སྐད་འཕྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་འཕྲིན།
སྐད་འཕྲིན(WeChat)ནི་ཐེང་ཞུན་ཀུང་སིས་སྤྱི་ལོ2011ལོའི་ཟླ1པོའི་ཚེས21ཉིན་བཏོན་པའི་རིག་ནུས་མཐའ་སྣེ་ལ་དུས་ཐོག་འཕྲིན་གཏོང་ཞབས་ཞུ་མཁོ་འདོན་བྱེད་པའི་རིན་མེད་ཉེར་སྤྱོད་ཀྱི་གོ་རིམ་ཞིག་རེད། ཀྲང་ཞའོ་ལུང་གིས་སྣེ་ཁྲིད་བྱས་པའི་ཀོང་ཀྲོའུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཐོན་རྫས་ཚོགས་པས་བཟོས་པ་ཡིན། སྐད་འཕྲིན་ གྱིས་འཕྲིན་གཏོང་གཉེར་སྐྱོང་ཚོང་པ་དང་བཀོལ་སྤྱོད་མ་ལག་ལས་བརྒལ་བའི་ལས་སྟེགས་ཀྱིས་དྲ་རྒྱ་བརྒྱུད་དེ་རིན་མི་དགོས་པར(དྲ་རྒྱའི་རྒྱུག་ཚད་ཉུང་ཙམ་གྱི་ཟད་གྲོན་གཏོང་དགོས་པ)སྐད་སྒྲའི་འཕྲིན་ཐུང་དང་། བརྙན་འཕྲིན། པར་རིས། ཡི་གེ་བཅས་མགྱོགས་མྱུར་བསྐུར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་རྒྱུན་ལྡན་སྨྱན་སྦྱོར་གྱི་ནང་དོན་མཉམ་སྤྱོད་དང་གནས་ཡུལ་ལ་གཞིགས་པའི་སྤྱི་ཚོགས་དང་འབྲེལ་བའི་མ་ལག“གཡོ་སྐྱོམ”དང་། “ཆུར་གཡེང་བུམ་པ”“གྲོགས་ཚོམས” “ སྤྱི་དམངས་ཀྱི་ལས་སྟེགས”“སྐད་སྒྲའི་ཟིན་བྲིས་དེབ”སོགས་ཞབས་ཞུའི་བསྒར་ལྷུ་བཀོལ་སྤྱོད་བྱེད་ཆོག་པ་རེད། སྤྱི་ལོ2016ལོའི་དུས་ཚིགས་གཉིས་པའི་བར་སྐབས་སུ་སྐད་འཕྲིན་ནི་ཀྲུང་གོའི94%ཡན་གྱི་རིག་ནུས་ལག་ཁྱེར་ཁ་པར་ལ་ཁྱབ་ནས་ཟླ་རེར་སྤྱོད་མཁན་དུང་ཕྱུར8.06ཟིན་པ་དང་རྒྱལ་ཁབ200ལྷག་ཙམ་ལ་ཁྱབ་ནས་སྐད་རིགས20ལྷག་ཙམ་ལ་ཁྱབ་ཡོད་པ་རེད། གཞན་ཡང་སྤུས་རྟགས་ཁག་གི་སྐད་འཕྲིན་སྤྱི་དམངས་ཀྱི་ཨང་རྟགས་བསྡོམས་འབོར་ཁྲི800ལས་བརྒལ་བ་དང་སྒུལ་བདེའི་ཉེར་སྤྱོད་སྦྲེལ་མཐུད་གྲངས་འབོར85000ལས་བརྒལ་བ། བརྡ་ཁྱབ་ཡོང་འབབ་དམངས་སྒོར་དུང་ཕྱུར6.79ཟིན་པ། སྐད་འཕྲིན་གཏོང་སྤྲོད་སྤྱོད་མཁན་དུང་ཕྱུར4ཙམ་ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
微信
མཉེན་ཆས་ཀྱི་མིང་།
སྐད་འཕྲིན།
གསར་སྒྱུར་དུས་ཚོད།
སྤྱི་ལོ2019ལོའི་ཟླ9པའི་ཚེས25ཉིན(iOSཔར་གཞི)དང་སྤྱི་ལོ2019ལོའི་ཟླ11པའི་ཚེས28ཉིན(Androidཔར་གཞི)
མཉེན་ཆས་སྐད་བརྡ།
རྒྱ་ཡིག་དང་། དབྱིན་ཡིག   འཇར་ཡིག་སོགས།
སྤྱི་ཁྱབ་པུའུ།
ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཁུལTITགསར་གཏོད་གླིང་།
གསར་དུ་བཏོན་པའི་དུས་ཚོད།
སྤྱི་ལོ2011ལོའི་ཟླ1པོའི་ཚེས21ཉིན།
དཀར་ཆག
1   འཕེལ་རྒྱས་ཀྱི་བརྒྱུད་རིམ།  
1.1 སྤྱི་ལོ2011ལོ།
1.2 སྤྱི་ལོ2012ལོ།
1.3 སྤྱི་ལོ2013ལོ།
1.4 སྤྱི་ལོ2014ལོ།
1.5 སྤྱི་ལོ2015ལོ།
1.6 སྤྱི་ལོ2016ལོ།
1.7 སྤྱི་ལོ2017ལོ།
1.8 སྤྱི་ལོ2018ལོ།
1.9 སྤྱི་ལོ2019ལོ།
2   པར་དབང་སྲུང་སྐྱོབ།
3   ནུས་པའི་ཞབས་ཞུ།
3.1 རྩ་བའི་བྱེད་ནུས།
4   འཕྲིན་ཕྲན་གཏོང་སྤྲོད་ངོ་སྤྲོད།
5   སྒྲིག་སྲོལ།
6    སྐད་འཕྲིན་དངུལ་སྨར་ལེན་པ།
7    སྤྱི་སྟེགས།
8   སྐད་འཕྲིན་གྱི་དྲ་ངོས་པར་གཞི།
9   གྲོང་ཁྱེར་ཞབས་ཞུ།
10   པར་གཞི་ངོ་སྤྲོད།
11   Androidཔར་གཞི།
11.1 5.3 བྱེད་ནུས་གསར་པ།
11.2 5.3 བྱེད་ནུས་གསར་པ།
11.3 5.2.1བྱེད་ནུས་གསར་པ།
11.4 5.2 བྱེད་ནུས་གསར་པ།
11.5 5.1 བྱེད་ནུས་གསར་པ།
11.6 5.0.3.1 བྱེད་ནུས་གསར་པ།
11.7 5.0.3བྱེད་ནུས་གསར་པ།
11.8 5.0.2བྱེད་ནུས་གསར་པ།
11.9 5.0.1བྱེད་ནུས་གསར་པ།
11.10 5 བྱེད་ནུས་གསར་པ།
11.11 4.5 བྱེད་ནུས་གསར་པ།
11.12 4.2ནུས་པ་གསར་པ།
11.13 5.3 .0.16བྱེད་ནུས་གསར་པ།
11.14 5.2.1བྱེད་ནུས་གསར་པ།
11.15 5.2 .0.17བྱེད་ནུས་གསར་པ།
11.16 5.1.0.6 བྱེད་ནུས་གསར་པ།
11.17  5.0.3.17ནུས་པ་གསར་པ།
11.18 5.4.0.16 བྱེད་ནུས་གསར་པ།
11.19  5.1.0བྱེད་ནུས་གསར་པ།  
11.20 4.2པར་གཞི་གསར་སྒྱུར་བྱས་པ་གཤམ་གསལ་ལྟར།
12   Macཔར་གཞི།
13   སྐད་འཕྲིན་གློག་ཀླད་བསྒར་ལྷུ་པར་གཞི།
14   འཕྲིན་ཕྲན་དྲ་ངོས་པར་གཞི།
15    བཀོལ་སྤྱོད་བྱེད་པར་ཕྱོགས་སྟོན་གནང་བ།
15.1 རྩིས་ཐོའི་ཨང་གྲངས་ཐོ་འགོད།
15.2 གསང་གྲངས་ཕྱིར་འཚོལ་བ།
16    རྩོད་གཞིའི་དོན་རྐྱེན།
16.1 སྐད་འཕྲིན་བརྙན་རིས་ཟགས་པའི་དོན་རྐྱེན།
16.2 ཕྱིར་འཐེན་བྱས་རྗེས་ཐོ་འཇུག་བྱེད་མི་ཐུབ་པའི་དོན་རྐྱེན།


1 འཕེལ་རྒྱས་ཀྱི་བརྒྱུད་རིམ།  

སྐད་འཕྲིན་དེ་ཧྲེན་ཀྲེན་ཐེང་ཞུན་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས(TencentHoldingsLimited)སྤྱི་ལོ2010ལོའི་ཟླ10པར་སྤེལ་འགོ་ཚུགས་པ་དང་ཀོང་ཀྲོའུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཐོན་རྫས་ཚོགས་པས་གསར་དུ་བཏོན་པ་ཡིན། ཚོགས་པ་དེའི་སྤྱི་གཉེར་བ་ཀྲང་ཞའོ་ལུང་གིས་སྣེ་ཁྲིད་པའི་ཚོགས་པསFoxmailདངQQཡིག་སྒམ་སོགས་དྲ་སྦྲེལ་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་གསར་སྤེལ་བྱས་ཡོད། ཀུང་ཟིའི་སྤྱི་འདོམས་པ་མཱ་ཧྭ་ཐེང་གིས་ཐོན་རྫས་ཇུས་འགོད་བྱས་པའི་སྦྲག་རྫས་ནང་ཐོན་རྫས་ཀྱི་མིང་ལ“སྐད་འཕྲིན”ཞེས་གཏན་འཁེལ་བྱས་པ་ཡིན།

1_1 སྤྱི་ལོ2011ལོ།

སྤྱི་ལོ2011ལོའི་ཟླ1པོའི་ཚེས17ཉིན་པེ་ཅིང་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟི་ག་གེ་མོས་སྐད་འཕྲིན་གྱི་ཚོང་རྟགས་ཐོ་འགོད་བྱ་རྒྱུའི་རེ་ཞུ་བྱས་པ་དང་། སྐད་འཕྲིན་གྱི་ཚོང་རྟགས་དེ་སྤྱི་ལོ2011ལོའི་ཟླ1པའི་ཚེས24ཉིན་ཐོ་འགོད་བྱ་རྒྱུའི་རེ་ཞུ་བྱས་པ་དང་གཟའ་འཁོར་གཅིག་ལས་འགོར་འགྱངས་བྱས་མེད།

སྤྱི་ལོ2011ལོའི་ཟླ1པོའི་ཚེས21ཉིན་སྐད་འཕྲིན་ཐོགiPhoneསྤྱོད་མཁན་ལ་དམིགས་པའི་ཚོད་ལྟའི་པར་གཞི1.0འགྲེམས་སྤེལ་བྱས་པ་རེད། པར་གཞི་དེས་ཨང་རྟགས་ལ་བརྟེན་ནས་ད་ཡོད་ཀྱི་དཔྱད་གཞི་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་བྱས་མོད། འོན་ཀྱང་སྐབས་འཕྲལ་འཕྲིན་གཏོང་དང་། འདྲ་པར་མཉམ་སྤྱོད། མགོ་པར་བརྗེ་བ་སོགས་ཀྱི་སྟབས་བདེའི་ནུས་པ་མ་གཏོགས་མེད།

དེ་རྗེས1.1དང་། 1.2བཅས་ཚད་ལེན་ཚོད་ལྟའི་པར་གཞི་གསུམ་གྱི་ཁྲོད་སྐད་འཕྲིན་གྱིས་ལག་ཁྱེར་ཁ་པར་གྱི་འཕྲིན་དེབ་ཀློག་པ་དང་། ཐེང་ཞུན་པོད་ཆུང་དང་སྒེར་གྱི་འཕྲིན་ཡིག་སྤེལ་རེས་དང་དེ་བཞིན་མི་མང་པོའི་སྐད་ཆ་ཤོད་ནུས་ལ་རྒྱབ་སྐྱོར་བྱེད་ཚད་རིམ་བཞིན་མང་དུ་ཕྱིན་ནས་སྤྱི་ལོ2011ལོའི་ཟླ4པའི་ཟླ་མཇུག་བར་སྐད་འཕྲིན་ཐོ་འགོད་བྱེད་མཁན་ཁྲི་བཞི་ལྔ་ཙམ་ཟིན་ཡོད་པ་རེད།

སྤྱི་ལོ2011ལོའི་ཟླ5པའི་ཚེས10ཉིན་སྐད་འཕྲིན་གྱིས་པར་གཞི2.0འགྲེམས་སྤེལ་བྱས་པ་དང་པར་གཞི་དེརTalkboxདང་འདྲ་བའི་སྐད་བརྡའི་ནུས་པ་མང་དུ་ཕྱིན་ནས་སྐད་འཕྲིན་གྱི་ཁྱུ་དེ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།

སྤྱི་ལོ2011ལོའི་ཟླ8པར་སྐད་འཕྲིན་ནང“ཉེ་འགྲམ་གྱི་མིར་ལྟ་བའི”བྱེད་ནུས་གསར་དུ་བསྣན་པས་སྤྱོད་མཁན་ཁྲི1500ཟིན་ཡོད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་སླེབས་སྐབས་སྐད་འཕྲིན་སྤྱོད་མཁན་ཁྲི5000ལས་བརྒལ་ཡོད་པ་རེད།

སྤྱི་ལོ2011ལོའི་ཟླ10པའི་ཚེས1ཉིན་སྐད་འཕྲིན་གྱིས་པར་གཞི3.0འགྲེམས་སྤེལ་བྱས་པ་དང་པར་གཞི་དེར“གཡོ་སྐྱོམ”དང་ཆུར་གཡེང་བུམ་པའི་བྱེད་ནུས་ཆེ་རུ་བཏང་ནས་ཟོར་ལྕིའི་རྒྱ་ཡིག་གི་སྐད་ཆའི་མཐུད་མཚམས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ཤང་ཀང་དང་། ཨོ་སི་ཁྲུ་ལི་ཡ། ཐའེ་དབན་། ཨ་རི། འཇར་པན་བཅས་ས་ཁུལ་ལྔའི་སྤྱོད་མཁན་ཡང་མང་དུ་བཏང་ཡོད་པ་རེད།

1_2 སྤྱི་ལོ2012ལོ།

སྤྱི་ལོ2012ལོའི་ཟླ3པར་སྐད་འཕྲིན་གྱི་གྲངས་ཀ་དུང་ཕྱུར1ལས་བརྒལ་ཡོད། ཟླ4པའི་ཚེས19ཉིན་སྐད་འཕྲིན་ཐོག་ནས་པར་གཞི4.0ཁྱབ་བསྒྲགས་བྱས་པ་རེད། པར་གཞི་འདི་ལPathདངInstagramདང་འདྲ་བའི་འདྲ་པར་གྱི་ནུས་པ་ཁ་སྣོན་བྱས་ཡོད།  གཞན་འདྲ་པར་གྲོགས་ཚོམས་ནང་མཉམ་སྤྱོད་བྱས་ཆོག 

སྤྱི་ལོ2012ལོའི་ཟླ4པར་ཐེན་ཞུན་ཀུང་ཟིས་སྐད་འཕྲིན་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་གདལ་གཏོང་བའི་ཚོད་ལྟ་བྱེད་འགོ་ཚུགས་པ་དང་སྐད་འཕྲིན་གྱི་ཡོ་རོབ་མནའ་འབྲེལ་གྱིས་དེའི4.0དབྱིན་ཡིག་གི་པར་གཞི“Wechat”ཞེས་པར་བསྒྱུར་རྗེས་སྐད་ཡིག་མང་པོའི་རྒྱབ་སྐྱོར་བྱས་པ་རེད།

སྤྱི་ལོ2012ལོའི་ཟླ7པའི་ཚེས19ཉིན་སྐད་འཕྲིན་གྱི4.2པར་གཞི་ལས་བརྙན་ལམ་གྱི་གླེང་མོལ་བསྒར་ལྷུ་མང་དུ་བཏང་བ་མ་ཟད། དྲ་ངོས་པར་གཞིའི་སྐད་འཕྲིན་གྱི་མཐུད་མཚམས་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

སྤྱི་ལོ2012ལོའི་ཟླ9པའི་ཚེས5ཉིན་སྐད་འཕྲིན་གྱི4.3པར་གཞི་དེས་གཡོ་སྐྱོམ་གྱི་བརྒྱུད་རིས་ཀྱི་ནུས་པ་ཆེ་རུ་བཏང་ནས་ནུས་པ་དེ་གློག་ཀླད་ནས་ལག་ཁྱེར་ཁ་པར་ཐོག་སྐྱེལ་ཐུབ་ཀྱི་ཡོད། པར་གཞི་དེའི་ནང་ད་དུང་སྐད་བརྡའི་འཚོལ་བཤེར་ནུས་པ་གསར་སྣོན་བྱས་པ་དང་འབྲེལ་ལག་ཁྱེར་ཁ་པར་གྱི་ཨང་གྲངས་དངQQཨང་གྲངས་བཅིངས་གྲོལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པས་སྤྱོད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་ཚོད་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

སྤྱི་ལོ2012ལོའི་ཟླ9པའི་ཚེས17ཉིན་ཐིང་ཞུན་སྐད་འཕྲིན་ཚོགས་པས་སྐད་འཕྲིན་ཐོ་འགོད་བྱེད་མཁན་དུང་ཕྱུར2ལས་བརྒལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། 

