ཁྱེར་ཡོང་བ་ལ་སྦྱར་ནས་བཏགས་པ་བྱས་པ་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ངག་རྩོམ།
ཁྱད་ཆོས།
དཔེ་དོན་སྦྱར་བ།
1 ངོ་སྤྲོད།

གསར་བུ་གཅིག་གིས་མྱུར་དུ་ཕྲག་སྟེང་གི་བོའུ་བླངས་ཏེ་གླ་ཡི་སྟེང་ལ་འཕངས་པ་དང་། རོགས་པར་བཤད་རྒྱུར། ཁྱེད་རང་སོང་ནས་ལྟོས་དང་། བསད་ཡོད་པ་ཕོ་གླ་ཞིག་ཡིན་ན་གླ་རྩི་བླངས་ནས་ཁྱེར་ཤོག་ཅེས་བསྒོས། རོགས་པ་སོང་ནས་གླ་རྩི་མ་ཤེས་པར་རླིག་པ་བཅད་ནས་ཁྱེར་ཡོང་བ་ལ་སྦྱར་ནས་བཏགས་པ་བྱས་པ་བཀོད་ཡོད།

2 འདོགས་རྐྱེན།

ཉིན་ཞིག་གསར་བུ་གཉིས་རི་དྭགས་རྔོན་དུ་སོང་། ལམ་བར་དུ་གླ་ཞིག་འགྲོ་བ་མཐོང་བས། གསར་བུ་གཅིག་གིས་མྱུར་དུ་ཕྲག་སྟེང་གི་བོའུ་བླངས་ཏེ་གླ་ཡི་སྟེང་ལ་འཕངས་པ་དང་། རོགས་པར་བཤད་རྒྱུར། ཁྱེད་རང་སོང་ནས་ལྟོས་དང་། བསད་ཡོད་པ་ཕོ་གླ་ཞིག་ཡིན་ན་གླ་རྩི་བླངས་ནས་ཁྱེར་ཤོག་ཅེས་བསྒོས། རོགས་པ་སོང་ནས་གླ་རྩི་མ་ཤེས་པར་རླིག་པ་བཅད་ནས་ཁྱེར་ཡོང་བར། གླ་གསོད་མཁན་དགོད་རྒྱུ་གཏིང་ནས་ལང་བ་དང་། རང་ཉིད་སོང་ནས་གླ་རྩི་ངོ་མ་དེ་བླངས་ཡོང་ནས་བཏགས་པ་བྱས་པ་གཤམ་ལྟར། 

3 བཏགས་པ་དངོས།

གླ་བསད་ནོ་ཕོ་གླ་རེད། །

རྩི་བླངས་ནོ་རླིག་པ་རེད། ། 

རྩི་ཁྱོད་ལ་གཅིག་དང་ང་ལ་གཅིག།                 

རྩི་གོང་ཆེན་ཡིན་ནོ་ངའི་དེ་རེད། །  

རྩི་ཡ་མཚན་ཅན་པོ་ཁྱོའི་དེ་རེད། །

ཅེས་བཏགས་པ་བྱས་པར་གྲགས་སོ། །


བརྡ་འགྲེལ་གདོང་འཛར།

གླ་རྩི། ཕོ་གླ། རི་དྭགས། བོའུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-31

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།