གཙོ་འཁོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

གཙོ་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྡ་འགྲེལ་གྱི་དོན་གཞན་འགོད་རོགས།)

གཙོ་འཁོར།
གཙོ་འཁོར་ནི་རྩིས་འཁོར་གྱི་ཕྱིར་གཏོང་དང་བསྡུ་ལེན་སྒྲིག་ཆས་ཕུད་པའི་ཆ་ཤས་གཙོ་བོ་དག་ཡིན། དེ་ཡང་པང་ལེབ་གཙོ་བོ་དང་ལྷུ་ལག་གཙོ་བོ་གཞན་དག་འཇོག་པའི་ཚོད་འཛིན་སྒམ་གཟུགས(སྣོད་ཆསMainframe)ཡིན། དེའི་ནང CPU དང་གློག་ཁུངས། གཙོ་ངོས། འོད་ཆས། ནང་གསོག དེ་བཞིན་ཕྱིར་གཏོང་ཚོད་འཛིན་ཆས་དང་མཐུད་ཁ་སོགས་འདུས། དྲ་རྒྱའི་ལག་རྩལ་ཁྲོད་དུ་ཆ་འཕྲིན་གཏོང་ལེན་དང་བསྡུ་ལེན་བྱེད་པའི་སྐོར་གྱི་མཐའ་སྣེའི་སྒྲིག་ཆས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
主机
ཕྱི་ཡིག་གི་མིང་།
Main frame
རིགས་དབྱེ།
རྩིས་འཁོར་སྲ་ཆས་རྒྱུད་ཁོངས།
གྲུབ་ཆ།
CPU དང་གློག་ཁུངས།  གཙོ་ངོས། འོད་ཆས། ནང་གསོག་སོགས།
དཀར་ཆག
1   གཙོ་འཁོར་རིགས་དབྱེ།
1.1 རྩིས་འཁོར་གྱི་གཙོ་འཁོར།
1.2 internetགཙོ་འཁོར།
1.3 གློག་ཀླད་གཙོ་འཁོར།
1.4 རྟོག་བཟོའི་གཙོ་འཁོར།
2   ཞབས་ཞུའི་ཚོང་འདེམས་པ།
3   རྟོག་བཟོས་གཙོ་འཁོར་གདམ་གསེས་བྱེད་པ།
3.1 ཐེག་ཚད།
3.2 བཞུར་ཚད།
3.3 སྦྲེལ་མཐུད་གྲངས།
3.4 དྲ་ཐོག་གི་ཚད།
3.5 བབ་བསྟུན་གྱི་ཚད།
3.6 དྲ་ཚིགས་ཀྱི་བྱེད་ནུས།
4   གྲུབ་ཆ།
5   སྐུད་ཟུང་གཙོ་འཁོར།
5.1 ཅི་ཞིག་ནི་སྐུད་ཟུང་རྟོག་བཟོའི་གཙོ་འཁོར་ཡིན།
5.2 རིག་ནུས་སྐུད་ཟུང་གཙོ་འཁོར།
5.3 སྐུད་ཟུང་རྟོག་བཟོའི་གཙོ་འཁོར་གྱི་ལེགས་ཆ།
6   སྐུད་ཟུང་བར་སྟོང་།
7   གཞི་གྲངས་འཕྲིན་གཏོང་རྒྱུད་ཁོངས་ཀྱི་གཙོ་འཁོར།
7.1 ངོ་སྤྲོད་མདོར་བསྡུས།
7.2 གྲུབ་ཚུལ།
7.3 ཁྱད་ཆོས།
8   གཙོ་འཁོར་གྱི་ལེགས་ཆ།
9   གཙོ་འཁོར་བོགས་གཡར།
9.1 ཆ་རྐྱེན་དང་པོ་ནི་འགྲོས་ཚད།
9.2 ཆ་རྐྱེན་གཉིས་པ་བདེ་འཇགས།
9.3 ཆ་རྐྱེན་གསུམ་པ་ཐིག་འདེམས་པ།
9.4 ཆ་རྐྱེན་བཞི་པ་གནས་ཐང་འཕར་བའི་ཞབས་ཞུ།
9.5 ཆ་རྐྱེན་ལྔ་པ་ཡིད་ཆེས།
10   མངོན་འགྱུར་བྱེད་ཐབས།
11   IPས་གནས་ཞིབ་འགྲེལ།
1 གཙོ་འཁོར་རིགས་དབྱེ།
1_1 རྩིས་འཁོར་གྱི་གཙོ་འཁོར།

རྩིས་འཁོར་གྱི་སྲ་ཆས་མ་ལག་ཁྲོད་དུ་པང་ལེབ་གཙོ་བོ་དང་ལྷུ་ལག་གཙོ་བོ་གཞན་དག་འཇོག་པའི་ཚོད་འཛིན་སྒམ་གཟུགས(སྣོད་ཆསMainframe)དང་། དེའི་ནང CPU དང་གློག་ཁུངས།  གཙོ་ངོས། འོད་ཆས། ནང་གསོག དེ་བཞིན་ཕྱིར་གཏོང་ཚོད་འཛིན་ཆས་དང་མཐུད་ཁ་སོགས་འདུས། དེ་མིནUSBཚོད་འཛིན་ཆས་དང་། འཆར་བྱང་། སྒྲ་བྱང་སོགས་ཚུད་ཡོད། འཕྲུལ་སྒམ་གཙོ་བོ་ཕན་ཆད་དུ་གནས་པ་ལ་རྒྱུན་པར་ཕྱི་སྒྲིག(དཔེར་ན་མཐེབ་གཞོང་། ཙིག་རྟགས། ཕྱི་འབྲེལ་སྲ་ཆས། ཕྱི་འབྲེལ་འོད་ཆས་སོགས)ཟེར། སྤྱིར་བཏང་དུ་གཙོ་འཁོར་རང་སྟེང(མཉེན་ཆས་ནང་འཇུག་བྱས་རྗེས)ནི་ཁེར་རྐྱང་དུ་འཁོར་སྐྱོད་བྱེད་ཐུབ་པའི་རྩིས་འཁོར་མ་ལག་ཅིག་ཡིན་པ་དང་། ཞབས་ཞུ་འཕྲུལ་ཆས་སོགས་ཆེད་ལས་ཀྱི་སྤྱོད་སྒོ་ལྡན་པའི་རྩིས་འཁོར་ལ་རྒྱུན་དུ་གཙོ་འཁོར་མ་གཏོགས་གཞན་མེད།

1_2 internetགཙོ་འཁོར།

internetཐོག་གི་གཙོ་འཁོར་ནི། internetདང་འབྲེལ་བའི་རྩིས་འཁོར་གང་རུང་ཞིག་ལ་གཙོ་འཁོར་ཟེར། འཕྲུལ་འཁོར་རེ་རེརIpགནས་ཡོད་པ་དང་། འཕྲུལ་འཁོར་རེ་རེའི་དྲ་སྦྲེལ་སྟེང་གི་གོ་གནས་ཚང་མ་འདྲ་མཉམ་ཡིན།

1_3 གློག་ཀླད་གཙོ་འཁོར།

གློག་ཀླད་ཀྱི་གཙོ་འཁོར་ནི་ནུས་པ་མཐོ་བ་དང་། ནུས་པ་ཞན་པ། སྒྲ་མེད་ཚད་བརྒལ་གྱི་གློག་ཀླད་ཅིག་ཡིན་པ། 1080Pཡི་དབྱེ་འབྱེད་ཚད་མཐོ་བའི་དྭངས་གསལ་གློག་བརྙན་གཏོང་ཆས་ལ་རྒྱབ་སྐྱོར་བྱེད་པ། དུས་མཚུངས་སུ་ཁྱིམ་ཆས་མཛེས་བཟོ་བྱེད་པའི་ཁྱིམ་ཚང་གི་སྒྲིག་ཆས་ཤིག་ཀྱང་ཡིན་པས། དྲ་འཇུག་དང་གློག་བརྙན་སོགས་ལ་བལྟས་ཆོག

1_4 རྟོག་བཟོའི་གཙོ་འཁོར།

1.དྲ་རྒྱའི་བར་སྟོང་ལ་དྲ་ངོས་བར་སྟོང་ཡང་ཟེར། གསོག་ཉར་དྲ་ངོས་དང་། གོ་རིམ། པར་རིས་སོགས་དྲ་ངོས་ཡིག་ཆའི་བར་སྟོང་གཙོ་བོ་ཡིན།

2.གཞི་གྲངས་མཛོད་ཀྱི་བར་སྟོང་། གཞི་གྲངས་མཛོད་ཀྱི་རྟོག་བཟོའི་གཙོ་འཁོར་གྱིས་མཁོ་འདོན་བྱས་པའི་གཞི་གྲངས་མཛོད་ཀྱི་གསོག་འཇོག་བར་སྟོང་ལ་རྒྱབ་སྐྱོར་བྱེད་པ།

3.ཉིན་ཐོའི་བར་སྟོང་དང་དྲ་ཚིགས་ཡིག་ཆ་གསོག་འཇོག་གི་བར་སྟོང་།

རྟོག་བཟོས་གཙོ་འཁོར(དྲ་ཚིགས་ས་ཚིགས་ཀྱི་བར་སྟོང་ཡང་ཟེར)ནི་དྲ་རྒྱའི་ཞབས་ཞུའི་འཕྲུལ་ཆས་སྟེང་སྡུད་སྡེར་བར་སྟོང་ངེས་ཅན་ཞིག་དབྱེ་ནས་སྤྱོད་མཁན་ལ་ས་ཚིགས་འཇོག་པ་དང་སྒྲིག་ཆས་སོགས་བཀོལ་སྤྱོད་བྱེད་པ། དགོས་ངེས་ཀྱི་ས་ཚིགས་བྱེད་ནུས་དང་གཞི་གྲངས་གསོག་འཇོག  བརྒྱུད་གཏོང་བྱེད་ནུས་འདོན་སྤྲོད་བྱེད་པ་བཅས་ཡིན། རྟོག་བཟོའི་འཕྲུལ་འཁོར་གཙོ་བོའི་ལག་རྩལ་ཐོན་པ་ནི་དྲ་སྦྲེལ་ལག་རྩལ་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་དང་རྒྱ་ཆེའི་དྲ་སྦྲེལ་སྤྱོད་མཁན་གྱི་འཕྲིན་བཟང་ཞིག་རེད། རྟོག་བཟོས་གཙོ་འཁོར་མང་པོ་ཞིག་གིས་གཙོ་འཁོར་གྱི་ཐོན་ཁུངས་ངོ་མ་ཞིག་མཉམ་སྤྱོད་བྱས་པས་སྤྱོད་མཁན་ཚང་མས་ཐེག་པའི་མཁྲེགས་ཆས་འགྲོ་གྲོན་དང་། དྲ་རྒྱའི་སྲུང་སྐྱོང་གྲོན་དངུལ། འཕྲིན་གཏོང་སྐུད་ལམ་གྱི་འགྲོ་གྲོན་བཅས་ཚང་མ་ཆེས་ཆེར་ཆག་ནས་དྲ་སྦྲེལ་དེ་མི་ཚང་མས་སྤྱོད་ཐུབ་པའི་དྲ་རྒྱ་ཞིག་ཏུ་གྱུར་ཡོད། ད་ཆ་ཨ་རིའི་ཀུང་སིའི(ཁྱིམ་ཚང་ཁག་གཅིག་ཚུད་པ)ཚང་མས་དྲ་རྒྱའི་ཐོག་རང་ཉིད་ཀྱི་དྲ་རྒྱའི་ཞབས་ཞུའི་ཡོ་བྱད་བཙུགས་པ་དེའི་ནང་གི་ཆ་ཤས་ངེས་ཅན་ཞིག་ནི་རྟོག་བཟོས་འཕྲུལ་འཁོར་གཙོ་བོ་ཡིན་པ་རེད།

