གསོག་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསོག་ཆས།
གནས་སྐབས་གསོག་འཇོག་གམ་ཡང་ན་ཡུན་རིང་གསོག་འཇོག་བྱེད་པའི་གཞི་གྲངས་ཀྱི་གློག་རྡུལ་དང་། ཁབ་ལེན། སྐུལ་ལྕག རྫས་འགྱུར་སོགས་ཀྱི་ཐོན་རྫས་ཤིག་ཡིན་ལ། རྩིས་འཁོར་ནང་སྤྱིར་བཏངROMདངRAM སྲ་ཆས་དང་དེ་བཞིན་ཞོར་འབྲེལ་སྐུལ་ཆས་སོགས་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
储存器
ཕྱི་ཡིག་གི་མིང་།
Memory
རིགས་དབྱེ།
འབྲི་ཀློག་གམ་ཡང་ན་ཕྱི་གསོག་ཁོ་ན་ཀློག་པ།
1 ནང་གསོག་ཆས།

ནང་གསོག་ཆས་ནི་ཐད་ཀརCPUདང་སྦྲེལ་ཡོད་ལ།  གསོག་ལེན་མྱུར་ཚད་ཅུང་མགྱོགས་པའི་གློག་རྡུལ་གྱིས་གྲུབ་མོད། འོན་ཀྱང་གསོག་ཉར་ཤོང་ཚད་ཅུང་ཆུང་། མིག་སྔའི་འཁོར་སྐྱོད་གོ་རིམ་གྱི་བཀའ་བཀོད་དང་གྲངས་གཞི་ཉར་ཚགས་བྱེད་པར་མ་ཟད། ཐད་ཀརCPUདང་ཆ་འཕྲིན་བརྗེ་རེས་བྱེད་པ་ནིCPUཡི་གཞི་གྲངས་ཐག་གཅོད་བྱེད་པའི་ཡོང་ཁུངས་གཙོ་བོ་ཡིན། ནང་གསོག་ཆས་ནི་གསོག་ཉར་ཚན་པ་མང་པོ་ཞིག་གིས་གྲུབ་པ་དང་ཚན་པ་རེ་རེ་ཡིས་གྲངས་ཀ་གཉིས་སམ་གཅིག་ནི་ཨང་གྲངས་གཉིས་ཀྱིས་མཚོན་པ་ཡིན། ནང་གསོག་ཆས་ནི་སྐབས་བསྟུན་བཅོལ་ཆས་དང་ཀློག་ཆས་ཁོ་ནས་གྲུབ་པ་ཡིན། ཀློག་ཙམ་གསོག་ཆས(ROM,ReadOnlyMemory)འཕྲུལ་འཁོར་སྒོ་ཕྱེ་བའི་ཐོག་མའི་ལས་ཀ་དང་མ་ལག་རང་ལེན་གྱི་སྒྲིག་ཆས་ཞུགས་གྲངས་ཀྱིས་སྒྲིག་བཀོད་བྱེད་དགོས། RAM(Randomaccessmemory)ཡིས་གཞི་གྲངས་གཉིས་གསོག་ཉར་སྡེ་ཚན་དང་ཐད་ཀར CPU དང་འབྲེལ་བ་བརྒྱུད་ནས་གཞི་གྲངས་ཀློག་པའི་དུས་ཚོད་ཇེ་ཉུང་དུ་བཏང་། RAMསྟེང་དུ་གནས་པའི་གཞི་གྲངས་ནི་རྩིས་འཁོར་གྱི་རྒྱུན་ལྡན་མིན་པའི་རང་བཞིན་གྱིས་གཙང་སེལ་བྱེད་ཐུབ། དེ་བས་མི་རྣམས་ཀྱིས་ད་གཟོད་གཞི་གྲངས་སོགས་ཀྱི་ནང་དུ་ཉར་ཚགས་བྱེད་དགོས། ནང་གསོག་གཙོ་བོ་ནིRAMལ་ཟེར།