1_3 སྤྱི་ལོ2013ལོ།

སྤྱི་ལོ2013ལོའི་ཟླ1པོའི་ཚེས15ཉིན་གྱི་མཚན་མོར། ཐིང་ཞུན་སྐད་འཕྲིན་ཚོགས་པས་པོད་ཆུང་ཐོག་སྐད་འཕྲིན་གྱི་གྲངས་འབོར་དུང་ཕྱུར3ལས་བརྒལ་ནས་གོ་ལ་ཧྲིལ་པོའི་ཐེག་ཚད་དང་ཕུད་ཚད་མང་ཤོས་ཀྱི་འཕྲིན་གཏོང་མཉེན་ཆས་སུ་གྱུར་ནས་ཀྲུང་གོའི་སྐམ་ས་ཆེན་མོ་དང་། ཤང་ཀང་། ཐའེ་ཝན། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་བཅས་སུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་འདུས་སྡོད་ཁུལ་དང་ནུབ་ཕྱོགས་བ་ཉུང་ཤས་ཤིག་ལ་ཁྱབ་ཡོད།

སྤྱི་ལོ2013ལོའི་ཟླ2པའི་ཚེས5ཉིན་སྐད་འཕྲིན་ཐོག་པར་གཞི4.5ཁྱབ་བསྒྲགས་བྱས་པ་རེད། པར་གཞི་དེས་དུས་ཐོག་ཏུ་མི་མང་པོའི་སྐད་གདངས་བརྒྱུད་ནས་གླེང་མོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། ད་དུང“གཡོ་སྐྱོམ”དང་རྩ་གཉིས་ཨང་རྟགས་ཀྱི་ནུས་པ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་གླེང་མོལ་གྱི་ཟིན་ཐོ་འཚོལ་ཞིབ་དང་། ཉར་ཚགས། གནས་སྤོ་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག་སྐད་འཕྲིན4.5སྐད་ཆའི་དྲན་སྐུལ་དང་ཕར་ཕྱོགས་ཀྱི་བསྐུར་བའི་གནས་བབ་ལ་གཞིགས་ནས་ཕྱོགས་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཡོད།

སྤྱི་ལོ2013ལོའི་ཟླ4པའི་ཚེས11ཉིན་སྐད་འཕྲིན་ཚོགས་པས་སྐད་འཕྲིན་བརྒྱུད་སྤྱོད་མཁན་ཁག་གཅིག་ལ་དངོས་སུ་གསལ་བསྒྲགས་སྤེལ་ནས་དྲ་ཐོག་ཏུ་དར་བའི“སྐད་འཕྲིན་གྱིས་སྤྱོད་མཁན་ལ་གྲོན་དངུལ་བསྡུ་དགོས་པའི”བསམ་ངན་བཅངས་ནས་དཀྲོག་གཏམ་བཟོ་བ་དང་དུས་མཚུངས་སྐད་འཕྲིན་གྱིས་སྤྱོད་མཁན་ལ་འགྲོ་གྲོན་གཏན་ནས་མི་བསྡུ་བའི་ནན་བཤད་བྱས་པ་རེད།

སྤྱི་ལོ2013ལོའི་ཟླ7པའི་ཚེས22ཉིན་གྱི་ཞོགས་པ་ཆུ་ཚོད7:30ཐོག་སྤྱོད་མཁན་མང་པོ་ཞིག་གིས་སྐད་འཕྲིན་ལ་ཕྱོགས་ཡོངས་ནས་སྐྱོན་ཤོར་བའི་སྐོར་བརྗོད་ཅིང་། སྐྱོན་ཆ་དེའི་ནང་སྐད་འཕྲིན་གྱི་ཆ་འཕྲིན་གཏོང་མི་ཐུབ་པ་དང་། འཁོར་སྐོར་གཏོང་མི་ཐུབ་པ། སྤྱི་དམངས་ཀྱི་རྩིས་ཐོའི་ཨང་གྲངས་སྟེགས་བུར་འཛུལ་མི་ཐུབ་པ། སྐད་འཕྲིན་གྱི་དྲ་ངོས་པར་སྦྲེལ་མཐུད་བྱེད་ཐབས་མེད་པ་བཅས་ཚུད་ཡོད་པ་རེད། ལས་འཛོལ་གྱིས་ཕྱི་དྲོའི་ཆུ་ཚོད2པར་རྙོག་དྲ་བཟོས་པས་སྐད་འཕྲིན་གསར་སྤེལ་ཚོགས་པ་གཞི་ནས་དེའི་པོད་ཆུང་ནང་ཚུད་ཡོད་པ་རེད། སྐད་འཕྲིན་སླར་ཡང་སྤྱོད་ཆོག་པའི་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་སྤྱོད་མཁན་ཁག་གཅིག་གིས་སྔར་བཞིན་སྐད་འཕྲིན་ནང་ཞུགས་རྗེས་ནུས་པ་ཁག་གཅིག་སླར་གསོ་བྱུང་མེད་པའམ་ཡང་ན་རྦད་དེ་འབྲེལ་མཐུད་ཐུབ་མེད།

སྤྱི་ལོ2013ལོའི་ཟླ8པའི་ཚེས5ཉིན་སྐད་འཕྲིན5.0foriosདྲ་ཐོག་ཏུ་ཞུགས་ནས་རྣམ་འགྱུར་ཚོང་ཁང་དང་རོལ་རྩེད་ལྟེ་གནས་བསྣན་ཏེ་གཙང་སེལ་བྱས་ཏེ(བསྡུས་མིང་ལ313ཞེས་བསྡུ་རྒྱུ)བྱེད་ནུས་གསར་རྐྱང་དུ་རིམ་སྤོར་བྱས་པ་དང་། ཁྲོམ་ལམ་གྱི་མཛེས་ལྗོངས་དང་། ཨང་གྲངས། རྩ་གཉིས་ཨང་བཤེར་བཅས་གཙང་ཕྱགས་བྱེད་པ། ཐ་སྙད་ཡིག་སྒྱུར་དང་གཙང་ཕྱགས་བྱེད་པ། ལོ་དེའི་ཟླ8ཚེས9ཉིན་སྐད་འཕྲིན5.0Androidདྲ་ཐོག་ཏུ་ཞུགས་ཐུབ་པ་རེད།

སྤྱི་ལོ་2013ལོའི་ཟླ8པའི་ཚེས15ཉིན་སྐད་འཕྲིན་ཕྱིའི་པར་གཞིའི(WeChat)ཐོ་འགོད་བྱེད་མཁན་དུང་ཕྱུར1ལས་བརྒལ་ནས་ཟླ་གཅིག་ནང་སྤྱོད་མཁན་ཁྲི3000མང་དུ་ཕྱིན་ཡོད་པ་རེད།

སྤྱི་ལོ2013ལོའི་ཟླ10པའི་ཚེས13ཉིན་གྲོང་ཁྱེར་ཡོངས་ཀྱི་འཚོལ་བཤེར་ཕུགས་འདུན་གྱིས་ལག་རྩལ་མི་ཤེས་པའི་མི་སྒེར་རམ་ཡང་ན་ཁེ་ལས་དེ་དག་ལ་རང་ཉིད་ལ་དབང་བའི་གོ་རིམ་འཛུགས་རོགས་བྱས་ཏེ་ལག་རྩལ་རྩ་བ་ནས་མི་ཤེས་པའི་མི་སྒེར་རམ་ཡང་ན་ཁེ་ལས་ལ་སྟབས་བདེའི་བཀོད་སྒྲིག་བརྒྱུད་ནུས་པ་ཆེན་པོ་ལྡན་ཡོད། ཁེ་ལས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་འཚོལ་ཞིབ་ལ་བརྟེན་ནས་གོང་དམའ་བའི་མ་རྩ་བེད་སྤྱད་དེ་རིག་ནུས་འཕྲུལ་མིའི་ནུས་པ་མངོན་འགྱུར་ཐུབ་པ་དང་། ཚོང་ཁང་གིས་ཚོང་ཁང་གི་ཚོང་ཟོག་དང་ཧྥེན་སིར་འབྲེལ་བ་དང་མཉམ་འགུལ་བྱེད་ཆོག་ལ། སྐད་འཕྲིན་གྱི་ས་གནས་ཨང་རྟགས་ཀྱི་སྐྱེལ་འདྲེན་སྲུང་སྐྱོང་མི་སྣར་ས་གནས་ཀྱི་སྐྱེལ་འདྲེན་སྲུང་སྐྱོང་གི་དོ་དམ་བྱེད་ནུས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད།

སྤྱི་ལོ2013ལོའི་ཟླ10པའི་ཚེས19ཉིན་སྐད་འཕྲིནLBSཡི་པར་རིས་ལ་ལན་བཏབ་པ་ནི་ཚོང་ཁང་གི་གནས་ཡུལ་བཀོད་སྒྲིག་བྱས་པ་དང་། སྤྱོད་མཁན་གྱིས་མིག་སྔའི་གནས་ཡུལ་དུ་རྩིས་སྤྲད་རྗེས་ཐག་ཉེ་ཤོས་ཀྱི་ཚོང་ཁང་རྙེད་ཐུབ་པ་མ་ཟད། ད་དུང་མཐེབ་གཅིག་གིས་ཕྱོགས་སྟོན་དང་མཐེབ་གཅིག་གིས་ཨང་གྲངས་གནོན་ཐུབ་ཀྱི་ཡོད། གལ་ཏེ་ཚོང་ཁང་གིས་མིག་སྔར་སྤེལ་བའི་བྱེད་སྒོ(དཔེར་ན་གཟིགས་སྐྱོང་སྤ་སེ) སྤེལ་ཐུབ་པ་རེད།

སྤྱི་ལོ2013ལོའི་ཟླ10པའི་ཚེས24ཉིན་སྐད་འཕྲིན་གྱི་གྲངས་འབོར་དུང་ཕྱུར6ལས་བརྒལ་བ་དང་ཉིན་ལྟར་སྤྱོད་མཁན་དུང་ཕྱུར1མང་དུ་ཕྱིན་ཡོད་པ་རེད།

སྤྱི་ལོ2013ལོའི་ཟླ12པའི་ཚེས31ཉིན་སྐད་འཕྲིན5.0·forWindowsPhoneདྲ་ཐོག་ཏུ་ཞུགས་ནས་ཉམས་འགྱུར་ཚོང་ཁང་དང་། དངུལ་ཁང་། ཉར་ཚགས་བྱེད་ནུས། ཡིག་སྒམ་བཅས་དང་སྦྲེལ་ནས་ཆ་འཕྲིན་མཉམ་སྤྱོད་བྱས་པ་རེད།

1_4 སྤྱི་ལོ2014ལོ།

སྤྱི་ལོ2014ལོའི་ཟླ1པོའི་ཚེས4ཉིན་སྐད་འཕྲིན་གྱིས་ཐོན་རྫས་ནང“ཏེ་ཏེ་གླ་གཏོང” མཁོ་འདོན་བྱས་པའི་ནུས་པ་བསྣན་ཡོད།

སྤྱི་ལོ2014ལོའི་ཟླ1པོའི་ཚེས28ཉིན་སྐད་འཕྲིན་གྱི་པར་གཞི5.2ལ་རིམ་སྤོར་བྱས་པ་དངAndroidཔར་གཞི་གསར་རྐྱང་དུ་བཟོ་བཅོས་བརྒྱབ་པ་རེད།

སྤྱི་ལོ2014ལོའི་ཟླ3པར་སྐད་འཕྲིན་གཏོང་སྤྲོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད།

སྤྱི་ལོ2014ལོའི་ཟླ3པའི་ཚེས24ཉིན་གློག་ཀླད་དོ་དམ་པས་སྐད་འཕྲིན་དྲ་ཐོག་ཏུ་སྤེལ་བའི་གླེང་མོལ་གྱི་ཟིན་ཐོ་གྲབས་ཉར་གྱི་ནུས་པ་ཆེ་རུ་བཏང་ཡོད།

སྤྱི་ལོ2014ལོའི་ཟླ8པའི་ཚེས28ཉིན་སྐད་འཕྲིན་གཏོང་སྤྲོད་བྱས་ནས“སྐད་འཕྲིན་གྱི་བློ་གྲོས་འཚོ་བའི་ལས་རིགས”ཡོངས་ཀྱི་ཐག་གཅོད་ཇུས་གཞི་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཞིབ་ཕྲའི་ཐོག་ནས་སྐད་འཕྲིན་སྤྱི་རྟགས་ཀྱི་སྐད་འཕྲིན་གཏོང་སྤྲོད་རྨང་གཞིར་བྱས་ཏེ་སྲོལ་རྒྱུན་ལས་རིགས་ལ་སྔར་ཡོད་ཀྱི་ཚོང་ལས་རྣམ་པ་སྐད་འཕྲིན་ལས་སྟེགས་སུ་བསྒྱུར་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

སྐད་འཕྲིན་གྱིས་མཁོ་འདོན་བྱས་པའི་བཀག་རྒྱའི་རྣམ་པའི་སྒུལ་བདེའི་དྲ་སྦྲེལ་ཚོང་ལས་ཀྱི་ཐག་གཅོད་ཇུས་གཞིའི་ནང་སྒུལ་བདེའི་དྲ་ཐོག་ཚོང་དོན་འཇུག་སྒོ་དང་། སྤྱོད་མཁན་ངོས་འཛིན། གྲངས་གཞི་དབྱེ་ཞིབ། གཏོང་སྤྲོད་བསྡོམས་རྩིས། ཚོང་དུད་ཀྱི་འབྲེལ་བ་སྲུང་སྐྱོང་། བཙོངས་རྗེས་ཀྱི་ཞབས་ཞུ། ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་འབྲེལ་བ་ཁྱབ་གདལ་སོགས་ཚུད་ཡོད་པ་རེད། དེས་སྐད་འཕྲིན་ལ་བརྟེན་ནས་ཚོང་ལས་ཅན་གྱི་སྒོ་དབྱེའི་གོམ་སྟབས་སླར་ཡང་ཆེ་རུ་བཏང་སྟེ་མཉམ་ལས་རོགས་ཟླར་འབྲེལ་མཐུད་ཀྱི་ནུས་པ་མཁོ་འདོན་བྱས་ནས་ཁེ་ལས་སྤྱོད་མཁན་གྱི་ཚོང་ལས་རྣམ་པའི་སྒུལ་བདེའི་དྲ་སྦྲེལ་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་རེད།

མཉམ་ལས་རོགས་ཟླར“ཡོད་ཚད་འབྲེལ་མཐུད”ཀྱི་ནུས་པ་མཁོ་འདོན་བྱས་པ་བརྒྱུད་སྐད་འཕྲིན་ལ“བློ་གྲོས་རྣམ་པའི”འཚོ་བ་སྐྱེལ་སྟངས་གསར་རྐྱང་ཞིག་ཆགས་བཞིན་ཡོད་པ་རེད། ཁོང་ཉིད་གཤམ་གསལ་གྱི་སྲོལ་རྒྱུན་ལས་རིགས་ནང་སིམ་ཟིན་པ་དཔེར་ན། སྐད་འཕྲིན་གླ་གཏོང། སྐད་འཕྲིན་གློག་རིན། སྐད་འཕྲིན་ཉོ་སྒྲུབ། སྐད་འཕྲིན་སྨན་བཅོས། སྐད་འཕྲིན་ཨར་ཁང་སོགས་ཡིན་པ་རེད། སྨན་བཅོས་དང་། ཨར་ཁང་། སིལ་ཚོང་། ཚོང་ཟོག་སྣ་ཚོགས། བཟའ་བཏུང་། སྤ་སེའི་ལས་དོན། མྱུར་སྐྱེལ། མཐོ་སློབ། གློག་རྡུལ་ཚོང་དོན། དམངས་འཚོ་སོགས་ལས་རིགས་བཅུ་ཕྲག་ཁ་ཤས་ལ་ཚད་གཞིའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་པ་རེད།

1_5 སྤྱི་ལོ2015ལོ།

སྤྱི་ལོ2015ལོའི་ཟླ1པོའི་ཚེས21ཉིན་སྐད་འཕྲིནAppStoreཐོག་མའི་པར་གཞི6.1བཏོན་པ་དང་། པར་གཞི་གསར་པར“ཟུར་བཀོད་སྒྲོམ་དུ་སྐད་འཕྲིན་ཤོག་ཆག”དང་། “ལག་ཁྱེར་ཁ་པར་བརྗེ་སྐབས་རང་ཉིད་ཀྱི་མཚན་ཉིད་ཉམས་འགྱུར་བོར་བརླག་ཏུ་མི་འགྲོ་བ”“འཚོལ་བཤེར་ཐུབ་པའི་ནང་དོན་དང་ཉེ་འགྲམ་གྱི་ཟ་ཁང”ཞེས་པའི་ནུས་པ་ཆེན་པོ་གསུམ་བསྣན་ཡོད། ད་རུང་སྒྲིག་སྦྱོར་བྱས་རྗེས་ཀྱི་བརྙན་པར་སོགས་ཡོད།

