སྤྱི་ལོ958པ་ས་རྟ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ958པ་ས་རྟ་ལོ།
སྤྱི་ལོ958པ་ས་རྟ་ལོ། ལོ་འདིར་ལོ་ཆེན་རིན་ཆེན་བཟང་པོ་མངའ་རིས་གུ་གེའི་ས་ཆ་ཝམ་རཏྣ་ནས་སྐུ་འཁྲུངས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
958
བོད་ཡིག་གི་མིང་།
ས་རྟ།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ958པ་ས་རྟ་ལོ། ལོ་འདིར་ལོ་ཆེན་རིན་ཆེན་བཟང་པོ་མངའ་རིས་གུ་གེའི་ས་ཆ་ཝམ་རཏྣ་ནས་སྐུ་འཁྲུངས། 

2 མི་སྣའི་མཛད་འཕྲིན། 

གདུང་ལྷ་བཟོ་བྱ་བ་དང་། རིགས་རྗེ་རིགས། དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་། དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ལོ་བཅུ་ཙམ་བཞུགས། ལོ་པཎ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་དང་། སྒྲ་རིག་པ། ཚད་མ། གསོ་བ་རིག་པ་སོགས་མཐར་ཕྱིན་པ་སྦྱངས་ཏེ་ཕྱི་ནང་གི་རིག་པའི་གནས་ལ་ཤིན་ཏུ་མཁས་པར་གྱུར། ལོ་ཆེན་རིན་ཆེན་བཟང་པོ་ཞེས་མཚན་སྙན་བ་དན་གཡོ་བ་ལྟར་གང་སར་ཁྱབ། མ་ཧཱ་པཎ་ཊི་ཏ་འདི་ཉིད་ཀྱིས་འདུས་པ་དང་དཔལ་མཆོག་དང་པོ། རྡོ་རྗེ་རྩེ་མོ་སོགས་རྒྱུད་སྡེའི་སྐོར་མང་པོ་བོད་དུ་བསྒྱུར་གནང་མཛད་དེ་གསང་སྔགས་གསར་མའི་བསྟན་པ་ལོ་ཆེན་རིན་ཆེན་བཟང་པོ་ནས་འགོ་ཚུགས། དེ་བཞིན་འཕགས་ཡུལ་གྱི་གསོ་བ་རིག་པའི་གཞུང་ལུགས་མང་པོ་བོད་དུ་བསྒྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།