རྟོག་བཟོས་གཙོ་འཁོར་ཞེས་པ། “དྲ་ཚིགས་བར་སྟོང”ཡང་ཟེར་ཞིང་། དེ་ནི་དྲ་སྦྲེལ་ཐོག་འཁོར་སྐྱོད་བྱེད་པའི་ཞབས་ཞུ་ཆས་མང་པོ་ཞིག་ཏུ་དབྱེ་བ་དང་། རྟོག་བཟོའི་གཙོ་འཁོར་ཚང་མར་རང་ཚུགས་ཀྱི་ཁོངས་མིང་དང་ཆ་ཚང་བའི་དྲ་སྦྲེལ་ཞབས་ཞུ་ཆས(ཝན་ཝེ་དྲ་བ་དང་། FTPགློག་རྡུལ་ཡིག་སྒམ་སོགས)ནུས་པ་ལྡན་ཡོད། ཞབས་ཞུ་ཆས་ཐོག་གི་རྟོག་བཟོའི་འཕྲུལ་འཁོར་གཙོ་བོ་མི་འདྲ་བ་ནི་རང་སོ་སོའི་རང་ཚུགས་དང་འབྲེལ་སྤྱོད་མཁན་རང་གིས་དོ་དམ་བྱ་དགོས། འོན་ཀྱང་ཞབས་ཞུའི་འཕྲུལ་ཆས་ཀྱི་གཙོ་འཁོར་ཞིག་གིས་གྲངས་འབོར་ངེས་ཅན་གྱི་རྟོག་བཟོའི་གཙོ་འཁོར་ལ་རྒྱབ་སྐྱོར་བྱེད་ཐུབ། གྲངས་འབོར་དེ་ལས་བརྒལ་སྐབས་སྤྱོད་མཁན་གྱིས་ནུས་པ་མྱུར་དུ་མར་ཆག་པ་ཚོར་ཐུབ།

རྟོག་བཟོས་འཕྲུལ་འཁོར་གཙོ་བོའི་ལག་རྩལ་ནི་དྲ་སྦྲེལ་ཞབས་ཞུ་ཆས་ཀྱིས་སྤྱད་པའི་ཞབས་ཞུའི་ཆས་ཀྱི་མཁྲེགས་གཟུགས་མ་གནས་གྲོན་ཆུང་བྱེད་པའི་ལག་རྩལ་ཞིག་ཡིན་པ་དང་། རྟོག་བཟོའི་འཕྲུལ་འཁོར་གཙོ་བོའི་ལག་རྩལ་གཙོ་བོHTTPཞབས་ཞུ་སྤྱད་དེ་ཞབས་ཞུའི་ཡོ་བྱད་ཀྱི་རྣམ་གྲངས་ཤིག་གམ་ཡང་ན་ཞབས་ཞུའི་ནང་དོན་གྱི་གཏན་ཚིགས་དེ་ཞབས་ཞུའི་ཚན་པ་མང་པོར་དབྱེ་བ་དང་ཕྱི་ཕྱོགས་སུ་ཞབས་ཞུ་ཡོ་ཆས་མང་པོ་སྤྱད་དེ་ཞབས་ཞུའི་འཕྲུལ་ཆས་ཀྱི་མཁྲེགས་གཟུགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཡོད་པ་རེད། གལ་ཏེ་དབྱེ་འབྱེད་ནི་མ་ལག་རིམ་པ་ཡིན་ན་ཞབས་ཞུ་ཆས་ཟེར།

2 ཞབས་ཞུའི་ཚོང་འདེམས་པ།

1.ཚོང་གཉེར་དུས་ཚོད་ནི་རྟོག་བཟོའི་གཙོ་འཁོར་མཁོ་འདོན་བྱེད་མཁན་ལ་གདེང་འཇོག་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན།

2.འཕྲུལ་ཁང་ཡོད་མེད་ལ་ཡིད་རྟོན་རུང་བའི་གཏན་འཇགས་ཤིག་ཡོད་མིན།

བདེ་འཇགས་མྱུར་བགྲོད་ཀྱི་འཕྲུལ་ཁང་ནི་ལེགས་གྲུབ་བྱུང་བའི་རྟོག་བཟོའི་གཙོ་འཁོར་མཁོ་འདོན་བྱེད་མཁན་ལ་ཚད་གཞི་གལ་ཆེན་ཞིག་རེད། དྲ་སྦྲེལ་ལས་རིགས་སུ་རྟག་ཏུ་གནས་ཚུལ་འདི་འདྲ་ཐོན་གྱི་ཡོད་པ་སྟེ། ཀུང་སི་ཁ་ཤས་ལ་འཕྲུལ་འཁོར་ཁང་མེད་པ་དང་ཐ་ན་འཕྲུལ་ཁང་རྩ་བ་ནས་མེད་མོད། འོན་ཀྱང་ཁོང་ཚོས་རྟག་ཏུ་ཁྲོམ་རའི་རིན་གོང་ལས་དམའ་བའི་རིན་གོང་ཐོག་ནས་སྤྱོད་མཁན་ལ་ཞབས་ཞུ་སྣ་ཚོགས་བསྒྲུབ་རྒྱུ་ཁས་ལེན་བྱེད་ཀྱི་ཡོད། མཁྲེགས་ཆས་ཀྱི་རྒྱབ་སྐྱོར་འདང་ངེས་ཤིག་མེད་པ་དང་ལག་རྩལ་གྱི་དངོས་ཡོད་སྟོབས་ཤུགས་མེད་པས་ཁས་ལེན་དེ་དག་དོན་དངོས་དང་མི་མཐུན་པའི་བར་སྣང་གི་ཁང་ཆེན་ཞིག་ཏུ་འགྱུར་གྱི་ཡོད། དེའི་ཕྱིར་གཏན་འཁེལ་བྱེད་ཐུབ་པ་ནི། འཕྲུལ་འཁོར་ཁང་གི་ས་གནས་དེ་དག་གིས་ཀྱང་ཚོང་འགྲུལ་པའི་ཀུང་སི་ནི་མགོ་སྐོར་གཡོ་འཕྲུལ་གྱི་གྲུབ་ཆ་ལྡན་པའི་རྟོག་བཟོའི་གཙོ་འཁོར་འདོན་སྤྲོད་བྱེད་མཁན་ཡིན་པས། རྒྱ་ཆེའི་སྤྱོད་མཁན་གྱིས་འདི་ལྟ་བུའི་གནས་ཚུལ་ལ་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་རེད།

3.སྤུས་ཚད་ཧ་ཅང་མཐོ་བའི་སྤུས་གོང་བསྡུར་ཚད་དམའ་པོའི་རྐྱེན་གྱིས་གཤིས་ནུས་ཞན་དུ་སོང་ཚེ་ཞབས་ཞུའི་ཚོང་པས་ཁྱད་དུ་འཕགས་པའི་མཚན་སྙན་དང་། སྤུས་ཚད། ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུ། འོས་འཚམ་གྱི་རིན་གོང་བཅས་སྔོན་འགོག་བྱེད་དགོས་པ་དང་། གྲུབ་འབྲས་ཐོབ་པའི་རྟོག་བཟོའི་འཕྲུལ་འཁོར་གཙོ་བོ་མཁོ་འདོན་བྱེད་མཁན་གཅིག་ཀྱང་ཉུང་མི་རུང་།

4. དྲ་ཐོག་གི་མི་གྲངས་མང་བའི་མཁོ་མཁན་ལ་ས་གནས་གསལ་སྟོན་བྱེད་དགོས་པ་མ་ཟད། ཚོད་ལྟའི་བར་མཐོངས་མཁོ་འདོན་བྱེད་དགོས་པ་དང་། མཉམ་གླ་གསར་པ་སོགས་IDCཞབས་ཞུའི་ཚོང་པ་ཚོར་ཚོད་ལྟའི་ཞབས་ཞུ་མཁོ་འདོན་བྱེད་དགོས།

5. སྤྱིར་བཤད་ན་གཞི་ཁྱོན་ཅུང་ཆེ་བའི་ཞབས་ཞུའི་ཚོང་པས་མཁྲེགས་ཆས་སྒྲིག་ཆས་དང་། དྲ་རྒྱའི་ཐོན་ཁུངས། བདེ་འཇགས་འགན་ལེན། མི་ཤུགས་ཐོན་ཁུངས། ཚོང་ལས་ཀྱི་ཡིད་རྟོན། ཁྲོམ་ར་ཁྱབ་གདལ་སོགས་ཐད་ཀྱི་མ་འཇོག་དེ་སྤྱིར་བཏང་གི་ཞབས་ཞུའི་ཚོང་པ་ལས་ཆེས་ཆེར་བརྒལ་ཡོད་པས་རིན་གོང་རྟག་ཏུ་མཐོ་པོ་ཡོད་མོད། འོན་ཀྱང་ཞབས་ཞུའི་སྤུས་ཚད་དེ་བས་འགན་ལེན་ཐུབ་ཀྱིན་ཡོད།

6.ཞབས་ཞུའི་ཚོང་པས་རབ་ཡིན་ན་སྦྲག་སྒམ་མཁོ་འདོན་ཐུབ་པ་དངFTPསོགས་ཀྱི་དྲ་ཐོག་དོ་དམ་བྱེད་ནུས།

7.མིག་སྔར་མགོ་སྐོར་གཏོང་མཁན་མི་ཉུང་བ་ཞིག་གིས་ཁྱིམ་སྤྱོད PCཞབས་ཞུ་ཆས་དངADSLབཀོལ་སྤྱོད་བྱེད་བཞིན་ཡོད། བར་སྟོང་འདི་རིགས་ཀྱི་གཏན་འཇགས་རང་བཞིན་དང་འགྲོས་ཚད་ཚང་མ་ཧ་ཅང་ཞན་པས་ཁེ་བཟང་དེ་རིགས་ལ་རྔམ་པ་གཏན་ནས་བྱེད་མི་རུང་།

8.བར་སྟོང་ཆེ་ཆུང་གི་རྟོག་བཟོའི་འཕྲུལ་འཁོར་གཙོ་བོའི་བར་སྟོང་ཤོང་ཚད་ནི་རྟོག་བཟོའི་འཕྲུལ་འཁོར་གཙོ་བོའི་གཤིས་ནུས་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན། སྤྱིར་བཏང་གི་གནས་ཚུལ་འོག་ང་ཚོས་ངེས་པར་དུ་དུས་མཚུངས་སུ་གཤམ་གསལ་གྱི་བར་སྟོང་གི་ཤོང་ཚད་ཆེ་ཆུང་ལ་དཔྱད་ཞིབ་བྱ་དགོས།