1_6 སྤྱི་ལོ2016ལོ།

སྤྱི་ལོ2016ལོའི་ཟླ1པོའི་ཚེས11ཉིན་ཀྲང་ཞའོ་ལུང་གིས་ལོ་མང་རིང་ཡོངས་བསྒྲགས་ངང་སྐད་འཕྲིན་གྱི་རིན་ཐང་ལྟ་བ་ཆེན་པོ་བཞི་འགྲེལ་བཤད་བརྒྱབ་པ་རེད། ཀྲང་ཞའོ་ལུང་གིས་ཐོན་རྫས་དེ་བས་མང་བ་སྤྱི་དམངས་ཀྱི་ཨང་རྟགས་ཐོག་ནས་བཟོ་གིན་ཡོད། གང་ལགས་ཤེ་ན། དེ་གར་སྤྱོད་མཁན་དང་བརྒྱུད་བསྒྲགས་ཀྱི་མ་གནས་དེ་བས་དམའ་བ་ཡོད་པས་རེད། ཕྲལ་ནས་ཐོན་པའི་ཞབས་ཞུའི་ཨང་གྲངས་ལ་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱས་མེད་སྟབས་སྐད་འཕྲིན་ནང་ཁུལ་དུ་རྣམ་པ་གསར་པ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་དེར་སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་ཞེས་བརྗོད་ཀྱིན་ཡོད།

སྤྱི་ལོ2016ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་སྐད་འཕྲིན་གཏོང་སྤྲོད་ཀྱིས་རྩིས་སྒྱུར་ནུས་པར་འགྲོ་ལུགས་གཉེར་དངུལ་བསྡུ་མཚམས་བཞག་པ་རེད། ཉིན་དེ་ནས་བཟུང་དངུལ་སྨར་ལེན་པའི་ནུས་པར་འགྲོ་ལུགས་འགྲིམ་དངུལ་ལེན་འགོ་ཚུགས་ཡོད། ཟླ3པའི་ཚེས10ཉིན། སྐད་འཕྲིན་གཞུང་ཕྱོགས་ཀྱིས“ཁེ་ལས་ཀྱི་སྐད་འཕྲིན”གྱི་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་ཐོག་མར་ཁྱབ་བསྒྲགས་བྱས་པ་དང་། ཟླ4པའི་ཚེས18ཉིན་ཉེར་སྤྱོད་པའི་བརྒྱུད་ཨན་ཀྲོ་པར་གཞི་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ལོ2016ལོའི་ཟླ9པའི་ཚེས21ཉིན་འཕྲིན་ཆུང་གི་གོ་རིམ་ཆུང་གྲས་ནང་ཚོད་ལྟ་བྱེད་འགོ་ཚུགས་པ་རེད། སྐད་འཕྲིན་གྱི་སྣོད་བཅུད་འོག་ལག་པས་རེག་ཐུབ་པ་དང་བཀོལ་ཚར་མ་ཐག་པའི་འཕྲིན་ཆུང་གི་གོ་རིམ་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ཐིང་ཞུན་སྤྲིན་གྱིས་སྐད་འཕྲིན་གྱི་གོ་རིམ་ཆུང་ངུའི་ཐག་གཅོད་ཇུས་གཞི་དངོས་སུ་བཟོས་ནས་སྤྲིན་སྣེའི་ཞབས་ཞུའི་འཕྲུལ་ཆས་ཆུང་གྲས་ཀྱི་ལག་རྩལ་ཇུས་གཞི་མཁོ་འདོན་བྱས་པ་རེད།

1_7 སྤྱི་ལོ2017ལོ།

སྤྱི་ལོ2017ལོའི་ཟླ1པོའི་ཚེས9ཉིན་གྱི་ཆུ་ཚོད0ཐོག་ཀུན་གྱིས་དོ་སྣང་བྱེད་པའི་སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་ཁག་དང་པོ་དངོས་སུ་སྤྱོད་འགོ་ཚུགས་པ་དང་སྤྱོད་མཁན་གྱིས་གོ་རིམ་ཆུང་ངུ་སྣ་ཚོགས་ཀྱི་ཞབས་ཞུ་ཉམས་སུ་མྱོང་ཐུབ།  

སྤྱི་ལོ2017ལོའི་ཟླ2པརBrandFinanceཡིས་སྤྱི་ལོ2017ལོའི་གོ་ལ་ཧྲིལ་པོའི་སྤུས་རྟགས་རྩེ་གྲ500ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་སྐད་འཕྲིན་གྱི་མིང་གྲལ100ཡིན་པ་རེད།

སྤྱི་ལོ2017ལོའི་ཟླ3པའི་ཚེས23ཉིན་གྱི་དགོང་མོ་སྐད་འཕྲིན་གཞུང་ཕྱོགས་ཀྱིས“སྐད་འཕྲིན་སྟོན་གྲངས”ཀྱི་ནུས་པ་འདོན་སྤེལ་བྱས་པ་རེད།

སྤྱི་ལོ2017ལོའི་ཟླ4པའི་ཚེས19ཉིན་སྐད་འཕྲིན་ཐད་ཀུ་ཤུའི་གཏན་འབེབས་གསར་པ་བཏོན་པས། བེད་སྤྱོད་ནང་གི་གཏོང་སྤྲོད་སྒྲིག་སྲོལ་ལ་འགྱུར་ལྡོག་ཕྱིན་ཞིང་། iOSཡི་སྐད་འཕྲིན་སྤྱི་དམངས་སྟེགས་བུ་དང་ཉམས་འགྱུར་ལས་སྟེགས་ཀྱི་བསྔགས་བརྗོད་ནུས་པ་དེ་ཉིན་དེའི་ཆུ་ཚོད17:00ནས་བཟུང་སྒོ་རྒྱག་པ་དང་ཨན་ཀྲའོ་སོགས་པར་གཞི་གཞན་གྱི་སྐད་འཕྲིན་གྱི་བསྔགས་བརྗོད་ནུས་པར་ཤུགས་རྐྱེན་མི་ཕོག་པ་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་འབྲེལ་ཡོད་མི་སྣས་ཁུག་དམར་དེའི་ཁྱབ་ཁོངས་སུ་མི་གཏོགས་པས་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བཤད་པ་རེད།

ད་ཐེངས་ཀྱི་སྐད་འཕྲིན་གྱི་སྤྱི་དམངས་ལས་སྟེགས་དང་དེ་བཞིན་ཉམས་འགྱུར་ལས་སྟེགས་ཀྱི་བསྔགས་བརྗོད་ནུས་པ་ལེགས་སྒྲིག་བྱེད་པའི་རྒྱུ་རྐྱེན་ནི་ཀུ་ཤུ2016ལོའི་ཟླ6པའི་ཚེས13ཉིན3.1.1དོན་ཚན་གསར་སྒྱུར་བྱས་པ་དང་། Appལ་དེ་བས་བླང་བྱ་ནན་པོ་བཏོན་ནས་མཁོ་མཁན་གྱིསIAPལམ་སྲོལ་མིན་པའི་ཐོག་ནས་ཉོ་སྒྲུབ་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་གཅུས་སྒོ་དང་། ཕྱི་འབྲེལ་ལམ་ཡང་ན་བྱ་སྤྱོད་གཞན་དག་གི་འབོད་སྐུལ་ཐ་སྙད་ཚུད་མེད་པ་རེད།

སྐད་འཕྲིན་ཐད་བསྔགས་བརྗོད་ཀྱི་ནུས་པ་བཀག་རྗེས་སྐད་འཕྲིན་སྤྱི་དམངས་ཨང་རྟགས་གཉེར་སྐྱོང་པས་རྩོམ་ཡིག་ནང་རྩ་གཉིས་ཨང་བཤེར་འགྲེམས་སྟོན་བྱས་ནས་མི་སྒེར་གྱི་དངུལ་ཁོངས་ག་བསྒྱུར་བྱེད་ཐབས་བརྒྱུད་རྒྱབ་སྐྱོར་ཐོབ་ཡོད་ཅེས་བཤད་པ་རེད། སྤྱོད་མཁན་གྱི་མ་དངུལ་སྲུང་སྐྱོང་བྱ་ཆེད། རྩིས་སྒྱུར་མ་དངུལ་དེ་རིགས་ལT7གྱི་བསྡོམས་རྩིས་དུས་འཁོར་སྤྱོད་རྒྱུ་ཡིན་པ་དང་། གལ་ཏེ་མ་དངུལ་བསྡམས་བཅད་དམ་ཡང་ན་གྲོན་དངུལ་ཕྱིར་སློག་བྱས་ཚེ་སྐད་འཕྲིན་སྤྱི་དམངས་ལས་སྟེགས་ཀྱི་རྒྱབ་ཏུ་འབྲེལ་ཡོད་ཀྱི་རྒྱུག་ཆུར་ལྟ་ཞིབ་བྱེད་ཆོག་གི་ཡོད་པ་རེད།

སྤྱི་ལོ2017ལོའི་ཟླ5བའི་ཚེས4ཉིན་སྐད་འཕྲིན་གཏོང་སྤྲོད་ཐདCITCONདང་ལག་གདང་སྦྲེལ་ནས་ཨ་རིར་དངོས་སུ་བསྐྱོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྐད་འཕྲིན་གཏོང་སྤྲོད་དངོས་སུ་ཨ་རིར་བསྐྱོད་རྗེས་ཨ་རིར་སྐྱོད་མཁན་མི་ཚོགས་ཀྱིས་ཨ་རིར་གཏོང་སྤྲོད་མེད་པའི་སྟབས་བདེ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། སྐད་འཕྲིན་གཏོང་སྤྲོད་བྱས་པ་བརྒྱུད་ཨ་རིའི་ཟས་གོས་འགྲོ་སྡོད་ཚང་མར་དམངས་སྒོར་གྱི་ཐོག་ནས་རྩིས་རྒྱག་ཆོག་གི་ཡོད་པ་རེད།

སྤྱི་ལོ2017ལོའི་ཟླ5པའི་ཚེས18ཉིན་སྐད་འཕྲིན་གསར་བརྗེས་བྱུང་ནས་སྐད་འཕྲིན་ཚོད་ལྟ་ཁང་གི་ནུས་པ་ཆེ་རུ་ཕྱིན་ཡོད།

སྤྱི་ལོ2017ལོའི་ཟླ8པའི་ཚེས21ཉིན་གྱི་ཕྱི་དྲོ། སྐད་འཕྲིན་ལ་སྐྱོན་བྱུང་ནསappནང་དོན་གཞན་དག་ཚང་མ་གྲོགས་པོ་དང་མཉམ་དུ་ལོངས་སྤྱོད་བྱེད་ཐབས་བྲལ་བ་དང་། སྐད་འཕྲིན་རྩིས་སྒྱུར་གྱི་ནུས་པ་ཡང་གནས་སྐབས་གོ་མི་ཆོད་པར་གྱུར་ནས་ཁུག་དམར་གྱི་ནུས་པ་རྒྱུན་ལྡན་དུ་གྱུར་ཡོད།

སྤྱི་ལོ2017ལོའི་ཟླ9པའི་ཚེས25ཉིན་གྱི་ཆུ་ཚོད17པ་ནས་ཚེས28ཉིན་གྱི་ཆུ་ཚོད17པའི་བར་ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་སྤེལ་འགོ་ཚུགས་པ་ལས་མངོན་པའི་སའི་གོ་ལའི་པར་རིས་ཀྱང་དེ་སྔའིNASA(ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཅུས)ཡིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཡོངས་བསྒྲགས་བྱས་པའི་སའི་གོ་ལའི་པར་ཆ་ཚང་དང་པོ་དེ་རླུང་སྤྲིན་ཨང་བཞི་པའི་པར་དུ་བརྗེ་རྒྱུ་ཡིན་པ་རེད། འདི་ཡང་སྐད་འཕྲིན་མགོ་བརྩམས་པའི་ལོ6གི་རིང་ཐེངས་དང་པོར་བརྗེ་བ་ཡིན།

སྤྱི་ལོ2017ལོའི་ཟླ11པའི་ཚེས8ཉིན་སྐད་འཕྲིན་ཀྲུང་གོའི་ཚོང་ལས་དཔེ་མཚོནTOP30ཡི་མིང་ཐོའི་ནང་ཚུད་ཡོད།

སྤྱི་ལོ2017ལོའི་ཟླ12ཚེས28ཉིན་སྐད་འཕྲིན་གསར་བསྒྱུར་བྱས་པའི6.6.1པར་གཞི་གློ་བུར་དུ་རོལ་རྩེད་ཆུང་གྲས་ཀྱི་སྒོ་མོ་ཕྱེ་བ་དང་། སྐད་འཕྲིན་འགོ་ཚུགས་པའི་དྲ་ངོས་ཀྱིས་ད་དུང་རོལ་རྩེད་ཆུང་གྲས་གཙོ་གནད་ཐོག་འོས་སྦྱོར་བྱས་པ་རེད།

1_8 སྤྱི་ལོ2018ལོ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས31ཉིན་སྐད་འཕྲིན་ཐོགiOSསྣེ་ཡི་པར་གཞི་གསར་པ6.6.2ཡོངས་བསྒྲགས་བྱས་ནས་རྩིས་ཐོའི་ཨང་གྲངས་གཉིས་མཐེབ་གཅིག་གིས་ཐོ་འཇུག་དང་དེ་བཞིན་ཤོག་ངོས་དོ་དམ་གྱི་ནུས་པ་ཤེས་རྟོགས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

སྤྱི་ལོ2018ལོའི་ཟླ2པའི་ཚེས9ཉིན་སྐད་འཕྲིན་ཚོགས་པས་དྲ་རྒྱའི་རྒྱན་འགྱེད་ཐད་གུ་ཡངས་གཏན་ནས་མི་གཏོང་བའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་སྐད་འཕྲིན་ཚོགས་པས་སྤྱོད་མཁན་གྱི་ཐེར་འདོན་གཞི་གྲངས་བརྒྱུད་ཞིབ་དཔྱད་དཔང་ལེན་བྱས་པ་བརྒྱུད་ཁྱོན་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་སྐད་འཕྲིན་ཚོགས་པ2300ལྷག་ཙམ་ལ་ཚོགས་པའི་ནུས་པར་ཚོད་འཛིན་ཐག་གཅོད་བྱས་པ་དང་རྩིས་ཐོའི་ཨང་གྲངས་ཁྲི3ལྷག་ཙམ་ལ་ནུས་པ་བེད་སྤྱོད་དམ་ཡང་ན་ཐོ་འགོད་ཚོད་འཛིན་སོགས་སྐས་རིམ་རྣམ་པའི་ཆད་པ་བཅད་པ་རེད།                                              སྤྱི་ལོ2018ལོའི་ཟླ2པའི་ཚེས10ཉིན་གྱི་དགོང་མོ་སྐད་འཕྲིན་ནང་ཐོན་པའི་ངན་སེམས་སྒྲིག་འགལ་དང་འགྲན་རྒོལ་བྱ་སྤྱོད་ལ་དམིགས་ཏེ་སྐད་འཕྲིན་ཚོགས་པས་སྤྱི་བསྒྲགས་ཆེན་པོ་སྤེལ་བ་རེད།

སྤྱི་ལོ2018ལོའི་ཟླ2པར་སྐད་འཕྲིན་གྱི་གོ་ལ་ཧྲིལ་པོའི་སྤྱོད་མཁན་མི་གྲངས་དུང་ཕྱུར10ཡི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོ་བརྒལ་ཡོད།

སྤྱི་ལོ2018ལོའི་ཟླ4པའི་ཚེས9ཉིན་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་གོའི(ཐེན་ཅིན)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཏུང་ཅང་གྲུ་ཁའི་ཡུག་ཁུལ་དུ་ཅང་སུའུ་ཞིང་ཆེན་གྱིས་ནན་ཅིང་དང་། ཀྲེན་ཅང་། སུའུ་ཆན། ལན་ཡུན་ཀང་བཅས་གྲོང་ཁྱེར་བཞིར་ཡོད་པ་དང་ཆབས་ཅིག“ཁེ་ལས་ཀྱིས་སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་བརྒྱུད་གློག་རྡུལ་ལས་གཉེར་ལག་ཁྱེར་ཕབ་ལེན་དང་བེད་སྤྱོད་གཏོང་བའི”ཞབས་ཞུ་སྤེལ་འགོ་ཚུགས་པ་རེད།

སྤྱི་ལོ2018ལོའི་ཟླ5པར་སྤྱོད་མཁན་གྱི་གསང་བའི་བདེ་འཇགས་འགན་ལེན་དང་སྐད་འཕྲིན་གྱི་ཕྱི་ཕྱོགས་སྦྲེལ་མཐུད་ཉམས་ལེན་ཇེ་ལེགས་སུ་གཏོང་ཆེད། འཕྲིན་ཆུང་ཚོགས་པས《འཕྲིན་ཆུང་གི་ཕྱི་ཕྱོགས་སྦྲེལ་མཐུད་ནང་དོན་དོ་དམ་ཚད་གཞིའི》འབྲེལ་ཡོད་སྒྲིག་སྲོལ་སྔར་བས་རིམ་སྤོར་བྱས་པ་དང་གཏན་འབེབས་གསར་པ་ཟླ5ཚེས29ཉིན་ནས་བཟུང་དངོས་སུ་ནུས་པ་ཐོན་རྒྱུ་ཡིན་པ་རེད།

