སྤྱི་ལོ1074པ་ཤིང་སྟག་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1074པ་ཤིང་སྟག་ལོ།
སྤྱི་ལོ1074པ་ཤིང་སྟག་ལོ། ལོ་འདིར་འབྲོག་མི་ཤཱཀྱ་ཡེ་ཤེས་དགུང་ལོ་གྱ་གཅིག་བཞེས་ཏེ་སྐུ་བདེ་བར་གཤེགས་པ་དང་ཤཱཀྱ་སེང་གེ་སྐུ་འཁྲུངས། རྙིང་མ་བའི་སློབ་དཔོན་ཟུར་གསུམ་གྱི་ཡ་གྱལ་ཟུར་ཆུང་ཤེས་རབ་གྲགས་པ་དགུང་ལོ་དྲུག་ཅུར་ཕེབས་པ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་བཅས་དོན་ཆེན་གསུམ་བྱུང་།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1074
བོད་ཡིག་གི་མིང་།
ཤིང་སྟག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1074པ་ཤིང་སྟག་ལོ། ལོ་འདིར་འབྲོག་མི་ཤཱཀྱ་ཡེ་ཤེས་དགུང་ལོ་གྱ་གཅིག་བཞེས་ཏེ་སྐུ་བདེ་བར་གཤེགས་པ་དང་ཟུར་ཤཱཀྱ་སེང་གེ་སྐུ་འཁྲུངས།  རྙིང་མ་བའི་སློབ་དཔོན་ཟུར་གསུམ་གྱི་ཡ་གྱལ་ཟུར་ཆུང་ཤེས་རབ་གྲགས་པ་དགུང་ལོ་དྲུག་ཅུར་ཕེབས་པ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་བཅས་དོན་ཆེན་གསུམ་བྱུང་།

2 མི་སྣའི་མཛད་འཕྲིན།

ཡབ་ཟུར་ཆུང་ཤེས་རབ་གྲགས་པ་དང་། ཡུམ་ཇོ་སྲས་མོ་མདའ་མོ་གཙུག་ཏོར་ལྕམ་བྱ་བའི་སྲས་ཟུར་ཤཱཀྱ་སེང་གེ་སྐུ་འཁྲུངས། ཡབ་ཀྱི་ཞལ་ནས་ངའི་བུ་འདི་བསྟན་པ་དང་འགྲོ་བ་ལ་ཕན་པ་ཞིག་ཡོང་བས་མིང་དུ་ཤཱཀྱ་སེང་གེ་ཞེས་ཐོག་གསུངས། འདི་སྐུ་ན་སོན་པའི་དུས་སུ་སྒྲོག་ཕུག་དགོན་པ་བཞེངས་པས་ཕྱིས་མཚན་སྒྲོག་པའང་ཟེར། དེས་ནས་ཡུམ་དང་ཞང་པོས་བསྐྱངས་ཏེ་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་རྗེས་གླན་ཤཱཀྱ་བྱང་ཆུབ་དང་ལྷ་རྗེ་ཤངས་པ་ནག་པོ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་མན་ངག་འཕྲིན་སྒྲུབ་ཕྱག་བཞེས་དང་། རྫོགས་ཆེན་སྐོར་ལུགས་སོགས་བཀའ་གདམས་མན་ངག་མང་དུ་གསན་ཏེ་ཐོས་བསམ་མཆོག་ཏུ་མངའ་བར་གྱུར། བྱང་ཁུལ་དུ་གསང་སྔགས་བསྟན་པ་རྒྱས་པར་སྤེལ། གདུལ་བྱའི་ཚོགས་བསམ་གྱིས་མི་ཁྱབ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སློབ་བརྒྱུད་འཛིན་པའི་སློབ་མ་ཤིན་ཏུ་མང།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-17

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།