མི་རིགས་ཐུན་མོང་གི་ཕུང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་རིགས་ཐུན་མོང་གི་ཕུང་པོ།
མི་རིགས་ཐུན་མོང་གི་ཕུང་པོ་ནི་ས་ཁོངས་ངེས་ཅན་ཞིག་གི་ནང་ཆགས་པའི་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བ་དམིགས་བསལ་དང། གཏན་ཆགས་ཀྱི་དཔལ་འབྱོར་བྱེད་སྒོའི་ཁྱད་ཆོས། གཏན་ཆགས་ཀྱི་སེམས་ཁམས་སྤུས་ཚད་ཡོད་པའི་མི་རིགས་ཀྱི་ཕྱོགས་བསྡུས་ཕུང་པོ་ཞིག་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民族共同体
མཚན་ཉིད།
མི་རིགས་ཀྱི་ཕྱོགས་བསྡུས་ཕུང་པོ།
ཁྱད་ཆོས།
དམིགས་བསལ་གྱི་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བ།
ཕྱོགས་གང་དག་ཡོད་པ།
ཆབ་སྲིད། དཔལ་འབྱོར། རིག་གནས། འཚོ་བ་རོལ་སྟངས།
1 ​ངོ་སྤྲོད།

མི་རིགས་ནི་ལོ་རྒྱུས་ཀྱི་ཐོན་དངོས་ཤིག་ཡིན་ལ། མི་རིགས་ཐུན་མོང་ཕུང་པོའི་ཁྲོད་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འཚོ་བ་སྐྱེལ་སྟངས་སོགས་ཀྱི་ཁྱད་ཆོས་ནི་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཅུང་གཏན་འཇགས་ཀྱི་སྤྱི་གཤིས་ཤིག་ཆགས་ཡོད་ལ། མི་རིགས་ཐུན་མོང་གི་ཕུང་པོར་དབང་པའི་ཐུན་མོང་གི་སྐད་ཆ་དང་། ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་རིག་གནས་ཐོག་མངོན་པའི་ཐུན་མོང་གི་སེམས་ཁམས་སྤུས་ཚད་བཅས་ཀྱི་ཁྲོད། ཐུན་མོང་གི་ས་ཁོངས་འབྲེལ་བ་ནི་དེ་གྲུབ་པའི་རྨང་གཞི་ཡིན་པ་མ་ཟད། མི་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རྒྱུན་ཆད་མེད་པར་ཤུགས་སྣོན་དང་སྲ་བརྟན་དུ་འགྲོ་བཞིན་ཡོད། མི་རིགས་ཤིག་གི་སྤྱི་ཚོགས་དང་དཔལ་འབྱོར་ཇི་ཙམ་འཕེལ་རྒྱས་བྱུང་ན། ཉེ་འཁོར་གྱི་ས་ཁམས་ཁོར་ཡུག་གསར་སྤེལ་དང་བེད་སྤྱོད་དེ་ཙམ་གྱིས་ཤུགས་ཆེར་འགྲོ་བཞིན་ཡོད། ས་ཁོངས་སྟེང་གི་འགུལ་སྐྱོད་ཇི་ཙམ་མང་ན། ཐུན་མོང་གི་ས་ཁོངས་འབྲེལ་བ་དེ་ཙམ་གྱིས་དམ་ཟབ་ཏུ་འགྲོ་བཞིན་ཡོད། དཔེར་ན“རྒྱ་རིགས”དང་། “ཁྲའོ་ཞན་རིགས”“སོག་རིགས”“ཅིང་རིགས”“ཨུ་རུ་སུ་རིགས”“བོད་རིགས”སོགས་ནི་ལོ་རྒྱུས་ཀྱི་ས་ཁོངས་འབྲེལ་བའི་རྨང་གཞིའི་ཐོག་གྲུབ་པའི་མི་རིགས་ཐུན་མོང་གི་ཕུང་པོ་ཡིན། མི་རིགས་སོ་སོ་སྡོད་སའི་ས་ཁོངས་ཁྲོད་རྩ་བ་ཇི་ཙམ་ཚུགས་ན་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འཚོ་གནས་ནུས་པ་དང་མཐུན་སྒྲིལ་གྱི་སྙིང་སྟོབས་དེ་ཙམ་གྱིས་ཆེ་བ་ཡོད།

ས་ཁོངས་ཐོག་གི་བཀག་འགོག་གིས་མི་རིགས་ཐུན་མོང་གི་ཕུང་པོ་ཁ་བྲལ་དུ་གཏོང་པའི་ནུས་པ་ཐོན་གྱི་ཡོད་པ་དཔེར་ན། དབྱིན་ཅི་ལི་མི་རིགས་དང་ཨ་མེ་རི་ཁ་བྱང་མའི་ཡ་མེ་ལི་ཡའི་མི་རིགས་ཁ་ཐོར་དུ་སོང་བ་ལྟ་བུའོ།། ས་ཁོངས་ཀྱི་འབྲེལ་བས་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་ཁྱད་ཆོས་གཞན་དག དཔེར་ན། སྐད་ཆ་དང་། དཔལ་འབྱོར་འཚོ་བ། རིག་གནས་གཤིས་ཀ་སོགས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད།

2 ཀྲུང་ཧྭ་མི་རིགས།

“ཀྲུང་ཧྭ་མི་རིགས”ནི་མ་གཞི་རྒྱ་རིགས་ལ་ཟེར། རྗེས་སུ་ལིང་ཆི་ཁྲའོ་ཡི་བསམ་བློའི་འོག་རིམ་བཞིན་ཆིང་རྒྱལ་རབས་ཀྱི་དབང་སྒྱུར་ཡོ་བྱད་དུ་གྱུར། ད་ལྟ་ཀྲུང་གོའི་མངའ་ཁོངས་སུ་འཚོ་བ་སྐྱེལ་པའི་མི་རིགས56ལ་ཟེར།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་རིགས། རིག་གནས། ཐུན་མོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།