སྤྱི་ལོ2018ལོའི་ཟླ8པའི་ཚེས7ཉིན་སྐད་འཕྲིན་གྱིས་ལས་སྟེགས་སྐྱོན་བྲལ་ངང་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱ་ཆེད། སྤྱི་དམངས་རྟགས་ཅན་གྱི་རྩོམ་ཡིག་ལྟ་ཀློག་གྲངས་གཞི་ལས་འཕྲུལ་འཁོར་སོགས་རང་བྱུང་དཔེ་ཀློག་ལས་བྱུང་བའི་གཞི་གྲངས་རྫུན་མ་མེད་པར་བཟོ་རྒྱུ་ཡིན་པ་རེད།

སྤྱི་ལོ2018ལོའི་ཟླ9པའི་ཚེས30ཉིན་ནས་ཟླ12པའི་ཟླ་མཇུག་བར་སྤྱོད་མཁན་གྱིས་ཧན་གོ་དང་། རི་པིན། སིང་ཀ་ཕོར། ཐེ་ལན། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན་སོགས་ས་ཁུལ་གྱི་སྐད་འཕྲིན་གཏོང་སྤྲོད་མཉམ་ལས་ཚོང་ཁང་དུ་སྐད་འཕྲིན་གཏོང་སྤྲོད་ཀྱི་འཛད་སྤྱོད་གྲུབ་འབྲས་ཐོབ་ནས་གཡོ་འགུལ་རོལ་དབྱངས་ཀྱི་བྱེད་སྒོའི་ནང་ཞུགས་ཆོག་པ་དང་། རྩིས་ཐོ་དེ་མི་དགོས་པའམ་ཡང་ན་སྐད་འཕྲིན་གྱི་ཤོག་ཆག་སྤྲོད་ཐུབ་པའི་གོ་སྐབས་བྱུང་ཡོད།

སྤྱི་ལོ2018ལོའི་ཟླ11པའི་ཚེས30ཉིན་ནས་བཟུང་སྐད་འཕྲིན་དང་གནས་སྐབས་ཆུར་གཡེང་བུམ་པའི་ཞབས་ཞུ་བསྒྲུབས་ནས་ཆགས་སྲེད་ཀྱི་ནང་དོན་ཆེད་དོན་གཙང་བཤེར་བྱས་པ་རེད།

1_9 སྤྱི་ལོ2019ལོ།

སྤྱི་ལོ2019ལོའི་ཟླ1པོའི་ཚེས7ཐིང་ཞུན་སྤྲིན་གྱི་སྤྱི་འདོམས་པ་གཞོན་པ་ཁྲེན་ཕིང་གིས IPv6 (InternetProtocolVersia6དྲ་སྦྲེལ་གྲོས་མཐུན་གྱི་པར་གཞི་དྲུག་པ)རིག་སྟོབས་མཉམ་འབྲེལ་རིམ་སྤོར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཐིང་ཞུན་སྤྲིན་གྱིས2019ལོརIPv6 in allམངོན་འགྱུར་བྱ་རྒྱུ་དང་སྣོད་བཅུད་ཧྲིལ་པོ IPv6འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད་པ་རེད།

སྤྱི་ལོ2019ལོའི་ཟླ10པའི་ཚེས10ཉིན་སྐད་འཕྲིན་གཏོང་སྤྲོད་ཀྱི་རྣམ་འགྱུར་བསྟན་ནས་དངུལ་ལོར་ཉོ་ཚོང་ལ་རྒྱབ་སྐྱོར་མི་བྱེད་པ་རེད།

སྤྱི་ལོ2019ལོའི་ཟླ10པའི་ཚེས18ཉིན་སྐད་འཕྲིན་གྱིས《སྐད་འཕྲིན་གྱི་ཕྱིའི་སྦྲེལ་མཐུད་ནང་དོན་གྱི་དོ་དམ་ཚད་གཞི》རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་སྒྲིག་འགལ་རིགས་ཁ་གསལ་བཟོས་ཡོད། སྒྲིག་སྲོལ་གསར་པ་ཟླ10པའི་ཚེས28ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ།

སྤྱི་ལོ2019ལོའི་ཟླ11པར་སྐད་འཕྲིན་ནང་སྤྱི་དམངས་ཀྱི་ཨང་རྟགས་ལ་ཐལ་མདོག་ཚད་ལེན་ཚོད་ལྟ་བྱེད་འགོ་ཚུགས་པའི་རྩོམ་ཡིག་ནང“འབྲེལ་ཡོད་དཔེ་ཀློག”གི་ནུས་པ་གསར་སྣོན་བྱས་པ་སྟེ། སྤྱི་དམངས་ཨང་རྟགས་ཀྱིས་གཅིག་སྡུད་ཐོག་སྤེལ་བའི་རྩོམ་ཡིག་ཁག་གཅིག་ལ“འབྲེལ་ཡོད་དཔེ་ཀློག”གི་དཔེ་དུམ་ཐོན་ནས་རྩོམ་ཡིག་དེའི་འབྲེལ་ཡོད་ལྟ་ཀློག་གི་ནང་དོན་འོས་སྦྱོར་བྱས་ཏེ་སྤྱོད་མཁན་ལ་འབྲེལ་ཡོད་དོན་རྐྱེན་ནམ་ཡང་ན་སྤྲོ་སྣང་སྐྱེ་སྲིད་པའི་ནང་དོན་ཤེས་རྟོགས་བྱེད་རོགས་བྱས་པ་རེད།

2 པར་དབང་སྲུང་སྐྱོབ།

སྤྱི་ལོ2015ལོའི་ཟླ2པའི་ཚེས4ཉིན་སྐད་འཕྲིན་ཚོགས་པས་སྤྱི་དམངས་ཀྱི་ལས་སྟེགས་ཐོག་བྱེད་སྤྱོད་ལ་ཆད་པ་གཅོད་པའི་ལམ་སྲོལ་ཁྱབ་བསྒྲགས་བྱས་པ་སྟེ། ཡིག་སུབ་ཐེངས་དང་པོ་དང་འབྲེལ་ཐ་ཚིག་བསྒྲགས་པ་དང་། བརྡ་ཐོ་ཐེངས་གཉིས་པ་ཉིན7བཏང་བ། ཉིན15བཏང་བ། ཉིན30བཏང་བ། ཡུན་གཏན་ཨང་རྟགས་ཐེངས་ལྔ་པ་བཅས་རེད།

ལས་སྟེགས་ཀྱི་སྒྲིག་སྲོལ་ལ་སྲུང་བརྩི་མི་ཞུ་བ་དང“མ་རྩོམ་གསལ་བསྒྲགས”ཀྱི་ནུས་པ་གང་བྱུང་དུ་སྤྱོད་པའི་བསམ་ངན་དང་ཐེར་འདོན་བྱས་ཚེ་སྐད་འཕྲིན་སྤྱི་དམངས་ཀྱི་ལས་སྟེགས་ཀྱིས་དེའི“གསལ་བསྒྲགས”ཀྱི་ནུས་པ་ནམ་ཡང་ཚུར་བསྡུ་བྱ་རྒྱུ་མ་ཟད། དུས་མཚམས་རང་བཞིན་གྱི་ཨང་རྟགས་བཀག་ནས་ཐག་གཅོད་བྱ་རྒྱུ་རེད།

སྐད་འཕྲིན་སྤྱི་དམངས་སྟེགས་བུས་རྩོམ་ཡིག་སྤུས་ལེགས་དེ་བས་མང་བ་འབྲི་རྒྱུར་སྐུལ་འདེད་གཏོང་ཆེད། སྐད་འཕྲིན་སྤྱི་དམངས་སྟེགས་བུ“གསལ་བསྒྲགས”ཀྱི་ནུས་པ་བཏོན་ཞིང་། དེའི་དམིགས་ཡུལ་ནི་རྩོམ་ཡིག་གི་མཚོན་རྟགས་ཐག་གཅོད་བྱ་རྒྱུ་དེ་རེད། རེས་སྐོར་དང་པོའི་སྤྱི་པའི་ཚད་ལེན་ཚོད་ལྟ་དེ་སྐད་འཕྲིན་ གྱིས་ཁས་ལེན་བྱས་པའི་སྨྱན་སྦྱོར་ཨང་གྲངས་ལ་སྒོ་ཕྱེ་བ་རེད།

གསལ་བསྒྲགས་སྤེལ་རེ་ཞུས་པའི་རྩོམ་ཡིག་དེ་སྡེབ་སྤེལ་ལེགས་གྲུབ་བྱུང་རྗེས་གསལ་བསྒྲགས་མ་ལག་གིས་དེར་རིག་ནུས་བསྡུར་བ་དང་། མ་ལག་བསྡུར་ཚེ་དུས་ཚོད་ངེས་ཅན་ཞིག(ཆུ་ཚོད་ཕྱེད་ཀའི་ནང་ཚུད)དགོས་པ་དང་བསྡུར་ཚེ་མ་ལག་གིས་རང་འགུལ་ངང་མ་རྩོམ་ལ་མཚོན་རྟགས་ཁ་སྣོན་བྱེད་ཀྱི་ཡོད།

གལ་ཏེ་རེ་ཞུ་བྱས་ནས་ཕམ་ཉེས་བྱུང་ན། མ་ལག་གིས་འཕྲིན་ཡིག་བསྐུར་ནས་རེ་འདུན་ཞུ་མཁན་ལ་བརྡ་ཐོ་གཏོང་རྒྱུ་རེད། རེ་འདུན་ཞུ་མཁན་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ་བབས་ཚུགས་ནང་ཁུལ་གྱི་འཕྲིན་ཡིག“ཞུ་གཏུག”གི་འཇུག་སྒོ་བརྒྱུད་ཐད་ཀར་སྤྱོད་ཆོག་པ་དང་སྐད་འཕྲིན་དེ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྔར་བས་ཞིབ་དཔྱད་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

མ་རྩོམ་དེ་མི་གཞན་གྱིས་སྔོན་ལ་གསལ་བསྒྲགས་བྱས་པའི་གནས་ཚུལ་ལ་རྩོམ་པ་པོས་སྐད་འཕྲིན་སྤྱི་དམངས་ལས་སྟེགས་ལ་འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱས་ནས་དབང་གནོད་ཞུ་གཏུག་བྱེད་ཆོག་གི་ཡོད་པ་རེད།

3 ནུས་པའི་ཞབས་ཞུ།
3_1 རྩ་བའི་བྱེད་ནུས།

གླེང་མོལ། སྐད་སྒྲའི་འཕྲིན་ཐུང་དང་། བརྙན་འཕྲིན། པར་རིས(རྣམ་འགྱུར་ཚུལ)དང་ཡི་གེ་བཅས་བསྐུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ནི་གླེང་མོལ་མཉེན་ཆས་ཤིག་ཡིན་པ་དང་། མི་མང་པོ་ཞིག་གིས་གླེང་མོལ་བྱེད་པའི(མི40དང་། མི100དང་མི200ཡི་ཚོགས་པའི་གླེང་མོལ་ནང་ཚོད་ལྟ་བྱེད་བཞིན་ཡོད)

གྲོགས་པོ་ནང་འཇུག་བྱེད་པ། སྐད་འཕྲིན་གྱིས་སྐད་འཕྲིན་ཨང་གྲངས་འཚོལ་བར་རྒྱབ་སྐྱོར་བྱེད་པ། (ཞིབ་ཕྲའི་གོམ་རིམ། སྐད་འཕྲིན་མཐུད་མཚམས་འོག་གི་གྲོགས་པོ་རྣམ་པར)གནོན་ནས་གྲོགས་པོ་ནང་འཇུག། ཨང་གྲངས་འཚོལ་བ། དེ་ནས་འཚོལ་བཤེར་བྱེད་འདོད་པའི་སྐད་འཕྲིན་ཨང་གྲངས་ནང་འཇུག་བྱེད་པ། དེ་ནསQQགྲོགས་པོ་ནང་འཇུག་བྱེད་པ།   ལག་ཁྱེར་ཁ་པར་གྱི་འཕྲིན་གཏོང་ཟིན་ཐོ་ལ་ལྟ་ཞིབ་བྱེད་པ། སྐད་འཕྲིན་ཨང་གྲངས་མཉམ་སྤྱོད་བྱས་ཏེ་གྲོགས་པོ་ནང་འཇུག་བྱེད་པ། གཡོ་སྐྱོམ་བྱས་ཏེ་གྲོགས་པོ་ནང་འཇུག་བྱེད་པ། རྩ་གཉིས་ཨང་རྟགས་འཚོལ་ཏེ་གྲོགས་པོ་ནང་འཇུག་བྱེད་པ། ཆུར་གཡེང་བུམ་པ་དང་ལེན་བྱས་ཏེ་གྲོསག་པོ་ནང་འཇུག་བྱེད་པ་སོགས་བྱེད་སྟངས་ཁག་བདུན་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་རེད།

སྐད་འཕྲིན་གྱི་གོ་རིམ་ཆུང་ངུ། སྤྱི་ལོ2017ལོའི་ཟླ4པའི་ཚེས17ཉིན་གོ་རིམ་ཆུང་ངུས“རྩ་གཉིས་ཨང་རྟགས་གཞིར་བཟུང་གོ་རིམ་ཆུང་ངུར་འཇུག་པའི”ནུས་པ་སྒོ་ཕྱེ་ཡོད། ཚན་རྩལ་ཚོད་ལྟ་བྱས་པ་བརྒྱུད་ནུས་པ་དེiOSདང་Androidགཉིས་ཀར་སྤྱོད་ཆོགགལ་ཏེ་ཁྱེད་ཀྱིས་རྒྱུན་ལྡན་ལྟར་ཁ་ཕྱེ་མི་ཐུབ་ཚེ་སྐད་འཕྲིན་པར་གཞི་གསར་ཤོས་སུ་བསྒྱུར་རོགས།

སྤྱི་ལོ2017ལོའི་ཟླ3པའི་ཟླ་མཇུག་ཏུ་གོ་རིམ་ཆུང་ངུས“ཕྱོགས་གསུམ་པའི་སྟེགས་བུ”དང“ཉེ་འགྲམ་གྱི་གོ་རིམ་ཆུང་ངུའི”ནུས་པ་གསར་པ་གཉིས་བསྣན་ཡོད།

སྤྱི་ལོ2017ལོའི་ཟླ9པའི་ཚེས14ཉིན་གྱི་དགོང་མོ་འཕྲིན་ཆུང་གིས་པར་གཞི་གསར་བརྗེས་བྱས་པ་དང་ཨན་ཀྲའོ་དངiOSསྐད་འཕྲིན་ཐོག་སྤྱོད་མཁན་གྱིས་འཕྲིན་ཆུང་ཁ་ཕྱེ་རྗེས་ངེས་པར་དུ་ཀློག་དགོས་པའི་འཕྲིན་ཐུང《སྐད་འཕྲིན་གྱི་གསང་དོན་སྲུང་སྐྱོང་གི་མཛུབ་སྟོན》མཐོང་རྒྱུ་ཡོད་པས་མོས་མཐུན་ཐོབ་རྗེས་གཞི་ནས་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད།

སྤྱི་ལོ2017ལོའི་ཟླ11པའི་ཚེས2ཉིན་སྐད་འཕྲིན་དྲ་ཐོག་གི་འགན་བཅོལ་ཕྱིར་ཚོང་ལས་སྒོ་གཉེར་འགོ་ཚུགས་པ་རེད།

4 འཕྲིན་ཕྲན་གཏོང་སྤྲོད་ངོ་སྤྲོད།

སྐད་འཕྲིན་གཏོང་སྤྲོད་ནི་སྐད་འཕྲིན་གཏོང་སྤྲོད་ཀྱི་ནུས་པ་གཅིག་ཏུ་བསྡུས་ནས་སྤྱོད་མཁན་གྱིས་ལག་ཁྱེར་ཁ་པར་བརྒྱུད་གཏོང་སྤྲོད་ཀྱི་བརྒྱུད་རིམ་མྱུར་པོ་ལེགས་སྒྲུབ་བྱེད་ཆོག་གི་ཡོད་པ་རེད། འཕྲིན་ཆུང་གཏོང་སྤྲོད་ཀྱིས་སྤྱོད་མཁན་ལ་བདེ་འཇགས་དང་། མགྱོགས་མྱུར།  ལས་ཆོད་ཆེ་བ་སོགས་ཀྱི་གཏོང་སྤྲོད་ནུས་པ་ལྡན། 

གཏོང་སྤྲོད་ཀྱི་རྣམ་པ་རྒྱབ་སྐྱོར་བྱ་རྒྱུ་སྟེ། སྐད་འཕྲིན་སྤྱི་དམངས་ལས་སྟེགས་ཀྱི་གཏོང་སྤྲོད་དང་། APP(ཕྱོགས་གསུམ་པའི་ཉེར་སྤྱོད་ཚོང་གྲོང་)གཏོང་སྤྲོད། རྩ་གཉིས་ཨང་རྟགས་བཤར་འབེབས་གཏོང་སྤྲོད།བྱང་བུ་སྤྱད་ནས་གཏོང་སྤྲོད་བཅས་བྱ་རྒྱུ་དང་། སྤྱོད་མཁན་གྱིས་ཨང་རྟགས་སྟོན་པ་དང་བཤར་འབེབས་བྱས་རྗེས་གཏོང་སྤྲོད་ལེགས་གྲུབ་བྱ་རྒྱུ་རེད།