2 ཕྱིའི་གསོག་ཆས།

ཕྱི་གསོག་ཆས་ནི་ནང་གསོག་ཆས་ཀྱི་རིགས་ཤིག་ཡིན། དེ་རྒྱུན་དུ་གསོག་ཉར་བྱས་པའི་ཤོང་ཚད་ཆེ་བ་དང་རིན་གོང་དམའ་མོད། འོན་ཀྱང་གསོག་ཉར་གྱི་མྱུར་ཚད་དལ་བ་དང་། སྤྱིར་བཏང་དུ་གནས་སྐབས་སུ་བཀོལ་སྤྱོད་མི་བྱེད་པའི་བྱ་རིམ་འབོར་ཆེན་གསོག་ཉར་བྱས་ཡོད།  གཞི་གྲངས་དང་བར་དཀྱིལ་གྱི་མཇུག་འབྲས་ལ་མཁོ་བའི་སྐབས་སུ་ཆ་འཕྲིན་བརྗེ་རེས་བྱེད་ཆོག   རྩིས་འཁོར་མ་ལག་གི་ལྷུ་ལག་གཞན་གྱིས་ཐད་ཀར་བཅར་འདྲི་བྱེད་མི་ཆོག་ལ།  རྒྱུན་བཀོལ་གྱི་ཕྱི་གསོག་དང་སྒྲ་ཐག་སོགས་ཡོད།                            

ཕྱི་གསོག་ལ་རིགས་མང་དུ་དབྱེ་ཡོད་དེ། དཔེར་ན(Harddrive)མཉེན་སྡེར(Floppydisk)CDདངCD-Rའདྲ་བཤུས་ཆོག་པའི་མཁོ་ཕབ་དངCD-ROMཡི་འབྲི་ཀློག   རྩིས་འཁོར་ཆེ་གྲས་འགའ (Mainframecaputeer)ཡིས་སྡུད་ཐག་གིས་དྲ་རྒྱའི་འཕེལ་རིམ་གསོག་ཉར་བྱེད་པའི་གཞི་གྲངས་ཆེན་པོ་འབྲི་བཞིན་ཡོད། 

3 གསོག་ཆས་ཀྱི་རིགས་དབྱེ།
3_1  སྐབས་བསྟུན་གསོག་ཆས།

སྐབས་བསྟུན་གསོག་ཆས་ནིCPUདང་ཐད་ཀར་གཞི་གྲངས་བརྗེ་རེས་བྱེད་པའི་ནང་གི་གསོག་ཆས་ཤིག་ཡིན་ལ། མིང་གཞན་ལ་གཙོ་གསོག་ཟེར། དེས་ག་དུས་ཡིན་ནའང་ཀློག་འབྲི་བྱས་ཆོག་པར་མ་ཟད་མྱུར་ཚད་ཧ་ཅང་མགྱོགས། རྒྱུན་པར་བཀོལ་སྤྱོད་མ་ལག་གམ་འཁོར་སྐྱོད་བྱེད་བཞིན་པའི་གོ་རིམ་གཞན་དག་གི་གནས་སྐབས་གཞི་གྲངས་གསོག་འཇོག་བྱེད་དགོས།  

3_2 གསོག་ཉར་ཆས།                         

དབྱིན་ཡིག་གི་བསྡུས་མིང་ལROMཟེར། ཉར་ཚགས་བྱས་པའི་གཞི་གྲངས་ནི་རྒྱུན་པར་གཙོ་འཁོར་དུ་མ་བཅུག་གོང་ནས་བྲིས་པ་ཡིན། བྱ་བ་སྒྲུབ་སྐབས་སྐབས་བསྟུན་གསོག་ཆས་དང་འདྲ་བར་གང་འདོད་དུ་ཀློག་མི་རུང་། འོན་ཀྱང་ཉར་གསོག་ཆས་ལ་ལའི་ཉར་གསོག་བྱས་པའི་གཞི་གྲངས་ཧ་ཅང་གཏན་འཇགས་ཡིན། དེའི་ཕྱིར་སྤྱིར་བཏང་དུ་བྱ་རིམ་དང་གཞི་གྲངས་སྣ་ཚོགས་གསོག་ཉར་བྱེད་པར་བཀོལ་བ་ཡིན།       

3_3 ཕྱི་ཡི་གསོག་ཆས།

ཕྱི་ཡི་གསོག་ཆས་ལ་མཉེན་སྡེར་གསོག་ཆས་དང་། ཉར་ཆས། སྒུལ་བདེའི་གསོག་ཆས། འཁྱུག་གསོག་སྡེར། སྲ་གཟུགས་གསོག་ཆས། ཉར་ཆས་སོགས་འདུས།  ཕྱི་ཡི་གསོག་འཇོག་ཡོ་ཆས་ཞེས་པ་ནི་རྩིས་འཁོར་དངCPUདལ་གསོག་ཕུད་པའི་གསོག་འཇོག་ཡོ་བྱད་ལ་ཟེར་བ་དང་། གསོག་ཉར་ཡོ་ཆས་དེ་རིགས་སྤྱིར་ན་གློག་ཆད་རྗེས་སྔར་བཞིན་གཞི་གྲངས་ཉར་ཚགས་བྱེད་ཐུབ། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲ་ཆས། ནང་བྱང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-11

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།