སློབ་ཆེན་གྱི་དམིགས་འབེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་ཆེན་གྱི་དམིགས་འབེན་ནི་སློབ་མ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། སློབ་ཆེན་བྱུང་བ་ནས་ད་ལྟའི་བར་གྱི་སློབ་ཆེན་ལོ་རྒྱུས་ལ་ཞིབ་ཏུ་མཇལ་ན། རིག་གཞུང་ནི་སློབ་ཆེན་གྱི་དམིགས་འབེན་དང་བསམ་བློའི་ལྟེ་བ། རྨང་གཞི་བཅས་ཡིན་པ་གསལ་བོར་རྟོགས་ཐུབ། རིག་གཞུང་འདི་སློབ་ཆེན་གྱི་ནང་སྙིང་ཡིན་པ་རྟོགས་ཕྱིན། སློབ་ཆེན་གྱི་མ་ལག་ཀུན་པོ་ནང་སྙིང་འདི་ལ་བརྟེན་ནས་འཁོར་སྐྱོད་བྱེད་ཀྱིན་པ་ཤེས་དགོས་ལ། འདི་ལ་རང་དབང་གི་ཁོར་ཡུག་དང་ཁེར་ཚུགས་ཀྱི་རང་བཞིན། གསར་གཏོད་ཀྱི་སྙིང་སྟོབས་སོགས་འཛོམས་དགོས་པའང་ཞར་ལ་རྟོགས་ངེས།
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
དམིགས་ཡུལ།
སློབ་མ་སྐྱེད་བསྲིང་།
1 ​ཁེར་ཚུགས།

རང་དབང་ཁེར་ཚུགས་ཀྱི་རང་བཞིན་ནི་སློབ་ཆེན་གྱི་མི་ཆོས་རིང་ལུགས་དང་། དཔྱོད་ཤེས་རིང་ལུགས་ལ་མཚོན་ནས་བཤད་ན་ངེས་པར་དུ་ཚང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། གལ་ཏེ་སློབ་ཆེན་ལ་རང་དབང་ཁེར་ཚུགས་ཀྱི་རང་བཞིན་འདི་མེད་སོང་ཚེ། མི་ཆོས་རིང་ལུགས་ཀྱི་བསམ་བློ་ཁེར་ཚུགས་ཅན་ཞིག་དང་། དཔྱོད་ཤེས་རིང་ལུགས་ཀྱི་ལྟ་བ་རང་དབང་ཅན་ཞིག་ཡོང་ཐབས་མེད་ཅིང་། དེ་ལ་བརྟེན་ནས་སྐྱེས་བུ་དཔྱོད་ཤེས་ཅན་དང་བསམ་བློ་ཅན། གསར་གཏོད་ཅན་སོགས་ཀྱང་འབྱུང་བར་དཀའ།

2 སློབ་ཁྲིད།

སློབ་ཆེན་གྱི་རིག་གཞུང་ལྟེ་བའི་གནས་བབ་དེ་རིག་གཞུང་དང་སློབ་ཁྲིད་རང་དབང་དང་། སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གཅིག་གྱུར་གྱི་རྩ་དོན་གཉིས་ཀྱིས་གཏན་ལ་ཕབ་པ་རེད། སློབ་ཆེན་ལ་མཚོན་ནས་བཤད་ན། སློབ་ཁྲིད་དང་ཞིབ་འཇུག་ནི་བྱ་བའི་ལས་ཀ་ཧྲིལ་བོ་ལགས་ཤིང་། རིག་གཞུང་ནི་ནམ་ཡང་སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བར་འབྲེལ་ནས་ཡོད། ལ་ལས་སློབ་ཁྲིད་ནི་རྒྱུན་ཤེས་ངོ་སྤྲོད་པ་ཙམ་དང་། ཞིབ་འཇུག་ནི་ད་གཟོད་རིག་གཞུང་དང་འབྲེལ་བའི་ལས་ཤིག་ཏུ་འདོད་རུང་། སློབ་ཁྲིད་དང་རིག་གཞུང་གི་གཅོད་ཐབས་མེད་པའི་འབྲེལ་བ་མ་རྟོགས་ཚེ་སློབ་ཆེན་གྱི་སློབ་ཁྲིད་ལ་ངེས་ཤེས་ཀྱང་འདྲོངས་ཐབས་བྲལ་ཞིང་། སློབ་ཆེན་སློབ་ཁྲིད་ཀྱི་ཐུན་མིན་གྱི་ཁྱད་ཆོས་དང་། གསར་གཏོད་ཀྱི་རང་བཞིན། དཔྱད་གླེང་རང་བཞིན་ཡང་བརྗོད་ཐབས་མེད། རྒྱུ་མཚན་དེའི་དབང་གིས། ང་ཚོས་རིག་གཞུང་ནི་སློབ་ཆེན་གྱི་ཆེས་གཙོ་བོའི་རིན་ཐང་མངོན་ས་དང་། དེ་ལས་ཐོན་པའི་ནུས་པ་གཞན་དག་ནི་སློབ་ཆེན་གྱི་རིན་ཐང་ཕལ་བར་ངོས་འཛིན་བྱེད་དགོས་བྱུང་། རིན་ཐང་གིས་རིག་གཞུང་ཞིབ་འཇུག་གི་ཚབ་བྱེད་པ་ནི་དེང་གི་སློབ་ཆེན་སློབ་གསོའི་ཁྲོད་ཀྱི་གོ་འཛོལ་ཆེན་པོ་ཞིག་རེད། རྒྱུན་པར་མཐོང་བའི་སྣང་ཚུལ་ཞིག་ནི། ཞིབ་འཇུག་གི་ལས་གཞི་གང་བསྒྲུབ་ཀྱང་དེས་དེང་གི་སྤྱི་ཚོགས་ལ་ཐད་ཀར་བའི་ཁེ་ཕན་ཆེན་པོ་མེད་ཕྱིན་རིག་གཞུང་ཞིབ་འཇུག་དེར་རིན་ཐང་ཆེན་པོ་མེད་པར་འདོད་པ་རེད། འོན་ཀྱང་འདིར་བརྗོད་པའི་རིན་ཐང་དེ་དོན་ལ་ཁེ་ཕན་ལ་བརྗོད་ཀྱིན་ཡོད་པ་རིན་ཐང་བཤད་མཁན་གྱི་མི་དེ་དག་གིས་ཀྱང་རྟོགས་མེད་དོ༎


བརྡ་འགྲེལ་གདོང་འཛར།

སློབ་ཁྲིད། རིག་གཞུང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།