སྤྱོད་མཁན་གྱིས་འཕྲིན་ཆུང་ནང་དངུལ་ཁང་བྱང་བུ་གཅིག་དང་འབྲེལ་བ་བྱེད་དགོས་པ་མ་ཟད། ཐོབ་ཐང་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་ཚེ་འཕྲིན་ཆུང་གིappཡི་རིག་ནུས་ལག་ཐོགས་ཁ་པར་དེ་ཀུན་ཐུབ་དངུལ་ཁུག་ཏུ་འགྱུར་ཐུབ་པ་དང་དེ་རྗེས་མཉམ་ལས་ཀྱི་ཚོང་ཟོག་དང་ཞབས་ཞུ་ཉོ་སྒྲུབ་བྱེད་ཆོག་པ་དང་། སྤྱོད་མཁན་གྱིས་དངུལ་སྤྲོད་སྐབས་རང་ཉིད་ཀྱི་རིག་ནུས་ལག་ཐོགས་ཁ་པར་ཐོག་གསང་ཨང་ནང་འཇུག་བྱེད་དགོས་པ་དང་གཱ་དྲད་མི་དགོས་པར་དངུལ་སྤྲོད་ཐུབ་ཀྱི་ཡོད། བརྒྱུད་རིམ་ཧྲིལ་པོ་སྟབས་བདེ་རུ་ཕྱིན་ཡོད་པ་རེད།

སྐད་འཕྲིན་གཏོང་སྤྲོད་ཀྱིས་གཤམ་གྱི་དངུལ་ཁང་གི་དངུལ་བུན་བྱང་བུ་ལ་རྒྱབ་སྐྱོར་བྱ་རྒྱུ་སྟེ། འཕེལ་རྒྱས་དངུལ་ཁང་དང་ཉིང་པོ་དངུལ་ཁང་། གཞན་ཡང་སྐད་འཕྲིན་གཏོང་སྤྲོད་ཐད་ད་དུང་གཤམ་གྱི་དངུལ་ཁང་གི་གཡར་བྱང་དང་ཡིད་རྟོན་བྱང་བུ་རྒྱབ་སྐྱོར་བྱ་རྒྱུ་སྟེ། ཚོང་འགུགས་དངུལ་ཁང་དང་། འཛུགས་སྐྲུན་དངུལ་ཁང་། ཀོང་ཏ་དངུལ་ཁང་། ཀྲུང་གོ་ཡིད་རྟོན་དངུལ་ཁང་། ཐུང་ཧྥ་དངུལ་ཁང་། ཀོང་ཧྥ་དངུལ་ཁང་། དུས་བདེའི་དངུལ་ཁང་། ལས་དར་དངུལ་ཁང་། དམངས་འཚོའི་དངུལ་ཁང་བཅས་ཡིན་པ་རེད།

སྤྱི་ལོ2014ལོའི་ཟླ9པའི་ཚེས13ཉིན་སྤྱོད་མཁན་དེ་བས་མང་བར་སྐད་འཕྲིན་གཏོང་སྤྲོད་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་མཁོ་འདོན་བྱ་ཆེད།སྐད་འཕྲིན་ཞབས་ཞུའི་ཨང་རྟགས་ཀྱིས་སྐད་འཕྲིན་གཏོང་སྤྲོད་ཀྱི་ནུས་པ་རེ་ཞུ་བྱེད་སྐབས་ཁག་ཐེག་མ་དངུལ་སྒོར་ཁྲི2མི་བསྡུ་པ་དང་ཚོང་ཁང་འཛུགས་པའི་སྒོ་ཐེམ་དམའ་རུ་འགྲོ་རྒྱུ་ཡིན་པ་རེད།

5 སྒྲིག་སྲོལ།

1. དངུལ་ཁང་གི་བྱང་བུ་དང་འབྲེལ་སྐབས་བྱང་བུ་འཁྱེར་མཁན་གྱིས་རང་ཉིད་ཀྱི་དངོས་མིང་ཆ་འཕྲིན་ར་སྤྲོད་བྱེད་དགོས་པ་སྟེ།

2.སྐད་འཕྲིན་གཅིག་གིས་དངོས་མིང་ཆ་འཕྲིན་གཅིག་སྦྲེལ་ཐུབ་པ་དང་། འབྲེལ་མཐུད་བྱས་རྗེས་དངོས་མིང་གི་ཆ་འཕྲིན་སྒྱུར་མི་ཐུབ་པ་དང་། བྱང་བུ་འགྲོལ་བར་དངོས་མིང་གི་འབྲེལ་བ་མེད་པར་བཟོ་མི་ཐུབ།

3.ཐོབ་ཐང་གཅིག་མཚུངས་ཀྱི་ལག་ཁྱེར་ཨང་གྲངས་ཀྱིས་ཆེས་མང་དུས་སྐད་འཕྲིན་གཏོང་སྤྲོད10(དེའི་ནང10ཚུད་པ)ཐོ་འགོད་བྱས་ཆོག

4.དངུལ་ཁང་བྱང་བུ་གཅིག(ཡིད་རྟོན་བྱང་བུ་ཚུད་པ)ཆེས་མང་དུས་སྐད་འཕྲིན3སྦྲེལ་ཐུབ།

5.སྐད་འཕྲིན་གཅིག་གིས་དངུལ་ཁང་གི་བྱང་བུ10(ཡིད་རྟོན་བྱང་བུ་ཚུད)སྦྲེལ་ཐུབ་པ།

6.སྐད་འཕྲིན་གཅིག་གིས་རྩིས་ཐོའི་ཨང་གྲངས་ཁྲོད་ཀྱི་གཏོང་སྤྲོད་གསང་གྲངས་གཅིག་ལས་འཛུགས་མི་ཐུབ།

7.དངུལ་ཁང་གི་བྱང་བུ་ཡིས་དྲ་རྒྱའི་དངུལ་ཁང(ཀྲུང་གོ་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་ཕུད)སྒོ་འབྱེད་མི་དགོས་པར་དངུལ་ཁང་དུ་ལག་ཁྱེར་ཁ་པར་གྱི་ཨང་གྲངས་ཡོད་ཚེ་སྐད་འཕྲིན་དང་འབྲེལ་ནས་གཏོང་སྤྲོད་བྱེད་ཆོག

མཆན། གལ་སྲིད་སྦྲེལ་ཐུབ་ཚེ་སྐད་འཕྲིན་དེ་མིང་གཞན་གྱི་དངུལ་ཁང་གི་བྱང་བུ་དང་ཡིད་རྟོན་བྱང་བུ་དང་འབྲེལ་བ་བྱེད་ཐབས་བྲལ་བས་གཟབ་ནན་གྱིས་བཀོལ་སྤྱོད་བྱེད་དགོས།

སྤྱི་ལོ2014ལོའི་ཟླ9པའི་ཚེས13ཉིན་སྤྱོད་མཁན་དེ་བས་མང་བར་སྐད་འཕྲིན་གཏོང་སྤྲོད་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་མཁོ་འདོན་བྱ་ཆེད། སྐད་འཕྲིན་ཞབས་ཞུའི་ཨང་རྟགས་ཀྱིས་སྐད་འཕྲིན་གཏོང་སྤྲོད་ཀྱི་ནུས་པ་རེ་ཞུ་བྱེད་སྐབས་ཁག་ཐེག་མ་དངུལ་སྒོར་ཁྲི2མི་བསྡུ་པ་དང་ཚོང་ཁང་འཛུགས་པའི་སྒོ་ཐེམ་དམའ་རུ་འགྲོ་རྒྱུ་ཡིན་པ་རེད། ཁག་ཐེག་དངུལ་མེད་པར་བཟོས་པ་ནི་སྐད་འཕྲིན་གྱི་གཏོང་སྤྲོད་ཚད་གཞི་ཇེ་དམའ་རུ་སོང་བར་གདོན་མི་ཟ། འབྱུང་འགྱུར་གྱི་དུས་མཚམས་ཤིག་གི་རིང་ལ་སྐད་འཕྲིན་གཏོང་སྤྲོད་ཀྱི་ཚད་གཞི་དམའ་རུ་བཏང་བས་ཐའོ་པའོ་ཚོང་མཁན་དང་ལས་གཏོད་པ་གསར་པ་དེ་བས་མང་བ་ཞིག་གིས་འཕྲིན་ཆུང་སྤྱི་དམངས་ཀྱི་སྟེགས་བུ་མང་པོ་ཞིག་གཏོད་ངེས་ཡིན་པས་ཁེ་ལས་དེ་བས་མང་བ་ཞིག་ཐོ་འགོད་ཐུབ་ངེས་རེད།

སྤྱི་ལོ2015ལོའི་ཟླ10པའི་ཚེས17ཉིན་ནས་བཟུང་སྐད་འཕྲིན་གྱི་གཏོང་སྤྲོད་རིམ་བཞིན་ཚོད་ལྟའི་རྩིས་སྒྱུར་གྱི་གཏན་འབེབས་གསར་པ་སླར་གསོ་བྱེད་འགོ་ཚུགས་ཡོད། མི་རེས་ཟླ་རེར་དངུལ་ཁོངས་ག་བསྒྱུར་དང་ངོ་འཕྲད་ངང་འགྲོ་ལུགས་འགྲིམ་དངུལ་སྒོར་ཁྲི2ལེན་ཆོག་པ་དང་། ཆ་ཤས་ལས་བརྒལ་ཚེ་གཞི་ནས0.1%གི་ཚད་གཞི་ལྟར་སྤྲད་པའི་དངུལ་ཁང་གི་འགྲོ་ལུགས་འགྲིམ་དངུལ་བསྡུ་ཆོག་གི་ཡོད་པ་རེད། ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་ཆེད་སྐད་འཕྲིན་ཚོགས་པས་ཐོན་ཁུངས་དེ་བས་མང་བའི་འབོར་ཆུང་དངུལ་ཁོངས་སྒྱུར་བ་དང་དེ་བཞིན་ཤོག་ཆག་སྤྱོད་མཁན་ལ་ཕྱོགས་རྒྱུ་ཡིན་པ་རེད།  དངུལ་ཁོངས་ག་བསྒྱུར་དང་ཤོག་ཆག་ལ་སྔར་བཞིན་འགྲོ་ལུགས་འགྲིམ་དངུལ་མི་ལེན་པར་ཤུགས་རྐྱེན་མི་ཐེབས།  སྤྱི་ལོ2016ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་སྐད་འཕྲིན་གཏོང་སྤྲོད་ཀྱིས་རྩིས་སྒྱུར་ནུས་པར་འགྲོ་ལུགས་གཉེར་དངུལ་བསྡུ་མཚམས་འཇོག་རྒྱུ་ཡིན་པ་རེད། ཉིན་དེ་ནས་བཟུང་དངུལ་སྨར་ལེན་པའི་ནུས་པར་འགྲོ་ལུགས་འགྲིམ་དངུལ་ལེན་འགོ་ཚུགས་པ་ཡིན། ཞིབ་ཕྲའི་གྲོན་བསྡུའི་ཇུས་གཞི་ནི། སྤྱོད་མཁན་ཚང་མར(ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས)ཚེ་གང་པོར་དངུལ་སྨར་སྒོར་1000ལེན་གྱི་ཡོད་པ་དང་། དེ་ལས་བརྒལ་བའི་ཆ་ཤས་ལ་དངུལ་ཁང་གི་གྲོན་ཚད་གཞིར་བཟུང་འགྲོ་ལུགས་འགྲིམ་དངུལ་བསྡུ་གི་ཡོད། མིག་སྔར་གྲོན་ཚད་ཆ་སྙོམས་0.1%ཡིན་པ་དང་། སྨྱུ་གུ་རེར་ཉུང་མཐར་ཡང་སྒོར0.1བསྡུ་གི་ཡོད། སྐད་འཕྲིན་ཤོག་ཆག་དང་། ངོ་ཐུག་གདོང་འཕྲད་ཀྱིས་དངུལ་སྤྲོད། AAཡི་ནུས་པ་སོགས་ལ་ཤུགས་རྐྱེན་མི་ཐེབས་པ་དང་། འགྲོ་ལུགས་འགྲིམ་དངུལ་མི་ལེན་། 

6  སྐད་འཕྲིན་དངུལ་སྨར་ལེན་པ།

སྤྱི་ལོ2016ལོའི་ཟླ2པའི་ཚེས15ཉིན་ཐིང་ཞུན་གྱིས་སྤྱི་བསྒྲགས་སྤེལ་ནས་ད་ལོའི་ཟླ3ཚེས1ཉིན་ནས་བཟུང་སྐད་འཕྲིན་གཏོང་སྤྲོད་ཐད་རྩིས་སྒྱུར་གྱི་ནུས་པར་འགྲོ་ལུགས་གཉེར་དངུལ་བསྡུ་མཚམས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད། ཉིན་དེ་ནས་བཟུང་དངུལ་སྨར་ལེན་པའི་ནུས་པར་འགྲོ་ལུགས་འགྲིམ་དངུལ་ལེན་འགོ་ཚུགས་ཡོད། སྐད་འཕྲིན་ཐད་ཤིན་ལང་ཚན་རྩལ་ལ་དངུལ་སྨར་ལེན་པའི་ཉོ་ཚོང་གྲོན་བསྡུ་ནི་འཕྲིན་ཆུང་གཏོང་སྤྲོད་ཀྱིས་ཡོང་འབབ་དོན་གཉེར་བྱེད་པའི་བྱ་ཐབས་ཤིག་མིན་པར་དངུལ་ཁང་གི་འགྲོ་ལུགས་གྲོན་དངུལ་སྤྲོད་རྒྱུར་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།

ཞིབ་ཕྲའི་གྲོན་བསྡུའི་ཇུས་གཞི་ནི། སྤྱོད་མཁན་ཚང་མར(ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས)ཚེ་གང་པོར་དངུལ་སྨར་སྒོར1000ལེན་གྱི་ཡོད་པ་དང་། དེ་ལས་བརྒལ་བའི་ཆ་ཤས་ལ་དངུལ་ཁང་གི་གྲོན་ཚད་གཞིར་བཟུང་འགྲོ་ལུགས་འགྲིམ་དངུལ་བསྡུ་གི་ཡོད། མིག་སྔར་གྲོན་ཚད་ཆ་སྙོམས0.1%ཡིན་པ་དང་། སྨྱུ་གུ་རེར་ཉུང་མཐར་ཡང་སྒོར0.1བསྡུ་གིན་ཡོད། སྐད་འཕྲིན་ཤོག་ཆག་དང་། ངོ་ཐུག་གདོང་འཕྲད་ཀྱིས་དངུལ་སྤྲོད། AAབྱང་བུ་སོགས་ཀྱི་ནུས་པར་ཤུགས་རྐྱེན་མི་ཐེབས་པར་འགྲོ་ལུགས་འགྲིམ་དངུལ་མི་ལེན། 

7  སྤྱི་སྟེགས།

སྐད་འཕྲིན་སྤྱི་སྟེགས་ལ་གཙོ་བོ་དུས་ཐོག་ཏུ་སྤེལ་རེས་དང་། འཕྲིན་གཏོང་། དོ་དམ་བཅས་ཡོད་པ་རེད། སྤྱོད་མཁན་གྱིས་སྤྱི་དམངས་ཀྱི་རྩིས་ཐོའི་ཨང་གྲངས་ལ་ཚོགས་ཆུང་ཁག་བགོས་ཀྱིས་དོ་དམ་དང་དུས་ཐོག་ཏུ་སྤེལ་རེས་བྱེད་ཆོག་པ་རེད།  དུས་མཚུངས་མཐོ་རིམ་ནུས་པ་དང་རྩོམ་སྒྲིག་བྱེད་སྟངས།  གསར་སྤེལ་བྱེད་སྟངས་སྤྱད་དེ་སྤྱོད་མཁན་གྱི་ཆ་འཕྲིན་ལ་རང་འགུལ་ངང་བརྡ་ལན་སློག་ཆོག་གི་ཡོད་པ་རེད།

སྐད་འཕྲིན་སྤྱི་དམངས་སྟེགས་བུས་དོ་ཁུར་བྱེད་ཚད500ལས་བརྒལ་ཚེ་ཁས་ལེན་དཔང་འདོན་གྱི་སྤྱི་དམངས་རྩིས་ཐོའི་ཨང་གྲངས་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། སྤྱོད་མཁན་གྱིས་སྤྱི་དམངས་ཀྱི་སྟེགས་བུའི་རྩིས་ཐོ་འཚོལ་བའམ་རྩ་གཉིས་ཨང་རྟགས་བཤེར་ནས་སྤྱི་པའི་ལས་སྟེགས་ལ་དོ་ཁུར་བྱེད་ཆོག

སྤྱི་ལོ2013ལོའི་ཟླ10པའི་ཚེས29ཉིན་སྐད་འཕྲིན་གྱིས་སྤྱི་དམངས་ཀྱི་སྟེགས་བུ་གསར་པ་ཞིག་ཡོངས་བསྒྲགས་བྱས་པ་དང་ལས་སྟེགས་གསར་པའི་རྒྱབ་སྐྱོར་ཞབས་ཞུའི་ཨང་རྟགས་ལ་སྐད་འཕྲིན་ཁས་ལེན་གསར་པ་བྱས་པ་རེད།

