སྤྱི་ལོ1011པ་ལྕགས་ཕག་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1011པ་ལྕགས་ཕག་ལོ།
སྤྱི་ལོ1011པ་ལྕགས་ཕག་ལོ། ལོ་འདིར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་སྐུ་བལྟམས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1011
བོད་ཡིག་གི་མིང་།
ལྕགས་ཕག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1011པ་ལྕགས་ཕག་ལོ།

1.  ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སྐུ་བལྟམས། གྲུ་ཚུལ་ཁྲིམས་འབྱུང་གནས་ཀྱི་དྲུང་དུ་རབ་ཏུ་བྱུང་། ཐོག་མར་མདོ་ཁམས་འདན་ཡུལ་དུ་བླ་མ་སེ་བཙུན་བྱང་ཆུང་གཞོན་ནུའི་དྲུང་ནས་བཀའ་བསྟན་མང་དུ་གསན། སྐབས་དེར་འབྲོམ་སྟོན་པ་དང་། རྔོག་ལེགས་པའི་ཤེས་རབ་སོགས་དང་མཇལ། ཁུ་རྔོག་འབྲོམ་གསུམ་ཞེས་མཚན་སྙན་བ་དན་གཡོ་བ་ལྟར་གང་སར་ཁྱབ། ཇོ་བོ་རྗེ་དབུས་སུ་ཕེབས་སྐབས་ཁུ་སྟོན་གྱི་བཞུགས་གནས་ཐང་པོ་ཆེར་གདན་དྲངས་ནས་ཟླ་གཅིག་ཙམ་བཞུགས། ཆོས་མང་དུ་གསན། དེ་ནས་ཁུ་སྟོན་གྱིས་ཐང་པོ་ཆེར་ཕར་ཕྱིན་གྱི་བཤད་གྲྭ་བཙུགས། གྲྭ་བ་མང་དུ་འཕེལ། གདུལ་བྱ་འགྲོ་བའི་དོན་དུ་ཆོས་མང་དུ་གསུངས། མཐའ་ཤིང་ཡོས(སྤྱི་ལོ1075)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

2.  ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མཚན་སྟོད་རྫོང་གའི་ལྷ་གདོད་ཅེས་པར་ས་ཆར་ནག་ཚོའི་གདུང་བརྒྱུད་དུ་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་ཚུལ་ཁྲིམས་རྒྱལ་བ་ཞེས་དང་། འདུལ་བ་མཁས་པར་མཁྱེན་པས་འདུལ་འཛིན་པར་གྲགས། རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་དུ་ཕེབས་ཏེ་ཇོ་བོ་རྗེ་སོགས་ལོ་པཎ་མང་པོའི་ཞབས་ལ་གཏུགས་ཏེ་བཀའ་དང་གདམས་ངག་མང་དུ་གསན། དེ་རྗེས་བོད་ལ་ཕྱིར་ཕེབས་རྗེས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་བཞིན་མེ་གླང(སྤྱི་ལོ1037)ལོར་ཞབས་འབྲིང་ལྔ་དང་བཅས་ཇོ་བོ་བོད་དུ་གདན་འདྲེན་པར་ཕེབས། ནག་ཚོ་ལོ་ཙཱ་བས་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ལ་ཇོ་བོ་རྗེ་བོད་དུ་ལོ་གསུམ་བཞུགས་ཏེ་ཕྱིར་ཕེབས་རྒྱུའི་དམ་བཅའ་བཞག་ནས་ཇོ་བོ་རྗེ་བོད་དུ་གདན་དྲངས། བསྟན་པའི་མཛད་འཕྲིན་དབྱར་མཚོ་རྒྱས་པ་ལྟར་གོང་དུ་སྤེལ། མཐར་ཤིང་འབྲུག(སྤྱི་ལོ1064)ལོར་གཟིམ་ཁྲི་མཐའ་ཅན་དུ་གྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།