སྤྱི་ལོ1031པ་ལྕགས་ལུག་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1031པ་ལྕགས་ལུག་ལོ།
སྤྱི་ལོ1031པ་ལྕགས་ལུག་ལོ། ལོ་འདིར་ཕུ་ཆུང་བ་གཞོན་ནུ་རྒྱལམཚན་དང་པོ་ཏོ་བ་རིན་ཆེན་གསལ། མ་ཅིག་ལབ་ཀྱི་སྒྲོན་མེ་གསུམ་སྐུ་འཁྲུངས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1031
བོད་ཡིག་གི་མིང་།
ལྕགས་ལུག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1031པ་ལྕགས་ལུག་ལོ།

1. ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་འཕན་ཡུལ་གྱི་སྐྱེ་ར་རྫིང་ཁར་སྐུ་འཁྲུངས། འདི་ནི་བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་བསླབ་པ་བགྲེས་པ་དེ་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སོགས་མཁས་པ་མང་པོའི་ཞབས་ལ་གཏུགས་ནས་བཀའ་བསྟན་གཞུང་ལུགས་མང་དུ་གསན། ལྷག་པར་དུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་དྲུང་དུ་ལོ་བཅུ་གཅིག་བཞུགས་ཏེ་གདམས་ངག་མང་དུ་གསན། དེ་བཞིན་འཕགས་པའི་བདེན་པ་བཞི་ལ་བརྩམས་པའི་ཆོས་མང་དུ་གསན་ཏེ་མཁས་པར་གྱུར། འོན་ཀྱང་སློབ་མ་ཆེར་མི་བསྟེན་པར་དབེན་པར་བཞུགས་ཏེ་དཀོན་མཆོག་མཆོད་ཅིང་ཀུན་བྱང་གི་རྟེན་འབྲེལ་བཅུ་གཉིས་དང་གླེགས་བམ་ནང་གི་མན་ངག་སོགས་སྒྲུབ་པ་སྙིང་པོར་མཛད། བཀའ་གདམས་པའི་བྱེ་བྲག་བཀའ་གདམས་མན་ངག་པའི་སྲོལ་གཏོད།

2. ཡབ་སྲིན་པོ་དང་ཡུམ་ལེ་མོ་གཉིས་ཀྱི་སྲས་པོ་ཏོ་བ་རིན་ཆེན་གསལ་འཕན་ཡུལ་གྱི་སྤྲས་ཀྱི་ཐང་དུ་སྐུ་བལྟམས། ཡང་དེབ་ཐེར་འགའ་ཞིག་ཏུ་མེ་ཡོས(1027)ལོར་སྐུ་འཁྲུངས་པར་འདོད། སྐུ་ཆུང་ངུའི་དུས་ནས་བྱང་སེམས་ཆེ་ཞིང་གདུལ་བྱ་ཀུན་ལ་བརྩེ་བའི་ལྷག་བསམ་བཅངས། དེ་ནས་བཀའ་གདམས་པའི་ཆོས་སྤྱོད་རྣམས་ལེགས་པར་སྦྱངས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས་ནས་སྡེ་སྣོད་གསུམ་ལ་སྦྱང་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་རྩེ་མོར་སོན། དེ་ནས་འབྲོམ་སྟོན་པའི་དྲུང་དུ་ལོ་བདུན་ཙམ་བཞུགས། བཀའ་གདམས་མན་ངག་མང་པོ་གསན། སྐུ་ཚེའི་སྨད་དུ་པོ་ཏོ་དགོན་པ་ཕྱག་བཏབ་ནས་མཛད་འཕྲིན་རྒྱས་པས་སློབ་མ་ཤིན་ཏུ་མང། རབ་བྱུང་གཉིས་པའི་ཤིང་བྱ(1015)ལོར་སྐུ་བདེ་བར་གཤེགས།

3. མ་ཅིག་ལབ་ཀྱི་སྒྲོན་མེ་ནི། ཡབ་ཆོས་བླ་དང་ཡུམ་ཀླུངས་ལོ་འབུམ་ལྕམ་གཉིས་ཀྱི་སྲས་མོར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཤེས་རབ་ཀྱི་རྩལ་དང་ལྡན་ཞིང་། ཡུམ་གྱི་ཡི་གེའི་བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དེ་རྗེས་ཕ་དམ་སངས་རྒྱས་བོད་དུ་ཕེབས་པ་དང་མཇལ་ཏེ་བརྒྱུད་པའི་ནམ་མཁའ་སྒོ་འབྱེད་ཀྱི་དབང་གསན། དེ་ནས་སྐྱོ་སྟོན་བསོད་ནམས་བླ་མའི་ཞབས་ལ་གཏུགས་ཏེ་སྒྱུ་འཕྲུལ་གྱི་དབང་དང་བཀའ་གདམས་མན་ངག་མང་དུ་གསན། ཞི་བྱེད་གཅོད་ཀྱི་བདག་པོར་གྱུར། བཀའ་ཚོམ་ཆེན་མོ་དང་། ཁྱད་པར་གྱི་མན་ངག ཉིང་རྩོམ་སོགས་གཅོད་གཞུང་པོད་བཅུ་ཙམ་མཛད། གྲུབ་མཐའ་རིས་མེད་ཀྱི་སྲོལ་འབྱེད་པ་མ་ཅིག་ལབ་ཀྱི་སྒྲོན་མེ་ཞེས་པའི་མཚན་སྙན་གང་སར་འཕུར་བ་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།