དམིགས་བསལ་དབང་ཆའི་འབྲེལ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམིགས་བསལ་དབང་ཆའི་འབྲེལ་བ།
དམིགས་བསལ་དབང་ཆའི་འབྲེལ་བ་ནི“སྤྱིར་བཏང་གི་དབང་ཆའི་འབྲེལ་བ”ཡི་ལྟོས་འཇོག་གི་མིང་ཡིན། དམིགས་བསལ་གྱི་བཅའ་ཁྲིམས་རྒྱུ་རྐྱེན་ལ་གཞིགས་ནས་གྲུབ་པའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་བལྟོས་བཅས་ཀྱི་མིའི་བར་གྱི་དམིགས་བསལ་གྱི་བཅའ་ཁྲིམས་འབྲེལ་བ་ལ་ཟེར། དེ་ལ་དབྱེ་ན་གཙོ་བོ། (1)རྒྱལ་ཁབ་དང་གཞུང་ལས་པའི་དབར་གྱི་དམིགས་བསལ་གོ་གནས་ཀྱི་འབྲེལ་བ། (2)རྒྱལ་ཁབ་དང་སྤྱི་སྤྱོད་ལས་དོན་བར་གྱི་དམིགས་བསལ་གྱི་བེད་སྤྱོད་འབྲེལ་བ། (3)རྒྱལ་ཁབ་དང་ས་གནས་རང་སྐྱོང་ཚོགས་པའི་བར་གྱི་དམིགས་བསལ་ལྟ་སྐུལ་གྱི་འབྲེལ་བ་བཅས་ཡོད། དམིགས་བསལ་དབང་ཆའི་འབྲེལ་བ་དང་སྤྱིར་བཏང་གི་དབང་ཆའི་འབྲེལ་བའི་བར་གྱི་ཁྱད་པར་གཙོ་བོ་ནི། (1)འབྲེལ་བའི་ངོ་བོ་མི་འདྲ་སྟེ། དམིགས་བསལ་དབང་ཆའི་འབྲེལ་བ་གཙོ་བོ་ནི་རྩ་འཛུགས་ནང་ཁུལ་དུ་བྱུང་པ་ཡིན། (2)བཅའ་ཁྲིམས་བཀོལ་ཚུལ་མི་འདྲ་སྟེ། དམིགས་བསལ་གྱི་དབང་ཆའི་འབྲེལ་བ་ལ་དམིགས་བསལ་གཏན་འབེབས་ཀྱི་བཅའ་ཁྲིམས་བཀོལ་དགོས། (3)ཆད་པ་གཅོད་ཚུལ་མི་འདྲ་སྟེ། དམིགས་བསལ་གྱི་དབང་ཆའི་འབྲེལ་བར་དམིགས་བསལ་གྱི་ཆད་པ་གཅོད་དགོས། དཔེར་ན། སྲིད་འཛིན་ལས་བྱེད་མི་སྣར་སྲིད་འཛིན་ཐོག་གི་ཆད་པ་གཅོད་པ་ལྟ་བུའོ།། (4)རྩོད་གཞི་ཐག་གཅོད་བྱེད་ཐབས་མི་འདྲ་བ་སྟེ། དམིགས་བསལ་གྱི་དབང་ཆའི་འབྲེལ་བའི་ཁྲོད་གནས་པའི་འོས་འགན་མི་སྣ། དཔེར་ན་གཞུང་ཞབས་པ་ལྟ་བུའོ།། གོང་རིམ་གྱིས་སྲིད་འཛིན་ཐོག་བཅད་པའི་ཆད་པ་ལ་སྲིད་འཛིན་ཐོག་གི་གཏུག་བཤེར་བྱས་མི་ཆོག ངེས་པར་དུ་གོང་རིམ་ནམ་གཙོ་སྐྱོང་སྡེ་ཁག་ཁོ་ན་བརྒྱུད་ནས་ཐག་གཅོད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
特别权力关系
རྨང་གཞི།
ཁྲིམས་ལུགས།
རིགས་དབྱེ།
གཞུང་དོན་གྱི་འབྲེལ་བ་དང་། དམིགས་བསལ་ལྟ་སྐུལ་གྱི་འབྲེལ་བ།
ངོ་བོ།
གཏན་འཇགས་མིན་པའི་རང་བཞིན།
1 ​རིགས་དབྱེ།

