སྤྱི་ལོ1060པ་ལྕགས་བྱི་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1060པ་ལྕགས་བྱི་ལོ།
སྤྱི་ལོ1060པ་ལྕགས་བྱི་ལོ། ལོ་འདིར་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་སྐུ་བདེ་བར་གཤེགས་ཏེ་གདན་ས་གླན་ཚུལ་བྱང་གིས་བཟུང་བ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1060
བོད་ཡིག་གི་མིང་།
ལྕགས་བྱི།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1060པ་ལྕགས་བྱི་ལོ། ལོ་འདིར་བསྟན་རྩིས་རེའུ་མིག་ལྟར་ན།   ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་སྐུ་བདེ་བར་གཤེགས་ཏེ་གདན་ས་གླན་ཚུལ་བྱང་གིས་བཟུང་བ་རེད། 

2 ཞར་བྱུང་།

སྤྱི་ལོ1061པ་ལྕགས་གླང་ལོ།

ཁྱུང་པོ་ཤེས་རབ་རྒྱལ་མཚན་གྱིས་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་ཕྱག་བཏབ། འདི་ནི་བོན་དགོན་རྙིང་གྲས་ཤིག་ཡིན་ལ། ད་ཡོད་བོན་དགོན་རྣམས་ཀྱི་ནང་ནས་ཀྱང་ཕྱིའི་བཟོ་བཀོད་སོགས་གང་ཅིའི་ཐད་ནས་ཆ་རྐྱེན་ལེགས་པ་ཞིག་རེད།

སྤྱི་ལོ1062པ་ཆུ་སྟག་ལོ། 

གསང་སྔགས་རྙིང་མའི་སློབ་དཔོན་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་ཕེབས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས།

སྤྱི་ལོ་1063པ་ཆུ་ཡོས་ལོ།

བཀའ་གདམས་པའི་སྲོལ་གཏོད་པ་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་སྐུ་བདེ་བར་གཤེགས་ཞེས་དགའ་ལྡན་ཆོས་འབྱུང་ལས་གསུངས། (དེབ་སྔོན་དུ་སྤྱི་ལོ1064པ་ཤིང་འབྲུག་ལ་གཤེགས་ཞེས་འཁོད། དེབ་ཐེར་མང་ཆེར་བར་སྤྱི་ལོ1065པ་ཤིང་སྦྲུལ་ལ་གཤེགས་ཞེས་ཟེར)

སྤྱི་ལོ1069པ་ས་བྱ་ལོ།

སློབ་དཔོན་ཆེན་པོ་ཏཻ་ལོ་པ་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་ཕེབས་ཏེ་བདེ་བར་གཤེགས།

སྤྱི་ལོ1070པ་ལྕགས་ཁྱི།

པོ་ཏོ་བའི་སློབ་མ་དབུས་ཀྱི་ཀ་བཞིའི་ཡ་གྱལ་ཤར་བ་ཡོན་ཏན་གྲགས་སྐུ་འཁྲུངས།

སྤྱི་ལོ1072པ་ཆུ་བྱི་ལོ།

བྲུ་རྗེ་བཙུན་གཡུང་དྲུང་བླ་མས་བྲུ་པའི་གདན་ས་ཆེན་པོ་གཡས་རུ་བ་གོར་དབེན་ས་ཁ་ཕྱག་བཏབ།

 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-17

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།