སྤྱི་ལོ1092པ་ཆུ་སྤྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1092པ་ཆུ་སྤྲེལ།
སྤྱི་ལོ1092པ་ཆུ་སྤྲེལ་ལོ། ལོ་འདིར་དཔལ་ས་སྐྱའི་ཁྲི་རབས་དང་པོ་ས་ཆེན་ཀུན་དགའ་སྙིང་པོ་སྐུ་འཁྲུངས་པ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1092
བོད་ཡིག་གི་མིང་།
ཆུ་སྤྲེལ།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1092པ་ཆུ་སྤྲེལ་ལོ། ལོ་འདིར་དཔལ་ས་སྐྱའི་ཁྲི་རབས་དང་པོ་ས་ཆེན་ཀུན་དགའ་སྙིང་པོ་སྐུ་འཁྲུངས་པ་རེད། 

2 མི་སྣའི་མཛད་འཕྲིན། 

སྤྱི་ལོ1092པ་ཆུ་སྤྲེལ། ལོ་འདིར་ཡབ་འཁོན་དཀོན་མཆོག་རྒྱལ་པོ་དང་ཡུམ་མངྒ་ཅིག་ཞང་མོ་གཉིས་ཀྱི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ཁའུ་མཁར་སྒོ་ལུང་དུ་སྐུ་འཁྲུངས། གདུང་སྲས་དེ་སྐྱེ་བོ་ཀུན་གྱིས་མཐོང་བ་ཙམ་གྱིས་ཡིད་དགའ་བ་ཞིག་ཡོད་པས། མཚན་དུའང་ཀུན་དགའ་སྙིང་པོ་ཞེས་གསོལ། སྐུ་ཆུང་ངུའི་དུས་ནས་ཡབ་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་དང་ཆོས་འགའ་ཞིག་གསན་སྦྱོང་གནང་། ཡབ་དགོངས་པ་འདས་རྗེས་བ་རི་ལོ་ཙཱ་བའི་དངོས་སློབ་ཁྱུང་རིན་ཆེན་གྲགས་མེས་ལྷང་ཆེར་གྱི་དྲུང་ནས་དབུ་ཚད་གསན། དེ་ནས་གནམ་ཁའུ་པ་དར་མ་རྒྱལ་མཚན་སྐུ་མཆེད་ལས་གསང་བ་འདུས་པ་དང་མགོན་པོ་ཞལ་གྱི་ཆོས་འཁོར་བསྐོར། སྒྱི་ཆུ་བ་དགྲ་ལྷ་འབར་སོགས་ལས་ཀྱཻ་རྡོར་སོགས་བཀའ་བསྟན་དུ་མ་གསན། ལྕགས་ཡོས(སྤྱི་ལོ1111)ལོར་ས་སྐྱའི་ཁྲིར་ཕེབས། འདི་ནི་དཔལ་ས་སྐྱ་བའི་ཁྲི་ཆེན་དང་པོ་ཡིན། དེ་རྗེས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་གསང་སྔགས་ཟབ་ཆོས་མཐའ་ཡས་པ་གསན། ཆོས་ཐམས་ཅད་ལ་མངའ་བརྙེས་པའི་མཁས་པའི་རྩེ་མོར་སོན། གདན་ས་ལོ་བཞི་བཅུ་ཞེ་བརྒྱད་བཟུང་ནས་གདུལ་བྱ་འགྲོ་བའི་དོན་རྒྱ་ཆེར་སྤེལ། དགུང་ལོ་རེ་བདུན་ལ་ཕེབས་ཏེ་དགོངས་པ་གཞན་དོན་དུ་གཤེགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-08

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།