གཞན་གཅེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞན་གཅེས་ནི་སློབ་མར་གཞན་གཅེས་ཀྱི་བསམ་པ་ཕུན་སུམ་ཚོགས་པ་བསྐྲུན་ཏེ། སེམས་གཏིང་ནས་ཤ་ཚ་ཞིང་སྙིང་ཉེ་བར་བྱེད་པའི་སེམས་བྱུང་ཞིག་ཡིན་ཞིང་། སྤྱིའི་ཆ་ནས་ང་ཚོ་བོད་མི་རྣམས་གཡོ་མེད་དྲང་བདེན་གྱི་བསམ་པ་ཅན་དུ་འདུག་སྟེ། རང་རེའི་བོད་རིགས་སྤུན་ཟླ་རྣམས་འཛམ་གླིང་ཧྲིལ་བོར་འཐོར་ཏེ་གནས་ཚེ་ཡུལ་དེ་དང་དེའི་མི་རྣམས་ཀྱིས་ཡིན་རིང་དུ་འགྲོགས་པའི་ཉམས་མྱོང་ལ་བོད་ཟེར་བ་སྙིང་རྗེ་ཕན་སེམས་ཅན། དྲང་བདེན་དང་སྤོབས་པ་ཅན། ཡ་རབས་ཀྱི་མི་རིགས་ཤིག་རེད་ཅེས་བསྔགས་བརྗོད་བྱེད་པ་ཆེས་མང་དུ་འདུག་པ་ནི་ང་ཚོའི་ཕ་མེས་བཟང་པོས་བཞག་པའི་གཟི་བརྗིད་ཡིན་པའི་སྲོལ་བཟང་དེ་དག་མི་ཉམས་པར་བྱེད་རྒྱུ་ནི་གལ་ཆེ་བའི་གནས་སོ༎
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
རྣམ་པ།
གཞན་གཅེས།
1 རྒྱས་བཤད།

གཞན་གཅེས་ཀྱི་བསམ་པ་འདི་ཤིན་ཏུ་གལ་ཆེ་སྟེ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འཐབ་འཁྲུག། མི་རིགས་བར་གྱི་འཕྲོག་རྩོད། མི་དང་མིའི་བར་གྱི་ཆགས་སྡང་སོགས་མ་ལུས་གཞན་གཅེས་ཀྱི་བསམ་པ་དང་བྲལ་བ་ལས་བྱུང་བ་ཡིན་ཏེ། རང་ཉིད་ཁོ་ན་བསམ་རྒྱུ་མང་དྲགས་པས་རང་གི་བདེ་བ་འབའ་ཞིག་ཁོ་ན་གཉེར་བར་ས་ཆུ་མེ་རླུང་གི་གནོད་འཚེ་ཡང་རབས་དང་རིམ་པ་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེ་ཡང་གཞན་གཅེས་ཀྱི་བསམ་པ་ནི། ཕན་བདེ་ཞི་བདེ་མཐའ་དག་གི་གཞི་ཡིན་པས་ང་ཚོས་དབྱར་རྩྭ་དགུན་འབུ་བརྐོ་བ་ཁོ་ནའི་སྟེང་ནས་ཀྱང་རང་བྱུང་ཁམས་ཆེན་མོར་གཏོར་བརླག་ཇི་འདྲའི་ཚབས་ཆེན་བཟོ་བ་དང་བཟོས་བཞིན་འདུག། ང་ཚོས་བྱིས་པར་ཕྲུ་གུའི་དུས་ནས་གཞན་གཅེས་ཀྱི་བསམ་པ་ཕ་མའི་བྱ་བྱེད་ལས་རྒྱུད་སྤེལ་བྱ་དགོས་ཤིང་། ཕྱིས་སུ་དགེ་རྒན་ཡོངས་ཀྱིས་བྱིས་པའི་དུས་དང་། ན་ཆུང་གི་དུས་ནས་སོ་སོར་གཞན་གཅེས་ཀྱི་བསམ་པ་མུ་མཐུད་དུ་ཉམས་སུ་མྱོང་བར་བྱས་ནས་སློབ་བུ་རྣམས་ལ་ཀུན་སྤྱོད་ཡག་པོ་ཞིག་ཅི་ནས་ཀྱང་ཆགས་ངེས་སོ༎ ཀུན་སྤྱོད་ཡག་པོ་ཞིག་ཆགས་པའི་རྨང་གཞིའི་སྟེང་ང་ཚོས་ད་གཟོད་གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་མ་ཕུད་པར་དགེ་རྒན་དང་ཕ་མ་ཟུང་སྦྲེལ་གྱིས་རང་གི་བུ་ཕྲུག་མ་འོངས་པར་སྤྱི་ཚོགས་ཀྱི་ཁུར་བོ་རུ་མི་འགྱུར་བའི་ཐད་དུ་ཐབས་ཤེས་ཟུང་དུ་སྦྲེལ་ཏེ་ནུས་ཤུགས་འདོན་དགོས་པར་འདུག་གོ། བྱིས་པ་ལང་ཤོར་དུ་མི་གཏོང་རྒྱུ་ཤིན་ཏུ་གལ་ཆེ་སྟེ། ཨ་མེ་རི་ཁ་ལ་མཚོན་ན་ཕ་མ་ཚོས་བུ་ཕྲུག་ལ་ཆུང་དུས་ནས་ངལ་རྩོལ་གྱི་རིན་ཐང་ཤེས་སུ་བཅུག་པར་མ་ཟད། རང་གིས་ཀླད་པ་འགུལ་བ་དང་རང་གིས་ལག་པ་འགུལ་བའི་གོམས་སྲོལ་བཟང་བོ་ཆགས་སུ་འཇུག་ཅིང་། བུ་ལ་སྒོར་འདོད་ན་རང་གི་ངལ་རྩོལ་བྱོས་ཞེས་བྱ་བའི་སྲོལ་བཟང་རྒྱུན་འབྱམས་སུ་སོང་ཡོད་པ་རེད། འཇར་མན་རྒྱལ་ཁབ་ལ་མཚོན་ན་བྱིས་པ་ལོ14རུ་ཐོན་ཚེ་ཁྱིམ་ཚང་གི་འོས་འགན་འགའ་རེ་འཁུར་དགོས་པ་དང་། ཉི་ཧོང་ལ་མཚོན་ན་ཁྱིམ་མི་རྣམས་ཡུལ་གཞན་ལ་ལྗོངས་རྒྱུར་འགྲོ་ན་ལོ་ཅི་ཙམ་ཆུང་ནའང་རྒྱབ་ཏུ་ཁུག་མ་ཆུང་ཆུང་ཞིག་འཁུར་བ་ཡིན། ཁོ་ཚོའི་ཕ་མས་དེ་ནི་བུ་ཕྲུག་རང་གི་ཅ་ལག་ཡིན་པས། ཁོ་རང་གིས་འཁུར་འོས་པར་སྙམ། ཀུན་སྤྱོད་ཡག་པོ་ཞིག་ཆགས་པའི་རྨང་གཞིའི་སྟེང་བསླབ་བྱའི་གནས་ལ་འབད་པས་ཞུགས་ན་ང་ཚོའི་སློབ་གསོའི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ལགས་སོ༎


བརྡ་འགྲེལ་གདོང་འཛར།

ཕན་བདེ། ཀུན་སྤྱོད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།