3 རྟོག་བཟོས་གཙོ་འཁོར་གདམ་གསེས་བྱེད་པ།
3_1 ཐེག་ཚད།

ཐེག་ཚད་ནི་བར་སྟོང་གི་ཤོང་ཚད་ལས་གལ་ཆེ། རྟོག་བཟོའི་འཕྲུལ་འཁོར་གཙོ་བོ་བཀོལ་སྤྱོད་བྱེད་པ་ནི་སྤྱོད་མཁན་མང་པོ་ཞིག་གིས་རང་ཚུགས་ཀྱི་ཞབས་ཞུ་ཆས་ཤིག་མཉམ་སྤྱོད་བྱེད་ཀྱི་ཡོད་མོད། འོན་ཀྱང་སྤྱོད་མཁན་གྱིས་ཞབས་ཞུའི་ཚོང་པར་ཤེས་རྟོགས་བྱེད་དགོས་པ་དང་། དོན་དངོས་སུ་སྤྱོད་མཁན་ག་ཚོད་ཀྱིས་རང་ཉིད་དང་མཉམ་དུ་ཞབས་ཞུའི་འཕྲུལ་ཆས་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས། རྒྱུ་མཚན་ནི་ཞབས་ཞུའི་ཚོང་པས་སྤྱོད་མཁན་སོ་སོའི་བར་དུ་བཟུང་བའི་ཐོན་ཁུངས་འདྲ་མཉམ་གྱིས་བགོ་བཤའ་བྱས་རྗེས། ད་གཟོད་སྤྱོད་མཁན་མང་ཆེ་བའི་ཁེ་ཕན་དངོས་ལ་ཁག་ཐེག་བྱེད་ཐུབ། གལ་ཏེ་མཉམ་སྤྱོད་བྱས་པའི་སྤྱོད་མཁན་ཧ་ཅང་མང་ཞིང་ཞབས་ཞུ་ཆས་ཀྱི་ཐེག་ཚད་ལས་བརྒལ་བའི་འཁོར་སྐྱོད་བྱས་ན། ཞབས་ཞུའི་འཕྲུལ་ཆས་ཀྱི་གཏན་འཇགས་རང་བཞིན་ཇེ་དམའ་རུ་འགྲོ་བ་དང་། cpuཡི་ཐག་གཅོད་ནུས་པ་ཇེ་དམའ་རུ་འགྲོ་བ། གོ་རིམ་འཁོར་སྐྱོད་བྱེད་དཀའ་བས། བཀོལ་མཁན་གྱིས་དྲ་ཚིགས་ལ་བཅར་འདྲི་བྱེད་སྐབས་དྲ་ངོས་རྙེད་མི་ཐུབ་པ་དང་། གཞི་གྲངས་མཛོད་ལ་འབྲེལ་མཐུད་བྱེད་མི་ཐུབ་པ། ཐ་ན་བཅར་འདྲི་བྱེད་ཐབས་མེད་པ་སོགས་ཀྱི་སྐྱོན་ཚབས་ཆེན་འབྱུང་སྲིད།

དཔེར་ན་རྟོག་བཟོའི་གཙོ་འཁོར་གྱིས་མཁོ་འདོན་བྱས་པའི་ཞབས་ཞུའི་རིགས་མི་འདྲ་བར་གཞིགས་ན། ཞབས་ཞུའི་འཕྲུལ་ཆས་ཤིག་མཉམ་སྤྱོད་བྱེད་པའི་སྤྱོད་མཁན་ཧ་ཅང་ཉུང་བ་དང་། མང་བ་ལའང་སྤྱི་གྲངས་བརྒྱ་ཕྲག་ཁ་ཤས་ལས་བརྒལ་མི་རུང་། ཞབས་ཞུའི་འཕྲུལ་ཆས་ཀྱི་གྲངས་འབོར་མི་འདང་བའི་ཞབས་ཞུའི་ཚོང་པས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལག་ཏུ་ཚད་ཡོད་ཀྱི་སྲ་ཆས་ཐོན་ཁུངས་བེད་སྤྱོད་པ་དང་། ཐ་ན་ཞབས་ཞུ་འཕྲུལ་ཆས་གཅིག་གི་ཐོག་སྤྱོད་མཁན་སྟོང་ཕྲག་ཁ་ཤས་འཇོག་གི་ཡོད་པས་དེའི་ཕན་འབྲས་ནི་བསམ་བློ་བཏང་ཆོག་པ་ཞིག་རེད། དེར་བརྟེན་ང་ཚོས“ལུགས་མཐུན་ཐོན་ཁུངས”ཀྱི་འགན་ལེན་ལྡན་པའི་ཞབས་ཞུ་ཐོབ་འདོད་ན་ངེས་པར་དུ་ཞབས་ཞུའི་ཚོང་པའི་དངོས་ཡོད་སྟོབས་ཤུགས་ལ་དོ་སྣང་བྱེད་དགོས། གལ་ཏེ་ཞབས་ཞུའི་ཚོང་པ་དེས་ཞབས་ཞུའི་ཡོ་བྱད་ག་ཚོད་སྤྱད་པ་དང་གདམ་ག་བྱས་པའི་རྟོག་བཟོའི་འཕྲུལ་འཁོར་གཙོ་བོའི་ཞབས་ཞུའི་ཁྲོད་སྤྱོད་མཁན་གྱི་ཐེག་ཚད་ཀྱི“ཞིབ་ཕྲའི”ཁས་ལེན་བྱས་པ་རེད།

3_2 བཞུར་ཚད།

བཞུར་ཚད་ནི་སྤྱོད་མཁན་དྲ་ཚིགས་ཀྱི་འཚམས་འདྲིའི་གྲངས་ཚད་ཡིན་པ་དང་། ཞབས་ཞུའི་ཚོང་པས་ཀྱང་དེ་དང་འདྲ་བར་ཞབས་ཞུའི་འཕྲུལ་ཆས་ཀྱི་ཐོན་ཁུངས་བགོ་བཤའ་དྲང་སྙོམས་ཡོང་བའི་རྩ་དོན་འོག་སྤྱོད་མཁན་དྲ་ཚིགས་རེ་རེའི་རྒྱུག་ཚད་ལ་ཚོད་འཛིན་བྱས་ཡོད་མོད། འོན་ཀྱང་གནད་འགག་ནི་ཁོ་ཚོས་ཚོད་འཛིན་བྱས་པའི་ཚད་ལ་ཐུག་ཡོད། གལ་ཏེ་ཚོད་འཛིན་བྱས་པའི་གྲངས་ཐང་ཆུང་ན་སྤྱོད་མཁན་གྱི་ཁེ་ཕན་ལ་གནོད་པ་ཆེན་པོ་ཐེབས་སྲིད་ལ། ཐ་ན་འདི་ལྟར་བསམ་ཆོག་སྟེ། གལ་ཏེ་བཞུར་ཚད་ཧ་ཅང་ཆུང་ན། དྲ་ཚིགས་ཀྱི་གསོག་འཇོག་བར་སྟོང་ཇི་ལྟར་ཆེ་རུང་ཕན་ཐོགས་ཅི་ཡང་མེད། རྒྱུ་མཚན་ནི་འདིས་སྤྱོད་མཁན་གྱི་དྲ་ཚིགས་ཀྱི་རགས་ལྟ་མྱུར་ཚད་ཧ་ཅང་དལ་བ་རེད།

སྤྱིར་བཏང་དུ་བཤད་ན། ཞབས་ཞུའི་ཚོང་པས་འདོན་སྤྲོད་བྱས་པའི་སྲ་ཆས་ཐོན་ཁུངས་ཅུང་འདང་ངེས་ཡིན་ན་རྒྱུག་ཚད་ལ་ཚོད་འཛིན་ཐེབས་མི་སྲིད། འོན་ཀྱང་། ཚད་ཡོད་མཁྲེགས་ཆས་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱེད་པ་དང་རྒྱུག་ཚད་མང་པོ་མཁོ་འདོན་བྱེད་མི་ཐུབ་པའི་ཞབས་ཞུའི་ཚོང་པ་དེ་དག་གིས་སྤྱོད་མཁན་མང་པོའི་ཡིད་དབང་འགུག་ཆེད། ཞབས་ཞུའི་འཕྲུལ་ཆས་ཁོ་ན་སྣོན་པ་ལས་ཞབས་ཞུའི་འཕྲུལ་ཆས་ཀྱི་གཏན་འཇགས་རང་བཞིན་བློས་གཏོང་བའི་རིན་དོད་མི་སྤྲོད་པའི་བྱེད་ཐབས་སྤྱད་དེ་རིགས་འདྲ་བའི་རྟོག་བཟོའི་འཕྲུལ་འཁོར་གཙོ་བོའི་བར་མཐོངས་ཀྱི་ཤོང་ཚད་ཀྲའོ་བཅུ་ཕྲག་ཁ་ཤས་མཐོ་རུ་བཏང་ནས“ཚད་བརྒལ་ཆེ་བའི”ལེགས་ཆ་གཏོད་ཀྱི་ཡོད།

3_3 སྦྲེལ་མཐུད་གྲངས།

སྦྲེལ་མཐུད་གྲངས་ཞེས་པ་ནི་དུས་གཅིག་ཏུ་རེ་ཞུ་དང་ལེན་བྱས་ནས་དྲ་ཚིགས་ཀྱི་དྲ་ངོས་ཁ་ཕྱེ་མཁན་གྱི་འཚམས་འདྲིའི་མི་གྲངས་ལ་ཟེར་ཞིང་། འབྲེལ་མཐུད་གྲངས་ཐང་གི་ཆེ་ཆུང་དེ་རྟོག་བཟོས་གཙོ་འཁོར་ཐོག་སྤྱོད་མཁན་དྲ་ཚིགས་ཀྱི་ཐོ་འཇུག་འཚམས་འདྲིའི་ཆུ་ཚད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། གལ་ཏེ་སྦྲེལ་མཐུད་གྲངས་ལ་ཚོད་འཛིན་བྱས་པ་ཉུང་དྲགས་ན། དུས་མཚུངས་སུ་སྤྱོད་མཁན་དྲ་ཚིགས་ལ་འཚམས་འདྲི་བྱེད་པའི་མི་གྲངས་ལ་ཚོད་འཛིན་ཐེབས་པ་དང་། སྤྱོད་མཁན་གྱི་དྲ་ངོས་ལ་མགྲོན་པོར་སྒུག་པའི་དུས་ཚོད་རིང་དྲགས་པ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་འབྱུང་སྲིད། སྤྱིར་བཏང་དུ་སྦྲེལ་མཐུད་གྲངས་ཀྱི་རྒྱབ་སྐྱོར་ཚད་གཞིར་དམིགས་བྱའི་རང་བཞིན་གྱི་ཚོད་འཛིན་མི་བྱེད། འོན་ཀྱང་ཞབས་ཞུ་ཚོང་བ་ཁ་ཤས་ཀྱིས་སྟབས་བདེའི་ངང་སྤྱོད་མཁན་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཆེད་རིན་གོང་གི་གདང་རིམ་མཐོ་བའི་ཞབས་ཞུའི་རིགས་བདམས་སུ་བཅུག་པ་དང་། ད་དུང་སྦྲེལ་མཐུད་གྲངས་ཀར་སྲ་མཁྲེགས་རང་བཞིན་གྱི་གྲངས་ཐང་དབྱེ་འབྱེད་བྱེད་ཀྱི་ཡོད། དེར་བརྟེན་སྤྱོད་མཁན་ལ་དམིགས་བསལ་གྱི་དགོས་མཁོ་ཡོད།

