ཀྲུང་གོའི་དེང་རབས་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་དེང་རབས་སློབ་ཆེན་ནི་སྒྲིག་གཞི་ཡོད་པ་དང་སྤུས་ཚད་ཡོད་པའི་སློབ་གླིང་ཞིག་ལ་ཟེར་ཞིང་། ཕྱི་རྒྱལ་གྱི་སྐད་ཡིག་ཤེས་ལྡན་པ་གསོ་སྐྱོང་བྱ་ཆེད། ཕྱི་ལུགས་གཉེར་བའི་ཕྱོགས་ཁག་གི་འགོ་གཙོ་ཀུང་ཆིན་ཝང་དབྱི་ཤིན་སོགས་ཀྱིས་སྙན་ཞུ་བརྒྱུད་དེ་ཆིང་སྲིད་གཞུང་གིས་སྤྱི་ལོ1862ལོར་པེ་ཅིང་དུ་རང་རྒྱལ་གྱི་དེང་རབས་སློབ་གྲྭ་གསར་བ་དེ་བཙུགས།
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
སྡེ་ཁག།
སློབ་གྲྭ།
1 སློབ་གཙོ།

སློབ་གཙོ་ལ་མཚོན་ནས་བཤད་ནའང་། སློབ་ཆེན་གྱི་སློབ་གཙོ་ནི་སློབ་ཆེན་ལ་གཏན་འཁེལ་གྱིས་བསྐོས་པ་ཞིག་ལས། དགེ་རྒན་ཨུ་ཡོན་ཚོགས་པ་ལྟ་བུས་བདམས་ནས་ཐོན་པ་ཞིག་མིན། དེར་བརྟེན། སློབ་ཆེན་གྱི་སློབ་གཙོ་དང་ཧྲུའུ་ཅི་གང་ཡིན་རུང་། ཁོ་ཚོ་སྲིད་འཛིན་འགོ་གཙོ་ཡིན་པ་ལས། རང་སྐྱོང་གིས་རང་བདག་ཅན་དུ་གྱུར་བའི་སློབ་ཆེན་གྱི་དོན་ངོ་མའི་དབང་ཆའི་ཚབ་བྱེད་མཁན་མིན། ཁོ་ཚོ་སྲིད་འཛིན་གྱི་གོ་རིམ་བརྒྱུད་ནས་བསྐོས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས། དོན་དངོས་སྟེང་ཁོ་ཚོའི་དབང་ཆ་ནི་འགན་འཁུར་ལས་ཆེ་བར་ཡོད། དེ་བས། སློབ་གཙོ་སུ་ཞིག་ཡིན་རུང་ཁོ་རང་ཉིད་ཀྱི་སློབ་ཆེན་དེའི་དམིགས་འབེན་དང་ཁྱད་གཤིས། རིག་གཞུང་དང་ཀུན་སྤྱོད་ཚད་གཞི། མཚན་ཉིད་སོགས་ཀྱི་ཆེད་དུ་རང་ཉིད་བློས་གཏོང་ཐུབ་མཁན་མེད་པར་གྱུར་བ་རེད།

2 སྡེ་ཚན།

སློབ་ཆེན་གྱི་གཞི་རྩའི་རིག་གཞུང་སྡེ་ཚན་གྱི་རང་སྐྱོང་ལ་ནང་དོན་གཞན་ཞིག་ཡོད་པ་ནི། སློབ་ཆེན་གྱི་སྡེ་ཁག་དང་སློབ་གླིང་། ཞིབ་འཇུག་ཁང་སོགས་རིམ་པ་དང་པོའི་རྩ་འཛུགས་རྣམས་གྲུབ་ཚུལ་ཐད་ནས་བརྗོད་ན། སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་རང་རྟོགས་སད་མཁན་གྱི་མཉམ་འབྲེལ་རྩ་འཛུགས་ཤིག་ཡིན་པ་དེ་རེད། རང་རྟོགས་སད་མཁན་གྱི་མཉམ་འབྲེལ་རྩ་འཛུགས་ཞེས་པ་ནི། སྡེ་ཚན་འདི་དག་ཁྲོད་ཀྱི་ཁོངས་མི་ཚང་མ་སྒེར་ཚུགས་སྒོས་སློབ་ཁྲིད་དང་རིག་གཞུང་བྱ་འགུལ་སྤེལ་ནུས་པའི་མི་རྐྱང་རྐྱང་ཡིན་དགོས་པ་ཞིག་ལ་གོ།