8 སྐད་འཕྲིན་གྱི་དྲ་ངོས་པར་གཞི།

སྐད་འཕྲིན་གྱི་དྲ་ངོས་པར་ཞེས་པ་ནི་ལག་ཁྱེར་ཁ་པར་གྱི་སྐད་འཕྲིན(4.2པར་གཞི་ཡན་པ)གྱི་རྩ་གཉིས་ཨང་རྟགས་ངོས་འཛིན་གྱི་ནུས་པ་བརྒྱུད་དྲ་ངོས་ཐོག་སྐད་འཕྲིན་ནང་འཇུག་བྱེད་པ་དང་། སྐད་འཕྲིན་དྲ་ངོས་ཀྱི་པར་གཞི་བརྒྱུད་དེ་གྲོགས་པོ་དང་གླེང་མོལ།  ཡིག་ཆ་བརྒྱུད་གཏོང་བྱེད་པ་སོགས་ཀྱི་ནུས་པ་ལྡན་མོད། འོན་ཀྱང་ཉེ་འགྲམ་གྱི་མི་དང་དེ་བཞིན་གཡོ་སྐྱོམ་བྱེད་པ་སོགས་ཀྱི་ནུས་པར་རྒྱབ་སྐྱོར་བྱེད་ཀྱི་མེད། སྐད་འཕྲིནཔར་གཞིའི་ཐོ་འགོད་བྱེད་སྟངས་ཀྱིས་དྲ་ངོས་པར་གྱི་སྐད་འཕྲིན་དེ་རྩ་གཉིས་ཨང་རྟགས་བརྒྱུད་ཐོ་འགོད་བྱེད་སྟངས་སོར་ཉར་བྱས་ཡོད་མོད། འོན་ཀྱང་སྐད་འཕྲིན་མཐུད་མཚམས་ཀྱིས་ལོགས་སུ་སྤྱོད་པའི་ཡིག་བྱང་དེ་གཡོན་ངོས་ཀྱི་སྒྲོམ་སྟེགས་སུ་འགྱུར་རྒྱུ་རེད། འདི་ལྟ་བུའི་སྟབས་བདེ་སྤྱོད་མཁན་གྱིས་དྲ་ངོས་ལ་བལྟས་པ་དང་ཆབས་ཅིག་སྐད་འཕྲིན་བེད་སྤྱོད་བྱས་པ་རེད།

བཀག་འགོག་མ་ལག

སྤྱི་ལོ2014ལོའི་ཟླ8པའི་ཚེས7ཉིན་སྐད་འཕྲིན་གྱིས་དཀྲོག་གཏམ་བཟོ་བ་དང་། ཐེར་འདོན་གོང་ཞུ་བྱེད་མཁན་གྱི་མི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་པ། དཀྲོག་གཏམ་སྔོག་བྱེད་བཅས་ཀྱི་མ་ལག་ཆེན་པོ་གསུམ་བཙུགས་ཡོད་པ་རེད། འབྲེལ་ཡོད་ཆ་འཕྲིན་དབང་གྲགས་སྒྲིག་གཞིས་གཏན་འཁེལ་བྱས་པ་དོན་དངོས་དང་མི་མཐུན་པའམ་ཡང་ན་སྤྱོད་མཁན་གྱི་ཐེར་འདོན་ཞུ་ཡིག་འབྱོར་ནས་ཐེར་འདོན་གོང་ཞུའི་ནང་དོན་དོན་དངོས་དང་མཐུན་ཡོད་མེད་ཞིབ་དཔྱད་བྱས་རྗེས་སྐད་འཕྲིན་ཚོགས་པས་ཆ་འཕྲིན་བཀག་འགོག་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ་སྔར་བས་བརྒྱུད་སྤེལ་བྱས་པ་རེད། འཕྲིན་ཕྲན་སྤྱི་སྟེགས་ཀྱི་དུས་མཚམས་དང་པོའི་རྡུང་རྡེག་ཚ་ནན་གཏོང་བའི་བརྒྱུད་རིམ་ནང་རྩོམ་ཡིག་ཆིག་སྟོང་ཙམ་བསུབ་པ་དང་རྩིས་ཐོའི་ཨང་གྲངས400ལྷག་ཙམ་བཀག་ཡོད།

ཐིང་ཞུན་ཐོན་རྫས་དེ་དག་གིས་དཀྲོག་གཏམ་གྱི་བསླད་སྐྱོན་བཀག་འགོག་བྱེད་པར་མ་ལག་ཆེན་པོ་གསུམ་མཁོ་འདོན་བྱས་ཡོད་པ་སྟེ། ལག་རྩལ་མ་ལག་དང་། མི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་མ་ལག་ཐེར་འདོན་བྱེད་པ། དཀྲོག་གཏམ་བཟོ་བའི་ལག་ཆ་བཅས་ཡིན་པ་རེད།

རྒྱུན་གཏན་གྱི་གཉེར་སྐྱོང་ཁྲོད་ཆེད་ལས་ཀྱི་དཔུང་ཁག་ཅིག་གིས་སྤྱོད་མཁན་གྱི་ཐེར་འདོན་གོང་ཞུའི་ནང་དོན་ཐག་གཅོད་བྱ་རྒྱུའི་འགན་འཁུར་གྱི་ཡོད། སྤྱོད་མཁན་གྱིས་ཐེར་འདོན་བྱས་པར་གཞིགས་ན། བདེན་དཔང་ར་སྤྲོད་བྱས་རྗེས་དབང་ཆར་བཙན་གནོད་དང་། གསང་དོན་ཕྱིར་བསྒྲགས་པ། དཀྲོག་གཏམ་བཟོ་བ།  མཚམས་སྦྱོར་བརྡ་ཁྱབ། གད་སྙིགས་ཆ་འཕྲིན་སོགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས། དེ་བཞིན་སྤྱི་པའི་སྒྲིག་སྲོལ་བཟང་པོ། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་སོགས་དང་འབྲེལ་བ་ཡོད་པ་གཏན་འཁེལ་བྱུང་ཚེ་སྐད་འཕྲིན་ཚོགས་པས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་རྩིས་ཐོའི་ཨང་གྲངས་ལ་ཆད་པ་གཅོད་རྒྱུ་ཡིན་པ་རེད།

9 གྲོང་ཁྱེར་ཞབས་ཞུ།

སྤྱི་ལོ2015ལོའི་ཟླ7པའི་ཚེས21ཉིན་སྐད་འཕྲིན་གཞུང་ཕྱོགས་ཀྱིས“གྲོང་ཁྱེར་ཞབས་ཞུ”པེ་ཅིང་གྲོང་ཁྱེར་དུ་དངོས་སུ་བསྐྱོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྤྱོད་མཁན་གྱིས་པེ་ཅིང་དུ་གནས་གཏན་འཁེལ་བྱས་ཚེ་གྲོང་ཁྱེར་གྱི་ཞབས་ཞུའི་འཇུག་སྒོ་བརྒྱུད་སྤྱི་ཚོགས་འགན་བཅོལ་གྱི་འདྲི་རྩད་དང་། དཔྱ་ཁྲལ་གྱི་འདྲི་རྩད། ཆུ་དང་། གློག་གསོལ་རླངས་བཅས་ཀྱི་གྲོན་དངུལ་འཇལ་བ། སྤྱི་པའི་རྐང་འཁོར་འདྲི་རྩད། ལམ་གྱི་གནས་ཚུལ་འདྲི་རྩད། ཨང་གྲངས12369ཁོར་ཡུག་སྲུང་སྐྱོང་གི་ཐེར་འདོན་སོགས་སྲིད་དོན་དམངས་འཚོའི་ཞབས་ཞུ་མང་པོ་བདེ་བླག་ངང་ལེགས་སྒྲུབ་བྱེད་ཐུབ།

10 པར་གཞི་ངོ་སྤྲོད།

སྐད་འཕྲིན་གྱིས་སྐད་རིགས་མང་པོར་རྒྱབ་སྐྱོར་བྱེད་པ་དང་། Wi-Fiསྐུད་མེད་ཁྱབ་ཆུང་དྲ་རྒྱ་དང་། 2G 3Gདང4Gསྒུལ་བདེའི་གཞི་གྲངས་དྲ་བ། iOSཔར་གཞི། Androidཔར་གཞི། WindowsPhoneཔར་གཞི། Blackberryཔར་གཞི། ནོ་ཅི་ཡའི་S40པར་གཞི། S60V3དངS60VV5པར་བཅས་རྒྱབ་སྐྱོར་བྱེད་དགོས། (Android)དང་། 7.0.4(iOS)4.2(Symbian)5.1 0.0(WindowsPhone8)དང1.5(ནོ་ཅི་ཡ་S40)3.0(BlackBerry)2.0(BlackBerry10)བཅས་ཡིན།

11 Androidཔར་གཞི།
11_1 5.3 བྱེད་ནུས་གསར་པ།

1.གྲོགས་པོར་ཤོག་བྱང་བསྣན་ནས་རིགས་དབྱེ་དང་འཚོལ་ཞིབ་བྱ་རྒྱུར་སྟབས་བདེ་བསྐྲུན་པ།

2. “ངའི་དངུལ་ཁུག”ནང་གི་དངུལ་སིལ་མ་དོ་དམ་བྱས་ནས་ཐད་ཀར་སྤྲོད་པ།

3.“ངའི་དངུལ་ཁུག”ནང་ཁྱེད་ཀྱི་གྲོགས་པོའི་དངུལ་ཁོངས་ག་བསྒྱུར་བཏང་ཆོག

4.ཁ་བརྡ་བྱས་ནས་འབྱོར་བའི་པར་རིསWiFiའོག་ཏུ་རང་འགུལ་གྱིས་ཕབ་ལེན་བྱེད་པ།

5.སྐར་མ་གཉིས་ཀྱི་ནང་དུ་བཏང་བའི་ཆེས་མཇུག་མཐའི་བརྡ་འཕྲིན་དེ་ཕྱིར་འཐེན་བྱས་ཆོག་པ།

11_2 5.3 བྱེད་ནུས་གསར་པ།

1.འདུ་འཛོམས་ཐུག་འཕྲད་བྱེད་སྐབས་ཚང་མས་གྲངས་ཀ་གཅིག་མཚུངས་ཀྱིས་ནང་འཇུག་ཚོགས་པ་གཅིག་གི་ནང་ཞུགས་ཆོག

2.ཁྱོད་ཀྱི་ཉར་ཚགས་ཀྱི་ཤོག་བྱང་སྦྱོར་རྟ་དང་། རིགས་དབྱེ་ནས་ལྟ་ཞིབ་བྱས་ཆོག

3.ཁ་བརྡའི་གནས་ཚུལ་མང་པོ་ཞིག་མཉམ་དུ་ཉར་ཚགས་བྱས་ཆོག

4.ཕྱི་རྒྱལ་གྱི་གནས་ཚུལ་སྤེལ་བར་གཞིགས་ན་ཁྱོད་ཀྱི་རང་གི་སྐད་དུ་བསྒྱུར་ཆོག

5.ཁ་བརྡ་བརྒྱུད་དེ་རི་ལ་སོགས་པwifiདྲ་རྒྱའི་ཁོར་ཡུག་འོག་རང་འགུལ་ངང་ཕབ་ལེན་བྱས་ཆོག

11_3 5.2.1བྱེད་ནུས་གསར་པ།

1.གྲོགས་ཚོམས་ནང་མཉམ་སྤྱོད་བྱེད་སྐབས་ཁྱེད་ཀྱིས་རང་སྡོད་སའི་ཟ་ཁང་དང་ཡང་ན་མཛེས་ལྗོངས་བསྐུར་ཆོག

2.གློག་ཀླད་དོ་དམ་པས་སྐད་འཕྲིན་གླེང་མོལ་གྱི་ཟིན་ཐོ་གློག་ཀླད་ཐོག་གྲབས་ཉར་བྱས་ཆོག

11_4 5.2 བྱེད་ནུས་གསར་པ།

1.གསར་རྐྱང་གི་ཨན་ཀྲོ་ཇུས་འགོད།

2.གླེང་མོལ་ཁྲོད་ནས་ཚང་མས་རང་སོ་སོའི་དུས་ཐོག་གི་ས་གནས་ལ་བལྟ་བ་དང་། ད་དུང་མཉམ་དུ་ཁ་བརྡ་བཤད་ཆོག

3. “ངའི་དངུལ་ཁང་བྱང་བུའི”ནང་འཚོ་བའི་ཞབས་ཞུ་མང་པོ་བསྣན་ཆོག

4.གླེང་མོལ་གྱི་ཟིན་ཐོ་ཡང་འཚོལ་ཐུབ་སོང་།

5.འཕྲིན་བསྐུར་སྐབས་ཁྱོད་ལ་ངོ་སྤྲོད་བྱས་ཟིན་པས་ཕབ་ལེན་བྱས་པའི་རྣམ་འགྱུར་ཡོད།

6.ཚོགས་པའི་ནང་སྐད་ཆ་བཤད་དུས་དྲན་སྐུལ་འབྱོར་གྱི་རེད།

7.གསར་དུ་འཕར་བའི་པར་ལེན་མཉམ་སྤྱོད་མགྱོགས་མྱུར་གྱིས་འཇུག་པ་དང་གྲོགས་པོ་མང་པོ་ཞིག་ལ་འདྲ་པར་ལ་བསྐུར་ཆོག

11_5 5.1 བྱེད་ནུས་གསར་པ།

1.ཚོགས་པའི་ནང་མི100ཤོང་ཐུབ།

2.གནམ་གྲུའི་དམག་ཆེན་ཁྲོད་གནམ་གྲུ་སར་ལྷུངས་རྗེས་ཕྱིར་འཕུར་ཐུབ་པའི་གོ་སྐབས་ཡོད།

3.བཤད་གླ་འཇོག་སྐབས་རང་འགུལ་གྱིས་ཞིབ་བཤེར་དང་ཆ་རྒྱུས་མེད་པའི་ཨང་གྲངས་ནང་འཇུག་སྔོན་འགོག་བྱེད་དགོས།

4.མ་བསྐུར་བའི་གནས་ཚུལ་ཁ་བརྡ་རེའུ་མིག་ནང་མངོན་སྲིད།

11_6 5.0.3.1 བྱེད་ནུས་གསར་པ།

མཉམ་འདུས་པར་གཞི་ཆེས་གསར་བAndroid4.4ཡིན།

11_7 5.0.3བྱེད་ནུས་གསར་པ།

1.གླེང་མོལ་གྱི་ཟིན་ཐོ་དང་ཡང་ན་སྦྲག་རྫས་གྲབས་ཉར།

2.ས་གནས་རེའུ་མིག་ནང་ནས་ཟ་ཁང་དང་ཚོང་ཁང་ཞིག་འདེམས་ཆོག

3.གླེང་མོལ་ཁྲོད་ཉར་ཚགས་བྱས་ཟིན་པའི་ནང་དོན་བསྐུར་བ་དང་ཉར་ཚགས་བྱས་པའི་ཡི་གེ་རྩོམ་སྒྲིག་བྱས་ཆོག

6.སྐད་འཕྲིན་གསོག་འཇོག་གི་བར་མཐོངས་གཙང་བཤེར་བྱས་ནས་བསྐྱར་དུ་དགོས་མཁོ་མེད་པའི་ཡིག་ཆ་སུབ་ནས་སྐད་འཕྲིན་བཟུང་སྤྱོད་ཀྱི་བར་མཐོངས་ཉུང་དུ་བཏང་བ།

11_8 5.0.2བྱེད་ནུས་གསར་པ།

1.དངུལ་ཁང་གི་བྱང་བུ་ལྡེབ་ངོས་སུ་སྦྲེལ་ཐུབ།

2.མ་ལག་གི་བདེ་འཇགས་སྐྱོན་ཤོར་བའི་གནད་དོ་ཉམས་གསོ་བྱེད་དགོས།

3.འཕྲུལ་ཆས་ཁ་ཤས་ཉམས་གསོ་བྱེད་སྐད་གདངས་ཀྱི་གནད་དོན་ལ་ཉན་ཐབས་བྲལ།

4.bugགཞན་སྐྱར་གསོ་བྱེད་དགོས།

11_9 5.0.1བྱེད་ནུས་གསར་པ།

1.བཟོ་བཅོས་ཀྱིས་ཕྱོགས་གསུམ་པའི་ངོས་ནསAppསྐད་འཕྲིན་དུ་འཛུལ་ནས་རོལ་དབྱངས་གཏོང་མཚམས་འཇོག་པའི་གནད་དོན་ཐག་གཅོད་བྱས།

2.བཟོ་ལྟ་འགའ་ཁ་གསབ་བྱས།

11_10 5 བྱེད་ནུས་གསར་པ།

1.བཟོ་ལྟ་ཚོང་ཁང་དུ་སྤྲོ་སྣང་ལྡན་པའི་རྣམ་འགྱུར་མང་པོ་ཡོད།

2.གཙང་བཤེར(བསྡུས་མིང་ལ313)དང་། ཨང་གྲངས་དང་། དཔེ་དེབ་དངCD   ཁྲོམ་ལམ་བཅས་གཙང་ཕྱགས་བྱས་ཆོག་། ད་དུང་དབྱིན་ཡིག་གི་ཐ་སྙད་ཡིག་སྒྱུར་བྱས་ཆོག