3_4 དྲ་ཐོག་གི་ཚད།

དྲ་ཚིགས་འཛུགས་སྐྲུན་བྱས་ན་ནམ་ཡང་འཁོར་སྐྱོད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ལུགས་མཐུན་རིམ་ལྡན་གྱི་བླང་བྱ་ཞིག་ཡིན་པ་དང་ཕྱི་རྒྱལ་གྱི་རྟོག་བཟོའི་འཕྲུལ་འཁོར་གཙོ་བོ་མཁོ་འདོན་བྱེད་མཁན་ཚོང་པ་ཚང་མས་དེའི་སྤྱོད་མཁན་དྲ་ཚིགས་ཀྱི་དྲ་ཐོག་ཏུ་ཡོད་ཚད་ལ་ཡོངས་ཁྱབ་ངང་ཁས་ལེན་བྱས་པ་ཞིག་རེད། འོན་ཀྱང་རྒྱལ་ནང་དུ་ཞབས་ཞུའི་ཚོང་པ་ཉུང་ཤས་ཤིག་གིས་མ་གཏོགས་སྤྱོད་མཁན་གྱི་དྲ་ཚིགས་དྲ་ཐོག་ཏུ་ཡོད་པའི་འགན་ལེན་བྱ་རྒྱུའི་ཁས་ལེན་བྱས་པ་དང་། ཞབས་ཞུའི་ཚོང་པ་མང་ཆེ་བར་ཐགས་ཞེང་དང་། མཁྲེགས་ཆས་སྒྲིག་ཆས་ཀྱི་ནུས་པ། ལག་རྩལ་དོ་དམ་ནུས་པ་བཅས་ཀྱི་ཚོད་འཛིན་ཕོག་སྟབས་འཕྲུལ་འཁོར་གྱི་གནད་དོན་ཐོན་སླ་བས་གནད་དོན་དེའི་ཐད་ཡོངས་བསྒྲགས་བྱེད་མི་ཐུབ་པའམ་ཡང་ན་བྱེད་མི་འདོད་པའི་འགན་ལེན་བྱེད་མི་ཐུབ།

3_5 བབ་བསྟུན་གྱི་ཚད།

བབ་བསྟུན་གྱི་ཚད་ནི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་དཔལ་འབྱོར་དང་སྟབས་བདེའི་ཞབས་ཞུའི་གདམ་ག་མཁོ་འདོན་བྱེད་མིན་དེ་རེད། གཉིས་ནི་སྤྱོད་མཁན་གྱིས་དོ་སྣང་ཆེན་པོ་བྱེད་དགོས་པ་སྟེ། གཅིག་ནི་རང་ཉིད་ཀྱིས་དྲ་ཚུགས་བར་སྟོང་གི་ཤོང་ཚད་ཇེ་མང་དུ་གཏོང་ཐུབ་མིན་དང་། གཞན་ཞིག་ནི་རིན་གོང་གཅིག་འདྲ་བཀོལ་ནས་བཀོལ་སྤྱོད་མ་ལག་གི་སྟེགས་བུ་མི་འདྲ་བ་བཀོལ་ཐུབ་མིན་དེ་ཡིན། རྒྱུ་མཚན་ནི་གནད་དོན་འདི་གཉིས་ནི་སྤྱོད་མཁན་གྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད། ཉིན་ཞིག་སྤྱོད་མཁན་གྱི་དྲ་ཚིགས་འཕེལ་རྒྱས་བྱུང་ནས་སྔར་ཡོད་ཀྱི་བར་སྟོང་ཤོང་ཚད་ལ་ཉེ་དུས། སྤྱོད་མཁན་གྱིས་ངེས་པར་དུ་ཡང་བསྐྱར་བཀོད་སྒྲིག་ཁ་སྣོན་བྱེད་དགོས། འོན་ཀྱང་གནད་དོན་ནི་ཞབས་ཞུའི་ཚོང་པ་མི་ཉུང་བ་ཞིག་གིས་ཁེ་བཟང་ཆེན་པོ་རག་ཆེད་སྤྱིར་ན་སྤྱོད་མཁན་གྱིས་ཀྲའོ་བཅུ་དང་ཀྲའོ་ཉི་ཤུའི་བར་བར་མཐོངས་ཉུང་ཙམ་མང་དུ་གཏོང་མི་ཆོག་པར་ཀྲའོ་བརྒྱ་ཡན་གྱི་ཚད་གཞི་མང་དུ་བཏང་ནས་རྣམ་པ་འགྱུར་བའི་སྒོ་ནས་སྤྱོད་མཁན་ལ་བཙན་ཤེད་ཀྱིས་རིམ་སྤོར་བྱེད་དུ་འཇུག་གི་ཡོད། དེ་ལྟར་བྱས་ན་སྤྱོད་མཁན་ལ་དངུལ་མང་པོ་བཏང་ནས་རྩ་བ་ནས་སྤྱོད་མི་ཐུབ་པའི་ཐོན་ཁུངས་ཕྱུག་པོ་དེ་དག་ཉོ་རུ་འཇུག་གི་ཡོད།

བཀོལ་སྤྱོད་མ་ལག་རང་མོས་ཀྱིས་འདེམས་ཐུབ་མིན་ཡང་དེ་ལྟར་ཡིན་ཏེ། བཀོལ་སྤྱོད་བྱེད་མཁན་ཁ་ཤས་ཀྱིསAixསྟེགས་བུ་སྤྱོད་པར་གོམས་པ་དང་། ལ་ལརwindowsntདྲ་ཚིགས་སྟེགས་བུ་བཟོ་བར་མཁས་མོད། འོན་ཀྱང་བཟོ་གྲྭ་ལ་ལས་བཀོལ་སྤྱོད་སྟེང་གི་ཁྱད་པར་ལ་གཞིགས་ནས་རིགས་གཅིག་པའི་དྲ་ཚིགས་ཞབས་ཞུ་ཁུལ་དེ་རིན་གོང་སྟེང་གི་རིམ་པ་མི་འདྲ་བར་བགོས་ཡོད། དེར་བརྟེན་སྤྱོད་མཁན་གྱིས་ཉོ་སྒྲུབ་མ་བྱས་གོང་ལ“ཚོང་ཟོག་བསྡུར་རེས”བྱེད་དགོས་པའི་རེ་བ་བྱེད་ཀྱིན་ཡོད།

3_6 དྲ་ཚིགས་ཀྱི་བྱེད་ནུས།

དྲ་རྒྱ་དང་འབྲེལ་འདྲིས་བྱས་མ་ཐག་པའི་ཁེ་ལས་མང་པོ་ཞིག་གི་ངོས་ནས་བཤད་ན། གལ་ཏེ་ཞབས་ཞུའི་ཚོང་པས་མཁོ་འདོན་བྱས་པའི་དྲ་ཚིགས་ཀྱི་དོ་དམ་མཐུད་མཚམས་ནི་སྟབས་བདེ་ཞིང་སྤྱོད་བདེ་བ་ཞིག་མིན་ལ། བྱེད་ནུས་ཀྱང་དེ་འདྲའི་འཛོམས་པོ་ཞིག་མིན་ན། མ་འོངས་པར་བདེ་བླག་ངང་དྲ་ཚིགས་བཀོལ་སྤྱོད་བྱེད་མི་ཐུབ། དེ་བས་མཉམ་འཇོག་བྱེད་དགོས་པ་ཞིག་ལ། ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས་སྤྱོད་མཁན་གྱི་དྲ་ཚིགས་ལ་རང་འགུལ་གྱིས་གྲུབ་པའི་དྲ་ངོས་ཀྱི་དཔེ་དུམ་དངFrontpageརྒྱ་བསྐྱེད་སོགས་ཀྱི་བྱེད་ལས་འདོན་སྤྲོད་བྱས་ཡོད་མེད་དང་། དེ་ལྟར་བྱས་ན་རང་ཉིད་ཀྱིས་རྙོག་འཛིང་ཆེ་བའི་བཀོལ་སྤྱོད་བྱེད་པའི་རྙོག་དྲ་མེད་པར་བཟོ་ཐུབ།

4 གྲུབ་ཆ།

1.འཕྲུལ་སྒམ།

2.གློག་ཁུངས།

3.པང་ལེབ་གཙོ་བོ།

4.cpu

5.ནང་གསོག

6.སྲ་ཆས།

7.སྒྲ་བྱང་།

8.འཆར་བྱང་།

8.དྲ་བའི་བྱང་བུ།

9.ཚ་སེལ་འཕྲུལ་ཆས།

10.འཕྲུལ་སྒོ་འབྱེད་བྱེད་ཀྱི་གཅུས་སྒོ།

11.དེ་མིན་རྒྱུན་མཐོང་མིན་པའི་སྲ་ཆས།

5 སྐུད་ཟུང་གཙོ་འཁོར།
5_1 ཅི་ཞིག་ནི་སྐུད་ཟུང་རྟོག་བཟོའི་གཙོ་འཁོར་ཡིན།

སྐུད་ཟུང་རྟོག་བཟོའི་གཙོ་འཁོར་ལ་རིག་ནུས་སྐུད་ཟུང་རྟོག་བཟོའི་གཙོ་འཁོར་དང་རིག་ནུས་སྐུད་ཟུང་དྲ་ཚུགས་བར་མཐོངས་ཀྱང་ཟེར་ཞིང་། དེ་ནི་རྒྱལ་ནང་གི་ལྷོ་བྱང་རྒྱུད་ཀྱི་གློག་འཕྲིན་དང་དྲ་སྦྲེལ་སྤྱོད་མཁན་ཕན་ཚུན་འབྲེལ་མཐུད་བྱེད་པའི་གནད་དོན་ཐག་གཅོད་བྱ་ཆེད་བཏོན་པའི་རིག་ནུས་སྐུད་གཉིས་རྟོག་བཟོའི་གཙོ་འཁོར་ཞབས་ཞུ་ཞིག་རེད། རིག་ནུས་སྐུད་གཉིས་རྟོག་བཟོས་གཙོ་འཁོར་ཞེས་པ་ནི་ཞབས་ཞུའི་འཕྲུལ་ཆས་གཅིག་ལ་གློག་འཕྲིན་དྲ་རྒྱ་དང་དྲ་སྦྲེལ་དྲ་རྒྱའི་ལམ་ཐིག་གཉིས་ཡོད་པ་དེ་རེད། གཞུང་ལམ་གྱིས་རིག་ནུས་ལ་བརྟེན་ནས་སྤྱོད་མཁན་གྱི་གནས་ཡུལ་ལ་བརྡར་ཤ་གཅོད་པ་བརྒྱུད་གློག་འཕྲིན་སྤྱོད་མཁན་གྱིས་དྲ་ཚིགས་ལ་འཚམས་འདྲི་བྱེད་སྐབས་གློག་འཕྲིན་སྐུད་ལམ་ལ་འཚམས་འདྲི་བྱེད་པ་དང་། དྲ་སྦྲེལ་སྤྱོད་མཁན་གྱིས་དྲ་ཚིགས་ལ་འཚམས་འདྲི་བྱེད་སྐབས་དྲ་རྒྱའི་སྐུད་ལམ་ལ་འཚམས་འདྲི་བྱེད་པ། དེ་ལྟར་བྱས་ཚེ་ལྷོ་བྱང་ཕྱོགས་གཉིས་ཕན་ཚུན་འཚམས་འདྲི་བྱེད་པའི་དམིགས་ཡུལ་འགྲུབ་པ་བཅས་རེད།