3 ཁྲིད་དཔྱོད་ཁང་།

སློབ་ཆེན་གྱི་སློབ་གླིང་དང་སྡེ་ཁག་གི་སྒྲིག་གཞི་འདི་ད་ལྟ་ཅི་ཙམ་སྒྱུར་བཀོད་བཏང་བ་དེ་ཙམ་གྱིས་རྙོག་འཛིང་ཆེ་རུ་འགྲོ་བཞིན་འདུག་སྟེ། ནུབ་ཕྱོགས་པའི་སློབ་ཆེན་གྱི་ལམ་ལུགས་དང་ལོ་རྒྱུས་ཅི་ཙམ་རིང་བ་དེ་ཙམ་གྱིས་ལུགས་མཐུན་ཅན་དུ་འགྱུར་ཀྱིན་ཡོད་ལ། སློབ་ཆེན་གྱི་རྒྱ་ཇི་ལྟར་བསྐྱེད་ན་སྒྲིག་གཞི་དེ་ལྟར་སྟབས་བདེ་བར་ཕྱོགས་ཏེ། འོས་འགྲིག་ཅན་དང་ཚད་ལྡན་ཅན་དུ་འགྱུར་བཞིན་ཡོད་མོད། ང་ཚོའི་སློབ་ཆེན་ནི་དེ་ལས་ལྡོག་སྟེ་ལོ་འདི་འགའི་རིང་སློབ་གླིང་ཇེ་མང་དུ་འཕེལ་བ་དང་བསྟུན། དེ་སྔོན་གྱི་སྡེ་ཁག་ནི་མིང་ཡོད་དོན་མེད་ཅན་དུ་ཕྱོགས་པ་དང་། སྡེ་ཁག་གི་རྨང་གཞིའི་རིག་ཚན་གྱི་གལ་ཆེན་རང་བཞིན་དེ་མག་མོག་ཏུ་འགྱུར་བཞིན་ཡོད། ནུབ་ཕྱོགས་པའི་སློབ་ཆེན་གྱི་རྩ་བའི་སྒྲིག་གཞིའི་རིམ་པ་ནི་སློབ་གྲྭ་དང་སྡེ་ཁག་གཉིས་ཡིན་ཞིང་། སློབ་གླིང་ནི་ཆེ་ས་ནས་གཅིག་གྱུར་གྱིས་འཆར་བཀོད་བྱེད་སའི་སྡེ་ཚན་ཡིན་པ་ལས་དོན་གྱི་དབང་ཆ་ཆེན་པོ་མེད། ཡིན་ནའང་རྒྱལ་ནང་གི་སློབ་ཆེན་དག་ལ་མཚོན་ན། ཁྲིད་དཔྱོད་ཁང་ནས་སྡེ་དག་དང་། སློབ་གླིང་། སློབ་ཆེན་བཅས་རིམ་པའི་རིམ་པ་མང་བོ་ཡོད་པ་ལས། དོན་ལ་སྲིད་འཛིན་སྡེ་ཁག་གི་དཔོན་གནས་རིམ་པ་མཚོན་བྱེད་ཁོ་ནར་གྱུར་ཡོད་པ་ལས། དོན་ལ་སྲིད་འཛིན་སྡེ་ཁག་གི་དཔོན་གནས་རིམ་པ་མཚོན་བྱེད་ཁོ་ནར་གྱུར་ཡོད་པ་རེད། དེར་བརྟེན། སྡེ་ཁག་ལ་མ་གཞིར་ཡོད་དགོས་པའི་རྩ་བའི་དབང་ཆ་དང་འགན་ནུས་དག་ཤོར་ཏེ་སློབ་གླིང་གི་དབང་ཤུགས་ཆེ་རུ་ཕྱིན་པ་དང་། དེ་ལ་བརྟེན་ནས་རིག་གཞུང་སྲིད་འཛིན་ལ་བརྟེན་པ་དང་དཔོན་པོས་ཅི་དགའ་བཞིན་རིག་ཚན་བདམས་སྤྱོད་བྱེད་པའི་ལུགས་འདི་བྱུང་བ་ཡིན་ནོ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།