ཆིང་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ལྟེ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆིང་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ལྟེ་གནས།
ཀྲུང་གོའི་ཚན་རིག་གླིང་དང་ཆིང་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ལྟེ་གནས(གཤམ་དུ་རྒྱལ་ཁབ་གནས་ཚུལ་ལྟེ་གནས་ཞེས་བསྡུ་རྒྱུ་ཡིན)དེའི་མིང་སྔ་མ་ལ་ཀྲུང་གོའི་ཚན་རིག་གླིང་གི་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་ལྟེ་གནས་ཟེར་ཞིང་། མིང་དུ་གྲགས་པའི་རྒྱལ་ཁབ་གནས་ཚུལ་གྱི་ཆེད་མཁས་པ་དགེ་རྒན་ཆེན་མོ་ཧུའུ་ཨན་ཀང་གིས་སྤྱི་ལོ1999ལོར་བཙུགས་ཤིང་། ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་བཞེས། སྤྱི་ལོ2000ལོར་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ་དབྱང་པའེ་ལིང་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་གསོ་གཞོན་པ་ཧོ་ཅན་ཁུན་གྱིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཀྲུང་གོའི་ཚན་རིག་གླིང་དང་ཆིང་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་། དེ་ནས་བཟུང་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་ལྟེ་གནས་དེ་སྡེ་ཁག་ཆེན་པོ་གཉིས་ལས་བརྒལ་བའི་སློབ་གྲྭ་རིམ་པའི་སྤྱི་པའི་སྲིད་ཇུས་ཞིབ་འཇུག་སྒྲིག་གཞིར་གྱུར། སློབ་ཁྲིད་དང་དོ་དམ་མ་ལག་ཐད་ནས། རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ལྟེ་གནས་དེ་ཆིང་ཧྭ་སློབ་ཆེན་གྱི་སྤྱི་པའི་དོ་དམ་སློབ་གླིང་གི་ཟུར་གཏོགས་བྱས་ལ། དེ་ནི་སྤྱི་པའི་དོ་དམ་སློབ་གླིང་གི་སྤྱི་པའི་སྲིད་ཇུས་ཞིབ་འཇུག་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར། རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ལྟེ་གནས་བཙུགས་པ་ནས་བཟུང་རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ལྟེ་གནས་ཀྱིས“ཀྲུང་གོའི་འཕེལ་རྒྱས་དང་མཉམ་དུ་འགྲོ་བ་དང་། ཀྲུང་གོའི་སྒོ་འབྱེད་དང་མཉམ་དུ་གནས་པ། ཀྲུང་གོའི་འཕོ་འགྱུར་དང་མཉམ་བསྐྱོད་བྱེད་པ། ཀྲུང་གོའི་དར་རྒྱས་དང་མཉམ་གནས་བྱེད་པ”ཡི་འཕེལ་རྒྱས་འདུ་ཤེས་རྒྱུན་འཛིན་བྱས་ཏེ“རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་དམིགས་ཚད་ལ་ངོས་འཛིན་གསལ་པོ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་ཁོག་ཐབས་ཇུས་ལ་ཤུགས་རྐྱེན་ལེགས་པོ་ཧུར་ལེན་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཡུལ་གཞིར་བཟུང་ནས། “ཐབས་ཇུས་ཀྱི་ཤེས་བྱ་བསྡུ་ལེན་དང་། ཐབས་ཇུས་ཀྱི་ཤེས་བྱ་གསར་གཏོད། ཐབས་ཇུས་ཀྱི་ཤེས་བྱ་ཁྱབ་སྤེལ། རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་སྙན་ཞུར་བརྟེན་ནས་ཐབས་ཇུས་དང་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་པའི”འཕེལ་རྒྱས་ཀྱི་ཐབས་ལམ་ལ་བརྩི་སྲུང་། ཀྲུང་གོར་དམིགས་པ་དང་འཛམ་གླིང་ལ་བལྟ་བ། ཀྲུང་གོར་ཞབས་འདེགས་ཞུ་བ། འཛམ་གླིང་ལ་བྱས་རྗེས་འཇོག་པ། རྒྱལ་ཁབ་ཀྱི་ཐབས་ཇུས་ལ་ཧུར་ཐག་གིས་བྱས་རྗེས་འཇོག་པ། རིགས་པའི་གཞུང་ལུགས་གསར་གཏོད་ལ་བྱས་རྗེས་འཇོག་པ། ཤེས་ལྡན་མི་སྣ་གཙོ་སྐྱོང་ལ་བྱས་རྗེས་འཇོག་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་མཐོ་རིམ་ཐབས་ཇུས་ཀྱི་ཚན་རིག་དང་མཐུན་པའི་བསམ་བློའི་བང་མཛོད་དང་། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་སྤྱི་པའི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཤིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
清华大学国情研究中心
བཙུགས་ལོ།
སྤྱི་ལོ1999ལོར་བཙུགས།
ལྟེ་གནས་ཀྱི་ཀྲུའུ་རེན།
ཧུའུ་ཨན་ཀང་།
ཞིབ་འཇུག་གི་རྩ་དོན།
རང་ཚུགས་ཀྱིས་བརྗོད་གཞི་འདེམས་པ་དང་། རང་ཚུགས་ཀྱིས་ཞིབ་འཇུག་བྱེད་པ། རང་ཚུགས་ཀྱིས་སྤེལ་པ།
1 ངོ་སྤྲོད་མདོར་བསྡུས།

རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ལྟེ་གནས་བཙུགས་ནས་ལོ10ཙམ་འདས་པའི་རིང་ལ། སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཐབས་ཇུས་གལ་ཆེན་ཞིབ་འཇུག་དང་གྲོས་མོལ་གྱི་ལས་དོན་མང་པོའི་ཁྲོད་ཞུགས་ནས་ཞིབ་འཇུག་གི་གྲུབ་འབྲས་མང་པོ་ཞིག་རྒྱལ་ཁབ་ཀྱི་ཐབས་ཇུས་ཀྱི་ཁྲོད་དུ་བསྡུ་ལེན་བྱས་ཡོད་ལ། པར་སྐྲུན་བྱས་པའི་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་དེ་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་ཐབས་ཇུས་འཆར་འགོད་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་བྱ་བ་གཉེར་པ་བརྒྱུད་ནས། ན་གཞོན་ཚན་རིག་ཞིབ་འཇུག་པ་དང་སློབ་ཁྲིད་ཀྱི་རྐང་འཛིན་པ་སྐོར་ཞིག་གསོ་སྐྱོང་བྱས་པ་དང་། སློབ་གྲྭ་དང་སློབ་གླིང་ལ་རམ་འདེགས་བྱས་ནས་བྱས་རྗེས་འབུར་ཐོན་བཞག་པའི་མཁས་པ་སྐོར་ཞིག་ནང་འདྲེན་བྱས། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་བགྲོ་གླེང་གི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་གྲྭ་དང་། སློབ་གླིང་། ལྟེ་གནས་བཅས་ཀྱི་འཕེལ་རྒྱས་ཀྱི་ཐད། རིན་ཐང་ལྡན་པའི་ཐོན་ཁུངས་སྣ་ཚོགས་བསྡུ་ལེན་བྱས་པ་དང་། སྤྱི་ཚོགས་སྟེང་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཡོད།

2 ཞིབ་འཇུག་གི་ཀུན་སློང་།

རྒྱལ་ཁབ་ཀྱི་གནས་ཚུལ་གསལ་རྟོགས་དང་། དམངས་འཚོར་དོ་ཁུར་བྱེད་པ། ཐབས་ཇུས་ཧུར་ཐག་གིས་འདོན་པ། རྒྱལ་ཇུས་ལ་ཤུགས་རྐྱེན་གཏོང་པ།

3 ཞིབ་འཇུག་གི་རྩ་དོན།

རང་ཚུགས་ཀྱིས་བརྗོད་གཞི་འདེམས་པ་དང་། རང་ཚུགས་ཀྱིས་ཞིབ་འཇུག་བྱེད་པ། རང་ཚུགས་ཀྱིས་སྤེལ་པ།

4 སློབ་ཁྲིད་ཀྱི་ཀུན་སློང་།

སློབ་མ་རྩ་བར་འཛིན་པ་དང་། སློབ་མ་ནི་དགེ་རྒན་བཟང་པོ་ཡིན་མིན་ཐག་གཅོད་བྱེད་ཀྱི“ཚད་གཞི”ཡག་ཤོས་ཡིན། ཤེས་བྱ་སློབ་རྒྱུ་དང་མི་གཞི་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་གྱི་འགན་འཁྲི་གཙོ་བོ་ཡིན་ལ། ཤེས་བྱ་སློབ་རྒྱུ་ནི་བྱེད་ཐབས་ཡིན་ལ། མི་གསོ་སྐྱོང་བྱ་རྒྱུ་ནི་དམིགས་ཡུལ་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།