5_2 རིག་ནུས་སྐུད་ཟུང་གཙོ་འཁོར།

འོན་ཀྱང་ཁོངས་མིང་གློག་འཕྲིན་སྤྱོད་མཁན་གྱིས་གློག་འཕྲིནIPལ་བཅར་འདྲི་ཇི་ལྟར་བྱེད་ཐུབ་བམ། དྲ་རྒྱ་སྤྱོད་མཁན་ལ་འཚམས་འདྲི་དྲ་རྒྱ་ཤར་གཏོང་ཐུབ་པའི་ཤག་གནས་ཡིན་ནམ་། དེ་སྔའི་སྤྱིར་བཏང་གི་བྱེད་སྟངས་ནི་དྲ་ཚིགས་ཀྱི་དྲ་ངོས་དང་པོར“གློག་འཕྲིན་ས་ཚིགས”དང“དྲ་སྦྲེལ་ས་ཚིགས”ཤིག་བཟོས་ནས་གློག་འཕྲིན་སྤྱོད་མཁན་དང་དྲ་སྦྲེལ་སྤྱོད་མཁན་གྱིས་རང་ཉིད་ཀྱི་དྲ་ཞུགས་གནས་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱི་མགྱོགས་ཤོས་ཀྱི་ལམ་ཐིག་གདམ་ག་བྱ་རྒྱུ་དེ་རེད། འོན་ཀྱང་དོན་དངོས་ཐོག་སྤྱོད་མཁན་མང་པོ་ཞིག་གིས་དྲ་ཚིགས་ལ་ལྟ་སྐབས“གློག་འཕྲིན་ས་ཚིགས”དང“དྲ་ཐོག་ས་ཚིགས”ལྟ་བུའི་སྦྲེལ་མཐུད་ལ་སྣང་མེད་བྱས་པས་སྤྱོད་མཁན་གྱི་མྱོང་ཚོར་ཧ་ཅང་ཞན་པོ་ཡོད་པ་རེད། རིག་ནུས་ལམ་ཐིག་གཉིས་ཀྱི་གཙོ་འཁོར་གྱིས་གནད་དོན་འདི་ཐག་གཅོད་ཡག་པོ་བྱེད་ཐུབ། རིག་ནུས་སྐུད་གཉིས་གཙོ་འཁོར་ནི་མཁོ་འདོན་བྱས་པའི་ཁོངས་མིང་རིག་ནུས་ཞིབ་འགྲེལ་མ་ལག་གིས་སྐུད་ཟུང་གཙོ་འཁོར་ལ་གཞོགས་འདེགས་བྱས་ནས་མངོན་འགྱུར་བྱུང་བ་ཞིག་རེད། དེའི་རྩ་བའི་རིགས་པ་ནི་སྤྱོད་མཁན་གྱིས་དྲ་ཚིགས་ལ་བཅར་འདྲི་བྱེད་སྐབས་སྔོན་ལDNSཞབས་ཞུ་ཆས་ལ་དྲ་ཚིགས་འདིའི་ས་གནས་འཚོལ་བཞིན་ཡོད། DNSཞབས་ཞུ་ཆས་ཀྱིས་སྤྱོད་མཁན་ནི་གློག་འཕྲིན་དྲ་ཞུགས་ཡིན་ནམ་ཡང་ན་དྲ་ཐོག་དྲ་ཞུགས་ཡིན་མིན་བརྡར་ཤ་གཅོད་ཐུབ། གློག་འཕྲིན་ཐོག་ནས་དྲ་ཐོག་ཏུ་ཞུགས་ཚེ་གློག་འཕྲིན་གྱི་གནས་ཡུལ་དུ་ཕྱིར་ལོག་བྱེད་པ་དང་། དྲ་སྦྲེལ་ནས་དྲ་ཐོག་ཏུ་ཞུགས་ཚེ་དྲ་འབྲེལ་གྱི་གནས་ཡུལ་དུ་ཕྱིར་ལོག་བྱེད་ཀྱི་ཡོད། འདི་ལྟར་བྱས་ན་རིག་ནུས་བརྡར་གཅོད་དང་རིག་ནུས་དབྱེ་འབྱེད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ། རིག་ནུས་ལམ་ཐིག་གཉིས་ལྡན་གྱི་གཙོ་འཁོར་གྱིས་ལམ་ཐིག་གཉིས་ལྡན་གྱི་གཙོ་འཁོར་གྱི་ལག་ཤེས་བརྗེ་རེས་ཀྱི་བརྒྱུད་རིམ་ལས་གཡོལ་ཏེ་དྲ་ཚིགས་ཀྱི་སྤྱོད་མཁན་ཚང་མར་མྱུར་ཚད་མགྱོགས་ཤོས་དང་བརྟན་པོའི་སྤྱོད་མཁན་ལ་འཚམས་འདྲི་བྱེད་ཀྱི་ཡོད་པ་རེད། རིག་ནུས་ལམ་ཐིག་གཉིས་ལྡན་གྱི་གཙོ་འཁོར་ནི་གཞི་ནས་དོན་སྙིང་ངོ་མའི་ཐོག་གི་ཉིས་སྐུད་གཙོ་འཁོར་ཞིག་ཡིན་པ་དང་། གཞི་ནས་དྲ་རྒྱ་ཤར་གཏོང་གི་དཀའ་གནད་རྦད་དེ་ཐག་གཅོད་ཐུབ་ཅེས་བརྗོད་ཆོག

5_3 སྐུད་ཟུང་རྟོག་བཟོའི་གཙོ་འཁོར་གྱི་ལེགས་ཆ།

DNSརིག་ནུས་ཡན་ལག་དྲ་བའི་ཐེག་ཁུར་དོ་མཉམ་ཞིབ་འགྲེལ་ལག་རྩལ(བསྡུས་མིང་ལDNSརིག་ནུས་གསལ་འགྲེལ)ནི། དུས་མཚུངས་སུ་ས་ཁུལ་མི་འདྲ་བ་གཉིས་སམ་མང་པོ་དང་ཤེལ་བརྙན་ཞབས་ཞུ་ཆས་ཀྱི་དྲ་སྦྲེལ་ནང་དོན་གྱི་ཆ་འཕྲིན་ཞབས་ཞུ་ཚོང་བ(CP)ཡོད་པ་དང་། DNSརིག་ནུས་ཞིབ་འགྲེལ་ལག་རྩལ་བརྒྱུད་ནས་དེའི་ནང་དོན་ཆ་འཕྲིན་བཅར་འདྲི་བྱེད་མཁན་ནམ་ཡང་ན་སྤྱོད་མཁན་གྱིས་ས་ཁུལ་གཅིག་པའམ་ཡང་ན་ཀ་བེདPགཅིག་གམ་ཡང་ན་ཕན་ཚུན་འཚམས་འདྲི་བྱེད་པའི་མྱུར་ཚད་ཅུང་མགྱོགས་པའི་དྲ་རྒྱ་སྤྱད་དེ་མགྱོགས་མྱུར་ངང་དེས་མཁོ་འདོན་བྱས་པའི་ཞབས་ཞུར་བཅར་འདྲི་བྱེད་དུ་བཅུག་ནས་དྲ་རྒྱའི་འཚང་ཁ་ཆེ་བའི་དབང་གིས་དྲ་ཚིགས་ཆ་འཕྲིན་བཅར་འདྲི་བྱེད་མཁན་ནམ་ཡང་ན་མཁོ་མཁན་བོར་བརླག་སོང་ནས་ཐད་ཀར་རམ་གཞན་བརྒྱུད་ཀྱི་དཔལ་འབྱོར་གྱོང་གུན་སྣ་ཚོགས་རྩ་བའི་ཆ་ནས་ཐག་གཅོད་བྱེད་པའམ་ཡང་ན་ཆུང་དུ་གཏོང་དགོས། འོན་ཀྱང་། སྲོལ་རྒྱུན་གྱིCDNམྱུར་སྣོན་ནི་འགུལ་མེད་ལྡེབ་ངོས་ཇེ་མགྱོགས་སུ་བཏང་ཡོད། གལ་ཏེ་ཁྱེད་ཀྱི་དྲ་ཚིགས་ལASPབརྒྱུད་རིམ་ཡོད་ན། བྱང་ཕྱོགས་ཀྱི་སྤྱོད་མཁན་གྱི་བཅར་འདྲི་ཡང་ཧ་ཅང་དལ། ལམ་ཐིག་ཉིས་གཤིབ་བར་སྟོང་སྤྱོད་པ། བར་སྟོང་གཅིག་ལIPགཉིས་དང་། བྱང་ཕྱོགས་སྤྱོད་མཁན་གྱིས་དྲ་རྒྱ་སྤྱོད་པ། ལྷོ་ཕྱོགས་སྤྱོད་མཁན་གྱིས་གློག་འཕྲིན་སྤྱོད་པ། རྒྱུ་མཚན་ནི་བར་སྟོང་གཅིག་ཡིན་ཞིང་། གོ་རིམ་མམ་ཡང་ན་སྤྱིར་བཏང་གིwebདྲ་ངོས་གང་ཡིན་རུང་ཚང་མ་ཧ་ཅང་མགྱོགས་པ་དང་། དེའི་ཁར་རིག་ནུསDNSརང་འགུལ་དབྱེ་ཞིབ་བསྣན་ན། དྲ་སྦྲེལ་དང་གློག་འཕྲིན་སྤྱོད་མཁན་ལ་རང་འགུལ་གྱིས་བརྡར་གཅོད་བྱས་ཏེ། དངོས་གནས་ལྷོ་བྱང་མཉམ་འབྲེལ་བྱེད་ཐུབ་པ་རེད། སྲོལ་རྒྱུན་གྱི་བར་སྟོང་དེ་ལྷོ་བྱང་གི་སྤྱོད་མཁན་ཚང་མས་མགྱོགས་པོ་བྱེད་དགོས་པ་སྟེ། ཁྱེད་ལ་གློག་འཕྲིན་གྱིས་བར་སྟོང་ཞིག་ཉོ་དགོས་པ་དང་། དྲ་སྦྲེལ་གྱིས་ཡང་བསྐྱར་བར་སྟོང་ཞིག་ཉོ་དགོས་པ་མ་ཟད། ད་དུང་གསར་སྒྱུར་བྱེད་ཐེངས་རེར་ཐེངས་གཉིས་རེ་བྱེད་དགོས་པ་དང་། སྤྱོད་མཁན་གྱིས་གློག་འཕྲིན་ས་ཚིགས་སུ་སྦྱར་ན་བལྟ་མི་ཐུབ་པ་དང་དྲ་སྦྲེལ་ས་ཚིགས་སུ་བསྐུར་ནའང་བལྟ་མི་ཐུབ་པ།  དེ་བས་ལྷོ་བྱང་མཉམ་འབྲེལ་དངོས་སུ་བྱེད་མི་ཐུབ།