སྤྱི་ཁྲིམས་སྟེང་གི་གཞུང་དོན་སྒྲུབ་པའི་བར་གྱི་འབྲེལ་བ། གཞུང་གཉེར་དངོས་པོའི་བེད་སྤྱོད་ཀྱི་འབྲེལ་བ། སྤྱི་ཁྲིམས་ཀྱི་དམིགས་བསལ་ལྟ་སྐུལ་འབྲེལ་བ། ཆེས་སྔ་བའི་འབྱུང་ཁུངས་ནི། གཞུང་ལས་པའི་བཅའ་ཁྲིམས་ཀྱི་འབྲེལ་བ། སློབ་གསོ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་འབྲེལ་བ། དམག་མིའི་བཅའ་ཁྲིམས་ཀྱི་འབྲེལ་བ། བཙོན་དོན་དོ་དམ་བྱེད་པའི་བཅའ་ཁྲིམས་ཀྱི་འབྲེལ་བ་སོགས་ཡིན།

2 ཁྱད་ཆོས།

1. ལྟོས་བཅས་ཀྱི་མིའི་འོས་འགན་གྱི་ངེས་གཏན་མིན་པའི་རང་བཞིན་དང་། དམིགས་བསལ་གྱི་དབང་ཆའི་འབྲེལ་བའི་འོག དམིགས་བསལ་གྱི་དབང་ཆ་འཛིན་མཁན་ལ་ལྟོས་བཅས་ཀྱི་མི་ལ་ཕྱོགས་བསྡུས་རང་བཞིན་གྱི་བཀའ་རྒྱ་གཏོང་པའི་དབང་ཆ་ཡོད། གལ་ཏེ་སྲིད་འཛིན་གྱི་དམིགས་ཡུལ་འགྲུབ་པའི་ཆེད་ཡིན་ན། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་ཁ་གསལ་བྱས་མེད་ཀྱང་ལྟོས་བཅས་ཀྱི་མིར་སྲིད་འཛིན་བཅའ་ཁྲིམས་ཐད་ཀྱི་འོས་འགན་སྣ་ཚོགས་གཏན་འབེབས་བྱས་ཆོག

2. དབང་ཆ་འཛིན་མཁན་གྱིས་ནང་ཁུལ་གྱི་སྒྲིག་སྲོལ་ལྟར་ལྟོས་བཅས་ཀྱི་མིའི་རང་དབང་གི་དབང་ཆར་ཚོད་འཛིན་བྱས་ཆོག་པ་མ་ཟད། ལྟོས་བཅས་ཀྱི་མིར་ཆད་པ་གཅོད་པ་དང་གསལ་བརྡ་གཏོང་པའི་དབང་ཆ་ཡོད།

3. ལྟོས་བཅས་ཀྱི་མིར་བཅའ་ཁྲིམས་ཀྱི་རྒུད་སྐྱོབ་རེག་པའི་དབང་ཆ་མེད། དམིགས་བསལ་གྱི་དབང་ཆ་ཡོད་མཁན་གྱིས་ནང་ཁུལ་གྱི་སྒྲིག་སྲོལ་ལ་བརྟེན་ནས་ལྟོས་བཅས་ཀྱི་མིའི་གཞི་རྩའི་ཁེ་དབང་ལ་ཚོད་འཛིན་བྱས་ཆོག སྒྲིག་སྲོལ་དེ་རིགས་ནི་ནང་ཁུལ་གྱི་བྱེད་ཐབས་ཤིག་ཡིན་པས་ལྟོས་བཅས་ཀྱི་མིས་དེའི་རྐྱེན་གྱིས་ཁྲིམས་ཁང་ལ་སྲིད་འཛིན་གྱི་རྒུད་སྐྱོབ་ཡོང་བའི་རེ་བ་ཞུས་མི་ཆོག

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དམིགས་བསལ། འབྲེལ་བ། དབང་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།