སྤྱི་ལོ998པ་ས་ཁྱི་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ998པ་ས་ཁྱི་ལོ།
སྤྱི་ལོ998པ་ས་ཁྱི་ལོ། ལོ་འདིར་སློབ་དཔོན་ཆེན་པོ་ཏཻ་ལོ་པ་ནི། ཡབ་བྲམ་ཟེ་གསལ་བ་དང་། ཡུམ་བྲམ་ཟེ་མོ་གསལ་ལྡན་གྱི་སྲས་སུ་སྐུ་འཁྲུངས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
998
བོད་ཡིག་གི་མིང་།
ས་ཁྱི།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ998པ་ས་ཁྱི་ལོ། ལོ་འདིར་སློབ་དཔོན་ཆེན་པོ་ཏཻ་ལོ་པ་ནི། ཡབ་བྲམ་ཟེ་གསལ་བ་དང་། ཡུམ་བྲམ་ཟེ་མོ་གསལ་ལྡན་གྱི་སྲས་སུ་སྐུ་འཁྲུངས།

2 མི་སྣའི་མཛད་འཕྲིན། 

རྗེ་འདི་ཉིད་སྐུ་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་སྟོབས་ཀྱི་རྩལ་དང་ལྡན་ཞིང་། དེ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་རྣལ་འབྱོར་ཆེན་པོ་མང་པོའི་ཞབས་ལ་གཏུགས་ཏེ་བཀའ་བསྟན་གདམས་ངག་མང་དུ་གསན། མུ་སྟེགས་པའི་མཁས་པ་མང་པོ་དང་རྩོད་པ་བྱས་ཏེ་ཕམ་པར་མཛད། གསང་སྔགས་རྡོོ་རྗེ་ཐེག་པའི་ཆོས་ལ་མཆོག་ཏུ་མངའ་བར་གྱུར། ཁྱད་པར་དུ་གངས་ཅན་གྱི་ཡུལ་དུ་སངས་རྒྱས་བསྟན་པའི་གཞུང་ལུགས་སྤེལ་བར་བཀའ་དྲིན་ལྷག་ཏུ་ཆེ་བའི་སློབ་དཔོན་ཞིག་ཡིན།

3 ཞར་བྱུང་། 

སྤྱི་ལོ1002པ་ཆུ་སྟག་ལོ།

གསང་སྔགས་རྙིང་མའི་སློབ་དཔོན་ཟུར་གསུམ་གྱི་ཡ་གྱལ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་སྐུ་འཁྲུངས། རྗེ་འདི་ཉིད་འུག་པ་ལུང་གི་ལྷ་ཁང་བཞེངས་པས་འུག་པ་ལུང་པ་ཞེས་གྲགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-09

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།