6 སྐུད་ཟུང་བར་སྟོང་།

ཁྱེད་ཀྱིས་བར་སྟོང་གཅིག་ཉོས་ནIPགཉིས་ཡོད་ཆོག་པ་དང་། གློག་འཕྲིནipདང་དྲ་འཕྲིནipསྤྱད་ནས་ཡར་བསྐུར་ཆོག   གསར་བརྗེ་ཐེངས་གཅིག་བྱས་ན་གཞི་གྲངས་ཡོངས་སུ་མཉམ་འགྲོས་བྱས་ཏེ་དངོས་གནས་ལྷོ་བྱང་མཉམ་འབྲེལ་བྱེད་ཐུབ།

7 གཞི་གྲངས་འཕྲིན་གཏོང་རྒྱུད་ཁོངས་ཀྱི་གཙོ་འཁོར།
7_1 ངོ་སྤྲོད་མདོར་བསྡུས།

གཞི་གྲངས་འཕྲིན་གཏོང་མ་ལག་ཁྲོད་ཆེད་དུ་གཞི་གྲངས་ཐག་གཅོད་བྱ་བ་སྣ་ཚོགས་ལེགས་འགྲུབ་བྱེད་པའི་རྩིས་འཁོར། འཕྲུལ་འཁོར་གྱིས་གཞི་རྩའི་རིགས་དབྱིབས་ཀྱི་གཞི་གྲངས་ཐག་གཅོད་བྱ་བ་ལེགས་འགྲུབ་བྱེད་ཐུབ། གཞི་གྲངས་འཚོལ་བསྡུ་དང་རྩོམ་སྒྲིག་བགོ་འགྲེམས་བཅས་བྱེད་པ། ཡིག་ཆ་དོ་དམ་དང་ཐག་གཅོད། རྒྱང་རིང་ལས་སྒྲུབ་ནང་འཇུག  སྡེབ་སྒྲིག་ཐག་གཅོད། དུས་ཐོག་ཏུ་ཐག་གཅོད་དང་སྣོལ་རེས་ཚུལ་གྱི་དུས་བགོས་ཐག་གཅོད་སོགས་ཡོད།

7_2 གྲུབ་ཚུལ།

རྒྱུན་པར་གཙོ་འཁོར་ནི་སྤྱི་སྤྱོད་གློག་རྡུལ་རྩིས་འཁོར་ཡིན་ལ། ནང་གི་གསོག་ཆས་དང་ཕྱི་སྐོར་སྒྲིག་ཆས་ཡོད། ནང་གསོག་ཆས་གསོག་འཇོག་གཞི་གྲངས་སྒྲིག་གཅོད་ལ་མཁོ་བའི་བྱ་རིམ་དང་། གདོད་མའི་གཞི་གྲངས། ཐག་གཅོད་བར་གྱི་འབྲས་བུ་བཅས་ཡིན། ཕྱི་སྐོར་སྒྲིག་ཆས་ལ་ཕྱིའི་གསོག་ཆས་དང་། ནང་འདྲེན། ཕྱིར་གཏོང་སྒྲིག་ཆས་བཅས་འདུས། རྒྱུན་དུ་ཉར་གསོག་ཆས་དང་སྡུད་ཐག་འཕྲུལ་འཁོར་ཕྱི་གསོག་ཆས་སུ་སྤྱོད་པ་དང་། སྔ་མ་ནི་བཀོལ་སྤྱོད་མ་ལག་དང་རྒྱུད་ཁོངས་ཡིག་ཆ། སྡེབ་འབོར་སྒྲིག་གཅོད་ཀྱི་གཞི་གྲངས་དང་གཞི་གྲངས་མཛོད་འཛུགས་པར་སྤྱོད་པ་དང་ཕྱིར་འདོན་སྒྲིག་ཆས་ལ་མཐེབ་གཞོང་དང་པར་སློག་འཕྲུལ་ཆས། X-Yརི་མོ་འབྲི་ཆས་དང་རིས་དབྱིབས་མཐའ་སྣེ་སོགས་ཡོད། མ་ལག་གི་གཞི་ཁྱོན་ལ་གཞིགས་ན། འཕྲུལ་འཁོར་གཙོ་བོས་གཞི་གྲངས་ཐག་གཅོད་བྱེད་ནུས་འདང་ངེས་ཤིག་ཡོད་དགོས་པ་དང་སྐབས་བསྟུན་བྱུང་བའི་གཞི་གྲངས་ཆ་འཕྲིན་ཐག་གཅོད་ནུས་ལྡན་བྱེད་ཐུབ།

7_3 ཁྱད་ཆོས།

གཞི་གྲངས་འཕྲིན་གཏོང་མ་ལག་ཁྲོད་ཀྱི་གཙོ་འཁོར་ཡང་སྤྱིར་བཏང་གི་རྩིས་འཁོར་རྐྱང་མ་ལག་དང་མི་འདྲ། དེའི་ཁྱད་ཆོས་གཙོ་བོ་ནི། (1)འཕྲིན་གཏོང་ལ་ཁ་ཕྱོགས་པ་དང་འཕྲིན་གཏོང་ཐག་གཅོད་ཀྱི་ནུས་པ་ལྡན། མཁྲེགས་ཆས་ཐད་འཕྲིན་གཏོང་ཚོད་འཛིན་ཆས་དང་སྦྲེལ་མཐུད་བྱེད་པའི་ནང་འཇུག་དང་ཕྱིར་གཏོང་བགྲོད་ལམ་གྱི་ལྷུ་ལག་གམ་ཡང་ན་སྤྱིའི་སྐུད་པ་ཡོད། མ་ལག་མཉེན་ཆས་ལ་ཀྲུང་དབྱང་གི་ཐག་གཅོད་ཡོ་བྱད(CPU)མཁྲེགས་ཆས་བར་མཚམས་ཆད་པའི་དབྱེ་ཞིབ་ཐག་གཅོད་དང་། འཕྲིན་གཏོང་ཚོད་འཛིན་གྱི་གོ་རིམ(འཕྲིན་གཏོང་མཉེན་ཆས)རྒྱུན་དུ་འཕྲིན་གཏོང་ཚོད་འཛིན་ཆས་དང་ཟུང་འབྲེལ་བྱས་ནས་སྤྱོད་མཁན་གྱི་འཁོར་སྦྲེལ་ལས་སྒོའི་གོ་རིམ་དང་རྒྱང་སྦྲེལ་མཐའ་སྣེ་དབར་གྱི་གྲངས་གཞི་བརྒྱུད་གཏོང་ཚོད་འཛིན་བྱེད་ཀྱི་ཡོད། (2)གཞི་གྲངས་མཛོད་ཀྱི་དོ་དམ་བྱེད་ནུས་ལྡན་པ། གཞི་གྲངས་མཛོད་ནི་ཕན་ཚུན་འབྲེལ་བ་ཡོད་པའི་གཞི་གྲངས་ཀྱི་ཚོགས་སྤྱི་ཞིག་ཡིན་པ་དང་། གཞི་གྲངས་ཀྱི་མཉམ་སྤྱོད་རང་བཞིན་དང་། རང་ཚུགས་རང་བཞིན། ཆེས་ཆུང་བའི་ལྷག་འཕྲོའི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། གཞི་གྲངས་ལ་གཅིག་གྱུར་དོ་དམ་ཡང་བྱེད་ཀྱི་ཡོད། རྩིས་འཁོར་དྲ་བའི་ཉེར་སྤྱོད་གལ་ཆེ་ཤོས་ཤིག་ནི་དྲ་རྒྱའི་ནང་གི་གཙོ་འཁོར་དབར་ས་ཁམས་ཐོར་བུར་གནས་པའི་གཞི་གྲངས་མཛོད་འཛུགས་རྒྱུ་དེ་ཡིན་པ་དང་། གཙོ་འཁོར་གྱིས་གཞི་གྲངས་མཛོད་བརྒྱུད་སྤྱོད་མཁན་གྱིས་ས་གནས་དེ་གའམ་ཡང་ན་ཐག་རིང་གི་གཞི་གྲངས་མཛོད་ལ་འཚམས་འདྲི་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། (3)ཅུང་མཐོ་བའི་ཁེག་ཐེག་བྱེད་ཆེད། གཙོ་འཁོར་གྱི་འཕྲུལ་འཁོར་རྐྱང་མ་མཐོ་དགོས་ལ། གྲབས་སྤྱོད་འཕྲུལ་འཁོར་བཀོད་སྒྲིག་བྱེད་པའམ་ཡང་ན་འཕྲུལ་ཆས་གཉིས་ཀྱི་ལས་ཀ་བྱེད་སྟངས་སྤྱད་ཆོག