3.ཁྱེད་ཀྱིས་རོལ་རྩེད་ལྟེ་གནས་སུ་གྲོགས་པོ་ཚོ་དང་མཉམ་དུ་རོལ་རྩེད་ལ་རོལ་ཆོག

4.དངུལ་ཁང་གཱ་དང་སྦྲེལ་བ་དང་སྤྱི་དམངས་ཀྱི་ཨང་རྟགས། གཙང་ཕྱགས་རྩ་གཉིས་ཨང་རྟགས་དངAppནང་མཐེབ་གཅིག་གིས་གཏོང་སྤྲོད་མངོན་འགྱུར་བྱས་ཆོག

5.ཉར་ཚགས་བྱེད་ནུས་གསར་སྣོན་དང་། ཁ་བརྡ་དང་། སྤྱི་དམངས་ཀྱི་ཨང་གྲངས་ཉར་ཚགས་བྱས་ཆོག

6.གྲོགས་པོ་ཁ་སྣོན་བྱེད་ཐབས་གསར་སྣོན་བྱས་ཡོད།

7.རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་སྐད་གདངས་དབྱེ་འབྱེད་ལག་རྩལ་དང་ཐད་ཀར་ཁ་བརྡ་བྱེད་སྐབས་ཀྱི་སྐད་གདངས་ནང་འཇུག

8.སྔོན་མངག་ཨང་གྲངས་ཀྱི་གནས་ཚུལ་བྱ་ཡུལ་ལྟེབ་སྒྲིལ་བྱས་ནས་རང་གི་ཆ་འཕྲིན་རེའུ་མིག་དེ་བས་གཙང་མ་བྱེད་དགོས།

9.ཡི་གེ་ཉིས་རྡེབ་བྱས་རྗེས་རྩོམ་ཡིག་ཆ་ཚང་ལ་བལྟ་ཐུབ།

11_11 4.5 བྱེད་ནུས་གསར་པ།

1.མི་མང་པོས་དུས་གཅིག་དུ་ཁ་བརྡ་བྱས་ཆོག

2.ད་ལྟ་ཉན་བཞིན་པའི་གླུ་གཞས་ཁ་པར་ནང་དུ་བཅུག་ཆོག

3.ཚོགས་པའི་ཁ་བརྡ་ལ་རྒྱབ་སྐྱོར་རྩ་གཉིས་ཨང་རྟགས་དང་གཙང་བཤེར་བྱས་ན་ནང་དུ་ཞུགས་ཐུབ།

4.གླེང་མོལ་གྱི་ཟིན་ཐོ་གཞན་གྱི་ལག་ཐོགས་ཁ་པར་ཐོག་གནས་སྤོར་བྱས་ཆོག

5.སྐད་གདངས་དྲན་སྐུལ་སྒྲིག་འགོད་བྱས་ཆོག

6. སྐད་གདངས་ཕྱིར་འཐེན་བྱས་ཆོག

7.མི་ཆ་མེད་ལ་ལན་འདེབས་པ་དང་ད་དུང་ཟུར་མཆན་བསྣན་ཆོག

8.གྲོགས་པོས་བསྐུར་ཡོང་བའི་ས་གནས་ཐོག་བཞག་ནས་ཕྱོགས་སྟོན་བྱས་ཆོག

11_12 4.2ནུས་པ་གསར་པ།

1.བརྙན་ཟློས་གླེང་མོལ་གྱི་བྱེད་ལས་གསར་སྣོན་བྱེད་པ།

2. སྐད་འཕྲིན་གྱི་དྲ་ངོས་པར་གཞི་ཁ་སྣོན་བྱེད་པ།

3. ཨ་གསར་གྱི་དཔྱད་གཏམ་དང་ལན་འདེབས་ཀྱི་ནུས་པ་མང་དུ་བཏང་ནས་གདམ་ག་བྱེད་པའི་ཁྱབ་ཁོངས་མང་དུ་གཏོང་།

གསར་རྐྱང་གི་སྐད་འཕྲིན་མིང་བྱང་ཇུས་འགོད།

iOSཔར་གཞི།

7.0.0ནུས་པ་གསར་པ།

སྤྱི་ལོ2018ལོའི་ཟླ12པའི་ཚེས21ཉིན་གྱི་དགོང་མོར། ཀུ་ཤུའིiPhoneདངiPadསྤྱོད་མཁན་གྱིས་སྐད་འཕྲིནiOSཔར་གཞི7.0.0གསར་བརྗེ་བྱས་པ་དང་རྩོམ་ཡིག་ཡག་པོ་ཞིག གླེང་མོལ་གྱི་ཞིབ་ཕྲའི་གནས་ཚུལ་ཁྲོད་དུ་གླེང་མོལ་བྱེད་པར་དྲན་སྐུལ་ཆེན་པོ་བྱས་ཆོག། གཞན་ཡང་བརྙན་ལམ་གྱི་ནུས་པ་བསྣན་པ་མ་ཟད། ད་དུང་གྲོགས་པོའི་བརྙན་ལམ་ལའང་ལྦུ་བ་འཕྱུར་ཐུབ།  

11_13 5.3 .0.16བྱེད་ནུས་གསར་པ།

ཁྱོད་ཀྱི་བསྡུ་ཁུག་ལ་ཡིག་བྱང་བསྣན་ན་རིགས་དབྱེ་ནས་བལྟས་ཆོག

ཁ་བརྡའི་གནས་ཚུལ་མང་པོ་མཉམ་དུ་ཉར་ཚགས་བྱས་ཆོག

11_14 5.2.1བྱེད་ནུས་གསར་པ།

གྲོགས་ཚོམས་ནང་ལ་བསྐུར་སྐབས་ཁྱོད་སྡོད་སའི་ཟ་ཁང་ངམ་ཡང་ན་མཛེས་ལྗོངས་ཁུལ་སོགས་བསྐུར་ཆོག

པར་ལེན་མཉམ་སྤྱོད་བྱེད་སྐབས་གྲོགས་པོ་མང་པོ་ལ་བསྐུར་ཆོག

11_15 5.2 .0.17བྱེད་ནུས་གསར་པ།

ཁ་བརྡའི་ཁྲོད་ནས་ཚང་མའི་དུས་གཅིག་གི་གནས་ཡུལ་ལ་བལྟ་ཆོག་པ་དང་ད་དུང་མཉམ་དུ་ཁ་བརྡ་བཤད་ཆོག

“ངའི་དངུལ་ཁང་གི་བྱང་བུའི”ནང་འཚོ་བའི་ཞབས་ཞུ་མང་པོ་བསྣན་པ།

གླེང་མོལ་གྱི་ཟིན་ཐོ་ཡང་འཚོལ་ཐུབ།

“པར་རིས་གྱང”གསར་སྣོན་དང་ཁྱེད་རང་ལ་རོགས་པ་མགྱོགས་མྱུར་ངང་གླེང་མོལ་ཁྲོད་ཀྱི་པར་རིས་ཕྱིར་དྲན་བྱས་ཆོག

ཚོགས་པའི་ནང་སྐད་ཆ་ཤོད་སྐབས་མི་གཞན་གྱིས་དྲན་སྐུལ་བྱེད་ཀྱིན་ཡོད།

ཁྱོད་ཀྱིས་གྲོགས་པོར་ཡི་གེ་ཞིབ་བརྗོད་དང་པར་རིས་ཀྱི་ཟུར་མཆན་དེ་བས་མང་བ་ཁ་སྣོན་བྱས་ཆོག

11_16 5.1.0.6 བྱེད་ནུས་གསར་པ།

དགོས་མཁོ་ཡོད་པའི་ཚོགས་པའི་ནང་མི་གྲངས100ལ་འཕར་ཆོག

དངུལ་གསོག་སྐབས་རང་འགུལ་ངང་ཞིབ་བཤེར་དང་ཆ་རྒྱུས་མེད་པའི་ཨང་གྲངས་ནང་འཇུག་སྔོན་འགོག་བྱེད་དགོས།

རྣམ་འགྱུར་ཉོ་སྒྲུབ་མཐུད་མཚམས་དང་རྣམ་འགྱུར་རིང་པོ་ལྟར་སྔོན་ལྟ་བྱེད་ཆོག

མ་བསྐུར་བའི་ཆ་འཕྲིན་ཟིན་བྲིས་ཁ་བརྡ་རེའུ་མིག་ནང་མངོན་སྲིད།

11_17  5.0.3.17ནུས་པ་གསར་པ།

iOS7ཤོང་བ།

ངའི་དངུལ་ཁང་གི་བྱང་བུའི་ནང་དངུལ་གསོག་ན་འགྲིག

ཁ་བརྡའི་ཟིན་ཐོ་དང་ཡང་ན་སྦྲག་རྫས་བརྒྱུད་ནས་གྲབས་ཉར་བྱས་ཆོག

ས་གནས་ཀྱི་རེའུ་མིག་ནང་ནས་ཟ་ཁང་ངམ་ཡང་ན་ཚོང་ཁང་ཞིག་བདམས་ཏེ་ས་གནས་་གནད་ལ་འཁེལ་བའི་ངང་བསྐུར་ཆོག

ཁ་བརྡའི་ཁྲོད་ཉར་ཚགས་བྱས་པའི་ནང་དོན་བདམས་ནས་བསྐུར་ཆོག་ལ་ཉར་ཚགས་བྱས་པའི་ཡི་གེ་རྩོམ་སྒྲིག་བྱས་ཆོག

སྐད་འཕྲིན་གསོག་འཇོག་གི་བར་མཐོངས་གཙང་བཤེར་བྱ་རྒྱུ་སྟེ། དགོས་མཁོ་མེད་པའི་ཡིག་ཆ་སུབ་ནས་སྐད་འཕྲིན་བཟུང་སྤྱོད་ཀྱི་བར་མཐོངས་ཉུང་དུ་གཏོང་རྒྱུ་དང་།

11_18 5.4.0.16 བྱེད་ནུས་གསར་པ།

སྤྱི་དམངས་ཀྱི་ཨང་རྟགས་དང་། སྤྱི་དམངས་ཀྱི་རྩོམ་ཡིགཉར་ཚགས། སྐད་འཕྲིན་བཅས་ཀྱི་ནུས་པ་འཚོལ་ཞིབ་བྱེད་དགོས།

པར་རིས་ལ་བལྟ་སྐབས་རི་མོའི་ནང་གི་རྩ་གཉིས་ཨང་རྟགས་དབྱེ་འབྱེད་བྱེད་ཐུབ།

ངོ་ཐུག་གདོང་འཕྲད་ཀྱིས་དངུལ་བསྡུ་བ།

iPadའཚམ་དགོས།

WindowsPhoneཔར་གཞི།

11_19  5.1.0བྱེད་ནུས་གསར་པ།  

དགོས་མཁོ་ཡོད་པའི་ཚོགས་པའི་ནང་མི་གྲངས100ལ་འཕར་ཆོག

འཕྲིན་ཡིག་ཟིན་ཐོ་དང་བདེ་འཇགས་ལས་རོགས། འཕྲིན་ཡིག་གི་ཟིན་ཐོ་དེ་སྤྲིན་གསེབ་ཏུ་གྲབས་ཉར་བྱས་ཆོག་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ལག་ཁྱེར་ཁ་པར་ཐོག་སླར་གསོ་བྱས་ཆོག

ཐེངས་གཅིག་ལ་ཁ་བརྡ་ཆ་འཕྲིན་དོན་ཚན་མང་པོ་ཞིག་བཤད་ཆོག

རྣམ་འགྱུར་ཕབ་ལེན་མཐུད་མཚམས་དང་རྣམ་འགྱུར་རིང་པོ་ལྟར་སྔོན་ལྟ་བྱས་ཆོག

མ་བསྐུར་བའི་ཆ་འཕྲིན་ཟིན་བྲིས་ཁ་བརྡ་རེའུ་མིག་ནང་མངོན་སྲིད།

BlackBerryཔར་གཞི།

ཁྱབ་བསྒྲགས་བྱེད་པའི་དུས་ཚོད། སྤྱི་ལོ2013ལོའི་ཟླ10པའི་ཚེས28ཉིན།

ཁྱབ་བསྒྲགས་པར་གཞི། སྐད་འཕྲིན3.0forBlackBerry

རྒྱབ་སྐྱོར་མ་ལག་གི་པར་གཞི། OS5/OS6/OS7/OS10

འབྲི་ཏ་ས་འཛིན་ནག་པོའི་ལས་སྟེགས་ཀྱི་འཕྲིན་ཆུང་ཞབས་ཞུར་གཞིགས་ནས་ཁྱེད་ལ་ཆ་འཕྲིན་ཉམས་ལེན་གསར་རྐྱང་ཞིག་སྤྲད་བྱུང་། ཁྱེད་ཀྱིས་འཕྲིན་ཆུང་སྤྱད་དེ་ཆ་འཕྲིན་མགྱོགས་མྱུར་བསྐུར་ནས་འཕྲལ་མར་པར་ལེན་མཉམ་སྤྱོད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཉེ་འགྲམ་གྱི་གྲོགས་པོ་དང་འབྲེལ་བ་བྱེད་ཆོག འབྲི་ཏ་ས་འཛིན་གྱི་སྟེགས་བུའི་ལག་པར་བརྟེན་ནས་མཐའ་སྣེའི་སྒྲིག་ཆས་འཛིན་རྒྱུར་རྒྱབ་སྐྱོར་བྱས་ཡོད།

S60V3པར་གཞི།

11_20 4.2པར་གཞི་གསར་སྒྱུར་བྱས་པ་གཤམ་གསལ་ལྟར།

འཕྲིན་ཆུང་དྲ་ངོས་ཀྱི་པར་གཞི་འབྲེལ་མཐུད་བྱས་ནས་འཕྲིན་ཕྲན་གྱི་འཚོ་བའི་ནང་མགྱོགས་མྱུར་ཞུགས་ཐུབ་པ་བྱུང་ཡོད།

སྤྱི་དམངས་ཀྱི་ཨང་གྲངས་དང་མི་གྲགས་ཅན་བཅས་ལ་མཉམ་འགུལ་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས།

འཕྲིན་གཏོང་བདེ་འཇགས་ལས་རོགས་ཀྱིས་དུས་ཐོག་ཏུ་ལག་ཁྱེར་ཁ་པར་གྱི་ཨང་གྲངས་གྲ་སྒྲིག་དང་སླར་གསོ་བྱེད་དགོས།

12 Macཔར་གཞི།

ཁྱབ་བསྒྲགས་བྱས་པའི་ཚེས་གྲངས། སྤྱི་ལོ2014ལོའི་ཟླ2པའི་ཚེས26ཉིན།

པར་གཞི་ཁྱབ་བསྒྲགས་བྱས་པ། Mac1.0དངོས་གཞིའི་པར་གཞི།

བེད་སྤྱོད་སྟེགས་བུ། ཀུ་ཤུའིMacམ་ལག་སྟེགས་བུ། (MacOSX10.7(Lia)དང་དེའི་ཡན་དུ་སྤྱོད་པར་འཚམ།

ནང་འཇུག་བྱེད་སྟངས་ནི་རྩ་གཉིས་ཨང་རྟགས་བཤར་འབེབས་དང་ཐོ་ཨང་གསང་ཨང་ནང་འཇུག་བྱེད་དགོས།

པེ་ཅིང་གི་དུས་ཚོད་སྤྱི་ལོ་2014ལོའི2པའི་ཚེས27ཉིན་གྱི་ཐོ་རེངས་སུ་དྲ་རྒྱའི་ཐོག་གློ་བུར་དུ་སྐད་འཕྲིན་གཞུང་ཕྱོགས་ཀྱིས་སྐད་འཕྲིནMacཔར་གཞི་་ཏོན་པ་དང་དེའི་རྗེས་སུweixin.qqགཞུང་ཕྱོགས་དྲ་ཚིགས་ཕབ་ལེན་འཕྲིན་ལམ་གྱིསMacཔར་གཞི་ཕབ་ལེན་གྱི་འཇུག་སྒོ་གསར་སྒྱུར་བྱས་ཡོད། འོན་ཀྱང་བཅར་འདྲི་བྱེད་མཁན་མང་དྲགས་པའི་རྒྱུ་རྐྱེན་ཡིན་སྲིད། དྲ་ཚིགས་ཕབ་ལེན་བྱེད་སྐབས་ཕབ་ལེན་བྱེད་ཐབས་བྲལ་བའམ་ཕབ་ལེན་བྱས་རྗེས་ཡིག་ཆdmgཁ་འབྱེད་ཐབས་བྲལ་བའི་གནད་དོན་བྱུང་། དཔེར་ན། ཡིག་ཆ་ལ་སྐྱོན་བྱུང་ན།  བརྗེ་ཆོག་པའི་འཕྲུལ་ཆས་ཐེངས་མང་ཕབ་འཇུག་དང་། ཡང་ནMacམ་ལག་ཅུང་ལེགས་པའི་སྒྲིག་འགོད་བདེ་འཇགས་ནང་གང་རུང་གི་འབྱུང་ཁུངས་ཉེར་སྤྱོད་བྱ་རིམ་གྱི་ཁ་ཕྱེ་ཆོག

QQལ་ཐེ་ཇུས་དེ་ཙམ་མི་བྱེད་པའི་གནས་ཚུལ་འོགMACཡི་པར་གཞི་དང་སྐད་འཕྲིན་གྱི་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་དེ་ནི་ཁ་བརྡ་ཙམ་ཡིན་པ་དང་དྲ་ངོས་ཀྱི་པར་གཞི་དང་སྤྱིར་ན་ཁྱད་པར་མེད་པ་ཞིག་རེད། སྒོར་མོ་དང་སྐད་འཕྲིན་གཏོང་སྤྲོད་སོགས་སྒུལ་བདེའི་ནུས་པ་མེད།