8 གཙོ་འཁོར་གྱི་ལེགས་ཆ།

འགྲོ་གྲོན་དམའ་བ་དང་དྲ་ཐོག་ཆ་འཕྲིན་ཡོངས་བསྒྲགས་ལ་དྲིལ་བསྒྲགས་བྱེད་ནུས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་མོད། འོན་ཀྱང་འགྲོ་གྲོན་དམའ་བ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་ཀྱི་མཚམས་སྦྱོར་བརྡ་ཁྱབ་དེ་སྐར་ཆ་གཅིག་གི་ཐོག་ནས་རྩིས་རྒྱག་དགོས་མོད། འོན་ཀྱང་འགྲོ་གྲོན་ཡང་ཁྲི་སྟོང་མང་པོ་གཏོང་གི་མེད་པ་དང་། ཚགས་པར་དང་དུས་དེབ་ཀྱི་མཚམས་སྦྱོར་བརྡ་ཁྱབ་ལའང་རིན་གོང་མཐོ་པོ་མེད་པས་སྡེ་ཚན་མང་ཆེ་བའི་མི་སྒེར་གྱི་ལྐོག་ཤུགས་ལས་བརྒལ་ཡོད། དྲ་ཐོག་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དེས་ཚགས་པར་དང་དུས་དེབ་ཀྱི་པར་འདེབས་གྲོན་ཆུང་དང་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་བཅས་ཀྱི་རིན་གོང་མཐོ་བའི་བཟོ་སྐྲུན་འགྲོ་གྲོན་ཉུང་དུ་ཆེས་ཆེར་ཕྱིན་ནས་ཚན་པ་མང་ཆེ་བའི་མི་སྒེར་གྱིས་བཟོད་ཐུབ། ཀོན་ཀོང་། སྲོལ་རྒྱུན་སྨྱན་སྦྱོར་གྱིས་བརྙན་འཕྲིན་དང་། ཚགས་པར་དང་དུས་དེབ། རླུང་འཕྲིན་དང་གློག་སྒྲོན་སོགས་གང་ཡིན་རུང་ས་ཁོངས་ཀྱི་ཚོད་འཛིན་ལས་བརྒལ་མི་རུང་བར་དམིགས་གཏན་འཁེལ་བའི་ས་ཁུལ་ཁོ་ནར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཚོང་འགྲིག་ཚད་མཐོ་བ་དང་། ྲོལ་རྒྱུན་སྨྱན་བྱེད་ཀྱི་ཁྱབ་བརྡ་ལ་ལྟ་མཁན་མང་ཆེ་བ་ནི་གཞན་དབང་གིས་དང་ལེན་བྱེད་སླ་བ་ཞིག་མིན། རྣམ་པ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། རྩིས་འཁོར་གྱི་ལག་རྩལ་མང་པོ་སྤྱོད་པ། དྲ་ཐོག་ཆ་འཕྲིན་དཔེ་རིས་དང་། ཡི་གེསྒྲ་དང་འདྲ་བ། འདྲ་བ་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཐོན་རྫས་ཀྱི་དབྱིབས་དང་། སྤྱོད་སྒོ། བེད་སྤྱོད་བྱེད་ཐབས། རིན་གོང་། ཉོ་སྒྲུབ་སོགས་ཆ་འཕྲིན་སྤྱོད་མཁན་གྱི་མདུན་དུ་ཐད་ཀར་སྟོན་གྱི་ཡོད། དོན་དངོས་རང་བཞིན་ལྡན་ཚེ་ཁྲོམ་རའི་དགོས་མཁོར་གཞིགས་ནས་བརྡ་ཁྱབ་ཀྱི་ནང་དོན་ལ་འགྱུར་ལྡོག་བཏང་ནས་སྟབས་བསྟུན་སྟབས་བདེ་ཡོང་བ་བྱེད་དགོས། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཁེ་ལས་དང་སྒྲིག་གཞི་སྤྱོད་མཁན་གྱི་ངོས་ནས་བརྗོད་ན་དེ་ནི་མིག་སྔར་གྲོན་ཆུང་ཆེ་ཤོས་དང་། སྟབས་བདེ། སྤྱོད་གོ་ཆོད་པའི་བྱེད་སྟངས་ཤིག་རེད།

དྲ་སྦྲེལ་གྱི་ཐོག་ཏུགད་ལྟ་རྩིས་འཁོར་དུང་ཕྱུར་ལ་ཉེ་བ་ཞིག་ཡོད་ཅིང་། རྩིས་འཁོར་དེ་དག་ནི་འཕྲུལ་འཁོར་གྱི་བཟོ་དབྱིབས་གང་ཞིག་ཡིན་པ་དང་། བཀོལ་སྤྱོད་མ་ལག་གང་ཞིག་འཁོར་སྐྱོད་བྱེད་པ། མཉེན་ཆས་གང་ཞིག་སྤྱོད་པ་བཅས་ཚང་མ་མཁོ་མཁན་གྱི་འཕྲུལ་འཁོར་དང་ཞབས་ཞུའི་ཡོ་བྱད་དུ་འགྱུར་གྱིན་ཡོད།

མཁོ་མཁན་འཕྲུལ་ཆས་ནི་མི་གཞན་གྱི་ཆ་འཕྲིན་ལ་བཅར་འདྲི་བྱེད་པའི་འཕྲུལ་ཆས་ཡིན། ཁྱེད་རང་གིས་ཡིག་ཟམ་གློག་འཕྲིན་ཅུས་སམ་ཡང་ན་གཞན་གྱི་ཨངPདྲ་འཇུག་བྱས་པ་བརྒྱུད་ཁྱེད་ཀྱི་གློག་ཀླད་ལ་གནས་སྐབས་ཀྱི་ས་གནས་ཤིག་བགོས་པ་དང་། གནས་སྐབས་ཀྱི་ཐོབ་ཐང་ལག་འཁྱེར་འདི་བེད་སྤྱད་ན་ཁྱེད་ཀྱིས་དྲ་སྦྲེལ་གྱི་རྒྱ་མཚོའི་ནང་ནས་ཆ་འཕྲིན་ལེན་ཐུབ། ཁྱེད་ཀྱི་སྐུད་པ་ཆད་རྗེས་ཁྱེད་ཀྱི་གློག་ཀླད་དྲ་སྦྲེལ་གྱི་ས་གནས་དང་ཁ་བྲལ་ནས་ཕྱིར་བླངས་ཆོག

ཞབས་ཞུ་ཆས་ནི་ཆ་འཕྲིན་འདོན་སྤྲོད་བྱས་ནས་མི་གཞན་ལ་འཚམས་འདྲི་བྱེད་པའི་འཕྲུལ་ཆས་ཡིན་ལ། རྒྱུན་དུ་གཙོ་འཁོར་ཡང་ཟེར། མི་རྣམས་ཀྱིས་དུས་ནམ་ཡིན་ཡང་དེ་ལ་འཚམས་འདྲི་བྱེད་སྲིད་པས། འཕྲུལ་འཁོར་གཙོ་བོ་ཞིག་ཡིན་པའི་ཆ་ནས། དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་དྲ་རྒྱའི་སྟེང་དུ་སྦྲེལ་དགོས་ལ། རང་ཉིད་ལ་ཡུན་རིང་གི་ས་གནས་ཡོད། དེར་བརྟེན་ཆེད་སྤྱོད་ཀྱི་གློག་ཀླད་མཁྲེགས་ཆས་བཟོ་དགོས་པ་མ་ཟད། ད་དུང་རིན་གོང་མཐོ་བའི་གྲངས་གཞིའི་ཆེད་སྤྱོད་ལམ་ཐིག་བོགས་གཡར་བྱེད་དགོས་པ་དང་། དེའི་ཁར་སྲུང་སྐྱོང་གི་འགྲོ་གྲོན་སྣ་ཚོགས་དཔེར་ན་ཁང་གླ་དང་། མིས་བཟོས་གློག་རིན། གློག་རིན་སོགས་བསྣན་ན་བཟོད་བདེ་བ་ཞིག་གཏན་ནས་མིན། དེའི་ཆེད་དུ་མི་རྣམས་ཀྱིས་རྟོག་བཟོའི་འཕྲུལ་འཁོར་གཙོ་བོའི་ལག་རྩལ་གསར་སྤེལ་བྱས་ཡོད།

རྟོག་བཟོའི་གཙོ་འཁོར་ལག་རྩལ་སྤྱད་དེ་གཙོ་འཁོར་ངོ་མ་མང་པོ་ཞིག་གི་གཙོ་འཁོར་ལ་དབྱེ་ཆོག་པ་དང་། རྟོག་བཟོའི་གཙོ་འཁོར་ཚང་མར་རང་ཚུགས་ཀྱི་ཁོངས་མིང་དང་རང་ཚུགས་ཀྱི་གཙོ་འཁོར་ཡོད་ལ། ཞབས་ཞུའི་འཕྲུལ་ཆས་ཀྱི་ནུས་པ་ཆ་ཚང་ལྡན་ཡོད། རྟོག་བཟོའི་གཙོ་འཁོར་དབར་རྦད་དེ་རང་ཚུགས་ཡིན་པ་དང་། ཕྱི་རོལ་ནས་བལྟས་ན་རྟོག་བཟོའི་གཙོ་འཁོར་རེ་རེ་དང་རང་ཚུགས་ཀྱི་གཙོ་འཁོར་གཅིག་རྦད་དེ་གཅིག་མཚུངས་ཡིན། ཕན་འབྲས་གཅིག་འདྲ་ཡིན་ཡང་འགྲོ་གྲོན་ཧ་ཅང་མི་འདྲ་བ་རེད། རྟོག་བཟོའི་གཙོ་འཁོར་མང་པོ་ཞིག་གིས་གཙོ་འཁོར་གྱི་ཐོན་ཁུངས་ངོ་མ་ཞིག་མཉམ་སྤྱོད་བྱེད་ཀྱི་ཡོད་པ་དང་། རྟོག་བཟོའི་གཙོ་འཁོར་སྤྱོད་མཁན་ཚང་མས་ཐེག་པའི་མཁྲེགས་ཆས་དང་དྲ་རྒྱ་སྲུང་སྐྱོང་བྱེད་ཀྱི་ཡོད་པས་འཕྲིན་གཏོང་སྐུད་ལམ་གྱི་འགྲོ་གྲོན་ཚང་མ་ཉུང་དུ་ཕྱིན་ནས་དྲ་སྦྲེལ་དེ་མི་ཚང་མས་སྤྱོད་ཐུབ་པའི་དྲ་རྒྱ་ཞིག་ཏུ་དངོས་འབྲེལ་གྱུར་ཡོད། མིག་སྔར། ཁེ་ལས་མང་པོ་ཞིག་གིས་དྲ་ཚིགས་འཛུགས་པར་བྱེད་ཐབས་འདི་སྤྱད་པ་དང་། དེ་ལྟར་བྱས་ན་འཕྲུལ་འཁོར་ཉོ་བ་དང་ཆེད་སྤྱོད་ལམ་ཐིག་བོགས་གཡར་བྱེད་པའི་འགྲོ་གྲོན་གྲོན་ཆུང་ཆེན་པོ་བྱས་པ་མ་ཟད། དུས་མཚུངས་སུ་ཞབས་ཞུའི་ཡོ་བྱད་བེད་སྤྱོད་དང་སྲུང་སྐྱོང་བྱེད་པའི་ལག་རྩལ་གནད་དོན་ལ་སེམས་ཁྲལ་བྱེད་དགོས་དོན་ཡང་མེད་ལ། ཆེད་དམིགས་དོ་དམ་མི་སྣ་གདན་ཞུས་སྐུལ་སྤྱོད་དེ་བས་ཀྱང་བྱེད་མི་དགོས།

9 གཙོ་འཁོར་བོགས་གཡར།
9_1 ཆ་རྐྱེན་དང་པོ་ནི་འགྲོས་ཚད།

ཐོག་མར་འཕྲུལ་འཁོར་གླས་པའི་འགྲོས་ཚད། གཙོ་འཁོར་གྱི་འགྲོས་ཚད་ནི་ཐེངས་དང་པོར་བཏོན་པའི་བྱེད་ནུས་ཡིན་ལ། ང་ཚོའི་གཙོ་འཁོར་གྱིས་བོགས་མར་གཏོང་ལེན་བྱེད་པའི་ཆེས་བཟང་བའི་གདམ་ག་ནི། pingགཙོ་འཁོར་གྱི་འགྲོས་ཚད་དང་། ཡང་ན་ཕབ་ལེན་འགྲོས་ཚད་ཚད་ལེན་ཚོད་ལྟ་བྱེད་དགོས། ད་ལྟ་བར་སྟོང་མང་ཆེ་བར་ཚོད་སྤྱོད་ཞབས་ཞུ་མཁོ་འདོན་དང་ཚོད་སྤྱོད་བློ་ཡིད་ཚིམ་དངུལ་སྤྲོད་དགོས་། དེར་བརྟེན་གལ་ཏེ་བར་སྟོང་ཚོད་སྤྱོད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མ་ཐུབ་ན། ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས།

གཉིས་པ། ཐག་གཅོད་ཀྱི་འགྲོས་ཚད། ང་ཚོར་རོགས་བྱས་ནས་ཐག་གཅོད་བྱེད་སྐབས་ང་ཚོས་གླས་པའི་གཙོ་འཁོར་གྱི་གནད་དོན་ནི། བར་སྟོང་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། ལྷག་པར་དུ་ཐག་གཅོད་ཀྱི་འགྲོས་ཚད་ནི་བར་སྟོང་འདོན་སྤྲོད་མཁན་ཚད་ལྡན་ཡིན་མིན་དང་མཚན་སྙན་མཚོན་ཐུབ། གལ་ཏེ་འཕྲུལ་འཁོར་གཙོ་བོའི་གནད་དོན་དང་བར་སྟོང་མཁོ་འདོན་བྱེད་མཁན་གྱིས་འགོར་འགྱངས་བྱས་ན་ཐོག་མཐའ་བར་གསུམ་དུ་ཐག་གཅོད་བྱེད་མི་ཐུབ།   

9_2 ཆ་རྐྱེན་གཉིས་པ་བདེ་འཇགས།

གལ་ཏེ་དྲ་ཚིགས་ཀྱིས་ཉིན་གསུམ་ལ་བཅར་འདྲི་བྱས་པ་མ་ཟད། བར་སྟོང་འདོན་སྤྲོད་བྱས་པའི་གཙོ་འཁོར་རམ་རྩིས་འཁོར་ཁང་ལ་འདྲི་རྩད་བྱེད་སྐབས་བདེ་འཇགས་རང་བཞིན་གྱི་བར་སྟོང་ནི་གནད་དོན་ཞིག་ཡིན། ང་ཚོའི་དྲ་ཚིགས་ཡོད་ཚེ་ཚུར་རྒོལ་མི་ཕོག་པའི་ངེས་པ་མེད། གལ་ཆེ་ཤོས་ནི་ཁོང་ཚོར་གཞི་གྲངས་གྲབས་ཉར་ཞབས་ཞུ་མཁོ་འདོན་བྱེད་མིན་ལ་བལྟ་དགོས་པ་དང་ང་ཚོའི་དྲ་ཚིགས་ལ་སྐྱོན་བྱུང་ཚེ་དྲ་ཚིགས་དེ་དུས་ཐོག་ཏུ་སླར་གསོ་བྱེད་མི་ཐུབ།

9_3 ཆ་རྐྱེན་གསུམ་པ་ཐིག་འདེམས་པ།

ང་ཚོའི་རྒྱལ་ནང་གི་འཕྲུལ་འཁོར་གཙོ་བོ་གླས་ནས་གློག་འཕྲིན་དང་ཀྲུང་གོའི་དྲ་སྦྲེལ་ལམ་ཐིག་གཙོ་གནད་དུ་བཟུང་ཡོད། IDCམཁོ་འདོན་ཚོང་པ་མང་པོ་ཞིག་གིས་ཁོ་ཚོའི་གཙོ་འཁོར་གཉིས་བོགས་མར་གཏོང་ལེན་དང་། ཁེར་སྤྱོད་ལས་རིན་གོང་མཐོ་བ་དང་དེ་འདྲའི་ཅུང་ཙམ་གྱི་མྱུར་ཚད་ལྷོ་བྱང་མཉམ་སྤྱོད་རེད་། འོན་ཀྱང་མི་ཁ་ཤས་ཀྱིས་འདི་ནི་ཁུངས་མེད་གཏམ་འཆལ་རང་རེད་ཅེས་བཤད་པ་དང་ལས་ཚོགས་དེ་བས་ཡག་པ་ཡོད་ཅེས་བཤད་པ་རེད། ངས་འདི་ལྷོ་བྱང་བར་གྱི་འབྲེལ་འདྲིས་ལ་འགྱུར་མིན་མི་ཤེས། ངས་བསམ་ན་བདམས་པའི་ཁྱབ་ཁུལ་གཙོ་བོ་དང་ཚོང་ཤག་གི་ཚོགས་པ། རང་ཉིད་ཀྱི་དྲ་ཚིགས་ལ་གཞིགས་ན་སྤྱིར་བཏང་ལྷོ་ཕྱོགས་ཀྱི་གློག་འཕྲིན་སྤྱོད་མཁན་མང་ཆེ་བ་ནི་ཧ་ལས་དགོས་པ་ཞིག་རེད། རྒྱལ་ཁབ་ཀྱི་མཁོ་མཁན་དང་མ་དངུལ་གྱིས་ཆོག་པ་དང་དེ་ནས་འཕྲུལ་འཁོར་གཙོ་བོ་གཉིས་བདམས་པ་ཡིན།

9_4 ཆ་རྐྱེན་བཞི་པ་གནས་ཐང་འཕར་བའི་ཞབས་ཞུ།

ང་ཚོས་ཆེད་སྤྱོད་ཀྱི་གཙོ་འཁོར་ཞིག་ཉོ་རྒྱུ་ནི་ཁེར་རྐྱང་གི་ཚོད་འཛིན་ངོས་པང་ཞིག་དང་ང་ཚོས་དོ་དམ་བྱེད་བདེ་བའི་བཀོལ་སྤྱོད་བར་སྟོང་ཡོད་། གྲུབ་ཚུལ་ཁོངས་ཀྱི་གཞི་གྲངས་མཛོད་ཀྱི་བཅར་འདྲི་ནོར་འཁྲུལ་གྱི་ཤོག་ངོས་སྒྲིག་འགོད་དང་། FTPཆ་འཕྲིན་དོ་དམ་དང་ཟུང་འབྲེལ་བྱས་པས་ངས་དེ་སྔོན་གཙོ་འཁོར་ཞེས་བརྗོད་ཀྱི་ཡོད། ལག་རྩལ་དེ་རིགས་ཀྱི་ནུས་པ་ནི་ཀྲན་ཀྲང་ནི་ཧ་ཅང་ཕན་མེད་ཅིག་ཡིན་མོད། འོན་ཀྱང་འཕྲུལ་འཁོར་གཙོ་བོ་བོགས་གཡར་བྱེད་པར་བླང་བྱ་དེ་འདྲ་མེད་པའི་ཞབས་ཞུ་མཁོ་འདོན་ཚོང་པ་ཉོ་ཆེད་ང་ཚོས་བོགས་གཡར་བྱས་པའི་འཕྲུལ་འཁོར་གཙོ་བོ་ཡར་བསྐུར་རོགས་བྱས་ཆོག

9_5 ཆ་རྐྱེན་ལྔ་པ་ཡིད་ཆེས།

ངས་བསམ་ན་ཡིད་ཆེས་ནི་གཙོ་འཁོར་གླ་དུས་ཤིན་ཏུ་གལ་ཆེ་བས་མཇུག་མཐའི་གཙོ་གནད་དུ་བཞག་ཡོད།

10 མངོན་འགྱུར་བྱེད་ཐབས།

སྐུད་ཟུང་རྟོག་བཟོའི་གཙོ་འཁོར་ནི་དོན་དངོས་ཐོག་ཞབས་ཞུའི་ཡོ་བྱད་གཅིག་ལ་གློག་འཕྲིན་དང་དྲ་སྦྲེལ་ལམ་ཐིག་གཉིས་ཡོད་པ་དང་སྤྱོད་མཁནIPས་གནས་ཀྱི་རིག་ནུས་དབྱེ་ཞིབ་བྱས་པ་བརྒྱུད་གློག་འཕྲིན་སྤྱོད་མཁན་གྱིས་གློག་འཕྲིན་སྐུད་ལམ་ལ་འཚམས་འདྲི་བྱས་པ་དང་། དྲ་སྦྲེལ་སྤྱོད་མཁན་གྱིས་དྲ་སྦྲེལ་སྐུད་ལམ་ལ་འཚམས་འདྲི་བྱས་པ་བརྒྱུད་རྒྱལ་ཡོངས་སུ་མགྱོགས་མྱུར་འཚམས་འདྲི་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱུང་བ་རེད། འཕྲུལ་འཁོར་ཁང་མི་འདྲ་བར་གཞིགས་ན། སྐུད་གཉིས་ཞབས་ཞུའི་ཐདIPདང་། དྲ་རྐྱང་བྱང་བུ་ཡིIPདང་། དྲ་གཉིས་བྱང་བུ་ཡིIPཟུང་། དྲ་གཉིས་བྱང་བུ་ཡིIPཟུང་གིIPབཅས་བསྡོམས་བྱེད་སྟངས3ཡོད་པ་དེའི་ནང་དྲ་རྐྱང་བྱང་བུ་ཡིIPཟུང་གིIPཡོད་པ་དེས་གློག་འཕྲིནIPདང་དྲ་སྦྲེལIPགཅིག་སོ་སོར་མཁོ་འདོན་བྱས་ཡོད་པ་རེད། ཐིག་གཉིས་དང་སྐུད་མང་ལག་རྩལ་གྱི་ཕན་འབྲས་ཇི་འདྲ་ཡིན་པ་ཅེ་ན། གནད་འགག་ཆེ་ཤོས་ཀྱི་གནད་དོན་གཉིས་ཡོད་པ་སྟེ། གཅིག་ནི་དྲ་བྱང་དངIPལས་ཀའི་རྣམ་པ་སྤྱོད་པ་དང་། གཉིས་ནི་སྤྱོད་མཁན་གནས་ཡུལ་གྱི་རིག་ནུས་ཞིབ་འགྲེལ་བརྟན་པོ་ཡིན་མིན་དེ་རེད།

11 IPས་གནས་ཞིབ་འགྲེལ།

སྐུད་ཟུང་གང་ཞིག་ཡིན་རུང་། སྤྱོད་མཁན་དང་ཞབས་ཞུ་ཆས་ཀྱི་གནས་ཡུལ་ལ་དབྱེ་ཞིབ་བྱས་ན་ད་གཟོད་སྐུད་ལམ་འདེམས་ཐུབ། དེར་བརྟེན། ས་གནས་དབྱེ་འབྱེད་ལག་རྩལ་དང་སྒྲིག་ཆས། ས་གནས་མཛོད་ཆེན་པོ་འཐུས་ཚང་དུ་གཏོང་བ་བཅས་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། གློག་འཕྲིན་དྲ་འཇུག་བྱས་ན་གློག་འཕྲིན་གྱི་གནས་ཡུལ་དུ་ཕྱིར་ལོག་པ། དྲ་འབྲེལ་དྲ་འཇུག་ཡིན་ན་དྲ་འབྲེལ་གནས་ཡུལ་དུ་ཕྱིར་ལོག་དགོས། འདི་ལྟར་བྱས་ན་རིག་ནུས་བརྡར་ཤ་གཅོད་པ་དང་རིག་ནུས་དབྱེ་འབྱེད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲ་ཆས། སྐུད་ཟུང་གཙོ་འཁོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-11

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།