13 སྐད་འཕྲིན་གློག་ཀླད་བསྒར་ལྷུ་པར་གཞི།

ཁྱབ་བསྒྲགས་བྱས་པའི་ཚེས་གྲངས། སྤྱི་ལོ2014ལོའི་ཟླ1པའི་ཚེས16ཉིན།

པར་གཞི། QQའཕྲུལ་ཆས་ཀྱི་འཕྲིན་ཕྲན་པར་གཞི7.6(ནང་གི་ཚད་ལེན)འགྲེམས་སྤེལ་བྱས་པ།

བེད་སྤྱོད་སྟེགས་བུ། WindowsXPདང་། VistaWin7Win8Win8

QQའཚོལ་བཤེར་མ་ལག་དང་སྐད་འཕྲིན་དབར་བརྩེ་སེམས་ཟབ་ཏུ་བཏང་ནས་སྤྱོད་མཁན་ལ་སྐད་འཕྲིན་གྱི་དྲ་ངོས་པར་གཞི་ལས་སྟབས་བདེ་བའི་བེད་སྤྱོད་ཉམས་ལེན་མཁོ་འདོན་བྱས་པ་རེད།

འཕྲིན་ཆུང་བསྒར་ཆས། སྐད་འཕྲིན་གྱི་ཟུར་ཡོལ་དང་དྲ་ངོས་མཉམ་དུ་གནས་པ། དྲ་ཞུགས་བྱེད་ཞོར་དུ་སྐད་འཕྲིན(F4དུས་དང་རྣམ་པ་ཀུན་ཏུ་སྐད་འཕྲིན་གྱི་མཐུད་མཚམས་སྦས་མེད)

གནས་ཚུལ་དང་གསར་འགྱུར་གསལ་བརྡ་ལའཕྲལ་མར་དུས་ཐོག་ཏུ་ལྟ་ཞིབ་བྱས།

འདྲུད་འཐེན་མཉམ་སྤྱོད།  དྲ་ངོས་པར་རིས་ཡི་གེ་འདྲུད་ཙམ་བྱས་ན་གྲོགས་པོར་བསྐུར་ཐུབ།

14 འཕྲིན་ཕྲན་དྲ་ངོས་པར་གཞི།

ཐིང་ཞུན་ཀུང་སིས་སྐད་འཕྲིན་དཔོན་གྱི་དྲ་ཐོག་ནས་དྲ་ངོས་པར་གྱི་སྐད་འཕྲིན་མཁོ་འདོན་བྱས་པ་དང་སྤྱོད་མཁན་གྱིས་རྩ་གཉིས་ཨང་རྟགས་བཤར་ཕབ་བརྒྱུད་འཕྲིན་ཕྲན་དྲ་ངོས་པར་གཞི་དང་གྲོགས་པོར་འབྲེལ་གཏུག་སྤེལ་རེས་བྱེད་ཆོག་ལ་དྲ་ངོས་པར་གཞིའི་བརྒྱུད་གཏོང་ཡིག་ཆ་སོགས་ཀྱང་སྤྱོད་ཆོག་གི་ཡོད་པ་རེད།

ཁེ་ལས་འཕྲིན་ཕྲན།

སྤྱི་ལོ2016ལོའི་ཟླ3པའི་ཚེས10ཉིན་སྐད་འཕྲིན་གཞུང་ཕྱོགས་ཀྱིས“ཁེ་ལས་ཀྱི་སྐད་འཕྲིན”གྱི་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་ཐོག་མར་ཡོངས་བསྒྲགས་བྱས་པ་དང་འབྲེལ་ཟླ་རེ་གཉིས་ནང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས་ཁེ་ལས་དང་སྤྱོད་མཁན་གྱིས་དོ་ཁུར་རྒྱ་ཁྱབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཟླ་བ་གཅིག་ལྷག་ཙམ་ཚོད་ལྟ་བྱས་པ་བརྒྱུད“ཁེ་ལས་ཀྱི་སྐད་འཕྲིན”ཨན་ཀྲོ་པར་གཞི་དངོས་སུ་ཐིང་ཞུན་ནོར་མཛོད་དུ་འགྲེམས་སྤེལ་བྱས་པ་རེད།

15  བཀོལ་སྤྱོད་བྱེད་པར་ཕྱོགས་སྟོན་གནང་བ།
15_1 རྩིས་ཐོའི་ཨང་གྲངས་ཐོ་འགོད།

སྐད་འཕྲིན་འོས་སྦྱོར་བེད་སྤྱོད་ཐོ་འགོད་བྱས་པ་དང་འབྲེལ་རྒྱལ་ཁབ100ལྷག་གི་ཁ་པར་ཨང་གྲངས་ལ་རྒྱབ་སྐྱོར་བྱས་པ་རེད། སྐད་འཕྲིན་ཨང་གྲངས་བརྒྱུད་ནས་ཐད་ཀར་ཐོ་འགོད་བྱེད་པའམ་ཡིག་སྒམ་གྱི་ཨང་གྲངས་བརྒྱུད་ནས་ཐོ་འགོད་བྱེད་མི་ཆོག ཐེངས་དང་པོར་ཨང་རྟགས་བཀོལ་ནས་སྐམ་སར་འཛེགས་སྐབས་སྐམ་སར་འཛེགས་མི་ཐུབ་པ་དང་། ལག་ཁྱེར་ཁ་པར་གྱིས་ཨང་རྟགས་སྦྲེལ་ན་ད་གཟོད་ནང་འཇུག་བྱེད་ཐུབ། འཕྲིན་ཕྲན་ཨང་གྲངས་ནི་སྤྱོད་མཁན་གྱི་སྐད་འཕྲིན་ནང་གི་དབྱེ་འབྱེད་ཨང་གྲངས་འབའ་ཞིག་དེ་ཡིན་པས་ངེས་པར་དུ་མི་དྲུག་ལས་ཆེ་བ་དང་ཡང་ན་མཚུངས་དགོས་པ་དང་ཐོ་འགོད་ལེགས་གྲུབ་བྱུང་རྗེས་བཟོ་བཅོས་ཐེངས་གཅིག་རྒྱག་ཆོག་གི་ཡོད་པ་རེད། གཅེས་མིང་ནི་འཕྲིན་ཕྲན་ཨང་གྲངས་ཀྱི་མིང་གཞན་ཡིན་པས་ཐེངས་མང་པོར་བཟོ་བཅོས་བྱས་ཆོག

15_2 གསང་གྲངས་ཕྱིར་འཚོལ་བ།

ལག་ཁྱེར་ཁ་པར་ཐོག་ནས་གསང་གྲངས་འཚོལ་ཐུབ་པ་དང་། སྐད་འཕྲིན་མཉེན་ཆས་ཀྱི་དྲ་ངོས་ནང་འཇུག་བྱེད་པ། “གསང་གྲངས་བརྗེད་པ”ཟེར་བ་བརྒྱུད་གསང་ཨང་ནང་འཇུག་བྱེད་པ། མ་ལག་གིས་འཕྲིན་ཐུང་ར་སྤྲོད་ཨང་གྲངས་ལག་ཁྱེར་ཁ་པར་ནང་སྐུར་ཡོད་ལ་ལག་ཁྱེར་ཁ་པར་གྱིས་འཕྲིན་ཐུང་ནང་གི་ས་གནས་སྦྲེལ་མཐུད་ཁ་ཕྱེ་བ་ཡིན།

ཡིག་སྒམ་བརྒྱུད་ནས་རྙེད་པ་སྟེ། ཡིག་སྒམ་བརྒྱུད་ནས་ཐོ་འགོད་བྱས་པའམ་ཡང་ན་ཡིག་སྒམ་དང་སྦྲེལ་བ་དང་། ཡིག་སྒམ་གྱི་སྐད་འཕྲིན་ཨང་གྲངས་ཚོད་ལྟས་ར་སྤྲོད་བྱས་པ། ཡིག་སྒམ་གྱིས་གསང་གྲངས་བཙལ་ནས་རྙེད་པ། སྐད་འཕྲིན་མཉེན་ཆས་ཀྱི་དྲ་ངོས་ནང་འཇུག་བྱེད་པ། “གསང་ཨང་བརྗེད་པ”Emailབརྒྱུད་ནས་གསང་གྲངས་བཙལ་བ། སྦྲེལ་བའི་སྦྲག་སྒམ་གྱི་ས་གནས་འབྲི་བ། མ་ལག་གིས་གསང་བའི་ཨང་རྟགས་བསྐྱར་དུ་བཟོས་ནས་ཡིག་སྒམ་ཐོ་འགོད་བྱེད་པ། སྦྲག་རྫས་ཀྱི་དྲ་ངོས་སྦྲེལ་མཐུད་ས་གནས་མནན་པ། གསལ་སྟོན་ལ་གཞིགས་ནས་ཡང་བསྐྱར་གསང་གྲངས་བཟོས་ན་འགྲིག

ཨང་རྟགས་ཐོ་འགོད་བྱས་པ་བརྒྱུད་འཚོལ་ཐུབ་པ་སྟེ། ཨང་གྲངས་ཐོ་འགོད་བྱས་པའི་སྐད་འཕྲིན་གྱི་གསང་གྲངས་དེQQགསང་གྲངས་དང་གཅིག་མཚུངས་ཡིན་པས། སྐད་འཕྲིན་མཉེན་ཆས་ཀྱི་དྲ་ངོས་ནང་འཇུག་བྱེད་སྐབས“གསང་གྲངས་བརྗེད་པ”དང་ཨང་རྟགས་ལ་བརྟེན་ནས་གསང་གྲངས་བཙལ་ཐུབ་པ་དང་གསལ་སྟོན་ལ་གཞིགས་ནས་གསང་གྲངས་བཙལ་ན་འགྲིག་ལ་དེ་གརQQབདེ་འཇགས་ལྟེ་གནས་སུ་སླེབས་ནསQQགསང་གྲངས་ཀྱང་འཚོལ་ཐུབ།

16  རྩོད་གཞིའི་དོན་རྐྱེན།
16_1 སྐད་འཕྲིན་བརྙན་རིས་ཟགས་པའི་དོན་རྐྱེན།

སྤྱི་ལོ2014ལོའི་ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོ་གནས་ཚུལ་སྤེལ་བར་གཞིགས་ན། དྲ་སྦྲེལ་གྱི་སྐྱོན་ཆ་སྙན་ཞུའི་ལས་སྟེགས་ཀྱིས་སྐད་འཕྲིན་གྱི་སྐྱོན་ཆ་འདྲ་པོ་ཞིག་ཡོངས་བསྒྲགས་བྱས་པས་སྐད་འཕྲིན་སྤྱོད་མཁན་གྱི་གསང་བའི་བརྙན་ལམ་ཕྱིར་གྱར་སྲིད་པའི་ངོས་འཛིན་བྱས་པ་རེད། དེར་བརྟེན་གཞུང་ཕྱོགས་ཀྱིས་དེ་རྗེས་བསྐུར་བའི་གསལ་བསྒྲགས་ནང་གནད་དོན་དེ་རིགས་ཐོན་སྐབས་སྐད་འཕྲིན་ལ་སྐྱོན་ཆ་ཡོད་པ་ཞིག་མིན་པར་སྤྱོད་མཁན་ལ་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། བྱེད་ཐབས་གང་ཞིག་སྤྱད་དེ་འཚོལ་བཤེར་མ་ལག་ནང་འཚོལ་བཤེར་བྱས་ཚེ་ཁོངས་མིང་འོག་གནས་པའི་བརྙན་ལམ་ཡིག་ཆ་རབ་དང་རིམ་པ་རྙེད་ཐུབ་པ་མ་ཟད། འཚོལ་བཤེར་བྱས་པའི་ཡིག་ཆ་ཐད་ཀར་མནན་ནས་བསྟན་ཆོག འཚོལ་ཞིབ་བྱས་པའི་སྐད་འཕྲིན་དང་བརྙན་ཐུང་དེ་དག་ནང་གསང་བ་ཧ་ཅང་ཆེན་པོ་ལྡན་པའི་ནང་དོན་ཡོད་པ་མ་ཟད་ཕྱི་ཕྱོགས་ཀྱི་དོ་ཁུར་ཡང་ཐོབ་ཡོད།

གོང་སྨྲས་གནས་ཚུལ་ཤིན་ལང་ཚན་རྩལ་གྱིས་དེའི་སྔོན་ལ་ཚོད་ལྟས་ར་སྤྲོད་བྱས་པ་དངོས་གནས་དོན་དངོས་རེད། དེར་བརྟེན་གཞུང་ཕྱོགས་ཀྱིས་དེ་རྗེས་བསྐུར་བའི་ལན་ནང་བརྙན་ལམ་ཕྱིར་གྱར་བའི་དོན་རྐྱེན་ཟེར་བ་ཐོན་པ་ནི་སྐད་འཕྲིན་གྱི་སྐྱོན་ཆ་ལས་བྱུང་བ་ཞིག་མིན། གཞུང་ཕྱོགས་ཀྱི་འགྲེལ་བཤད་གཤམ་གསལ་ལྟར།

སྐད་འཕྲིན་ཚོགས་པར་སྤྱོད་མཁན་གྱི་ཐེར་འདོན་དང་ཕྱོགས་གསུམ་པའི་བདེ་འཇགས་བཟོ་གྲྭ་དང་ཚོང་པའི་དྲན་སྐུལ་འབྱོར་ནས་སྤྱོད་མཁན་ཁག་གཅིག་གིས་སྐད་འཕྲིན་གྱི“ཉར་ཚགས་བྱེད་པའི”མཉམ་སྤྱོད་ནུས་པ་སྤྱད་དེ་ཕྱོགས་གསུམ་པའི་དྲ་ཚིགས་ཐོག་རང་འགུལ་ངང་ཁྲིམས་འགལ་གྱི་བརྙན་ལམ་ནང་དོན་བརྒྱུད་སྤེལ་བྱས་པ་ཤེས་རྟོགས་བྱུང་བ་རེད། འཕྲིན་ཆུང་ཚོགས་པས་འཕྲལ་མ་ཉིད་དུ་དོ་ཁུར་བྱས་པ་དང་འབྲེལ་ཐག་གཅོད་ཀྱང་བྱས་ཏེ“ཉར་ཚགས་བྱེད་པའི”ཁྲོད་ཀྱི་བརྙན་ཐུང་མཉམ་སྤྱོད་བྱེད་ནུས་གནས་སྐབས་མཚམས་འཇོག་བྱས་པ་རེད།

གཞན་ཡང་། གཞུང་ཕྱོགས་ཀྱིས“ང་ཚོས་ཀྱང་སྤྱོད་མཁན་ལ་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ནས་རང་འགུལ་ངང་ཁྲིམས་འགལ་གྱི་བརྙན་ལམ་ནང་དོན་བརྒྱུད་སྤེལ་དང་། ཕབ་ལེན། བརྒྱུད་སྤེལ་བཅས་བྱས་ཏེ་བདེ་འཇགས་དང་བདེ་ཐང་གི་དྲ་རྒྱའི་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད”ཅེས་བཤད་པ་རེད།

དེ་ལྟར་ཡིན་རུང་རུའེ་ཤིན་ནས་ཡོང་བའི་བདེ་འཇགས་རིགས་གཅིག་མཁས་ཅན་གྱིས་སྐད་འཕྲིན་སྟེགས་བུར་ཚོར་སྣང་སྐྱེན་པའི་བརྙན་ལམ་ཕྱིར་གྱར་བ་དང་འབྲེལ་འབྲེལ་ཡོད་ཀྱི་འགན་འཁྲི་ཡང་ཡོད་ཅེས་བཤད་པ་རེད། རིགས་གཅིག་མཁས་ཅན་གྱིས་སྐད་འཕྲིན་གྱི་ནང་དོན་མཉམ་སྤྱོད་ལམ་སྲོལ་ནང་། གནས་དང་ཚེག་ནསIDདཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་བརྒྱུད་རིམ་དགོས་ངེས་ཡིན་པར་མ་ཟད་ལས་སླ་པོར་བེད་སྤྱོད་གཏོང་མི་རུང་བ་དང་དེའི་ཁྲོད་ནས་སེམས་ཁྲལ་ཡོད་མེད་ཀྱི་གནས་ཚུལ་ཡོད་སྲིད།

16_2 ཕྱིར་འཐེན་བྱས་རྗེས་ཐོ་འཇུག་བྱེད་མི་ཐུབ་པའི་དོན་རྐྱེན།

སྤྱི་ལོ2014ལོའི་ཟླ11པའི་ཚེས7ཉིན་སྐད་འཕྲིན་སྤྱོད་མཁན་ཁག་གཅིག་གིས་སྐད་འཕྲིན་བེད་སྤྱོད་གཏོང་སྐབས་ཕྱིར་འཐེན་བྱས་རྗེས་ཐོ་འགོད་བྱེད་ཐབས་བྲལ་བའི་གནས་ཚུལ་ཐོན་ཡོད་པ་རེད།

ཉིན་དེའི་སྐད་འཕྲིན་སྤྱོད་མཁན་གྱིས་གཅིག་རྗེས་གཉིས་མཐུད་ངང་འཕྲིན་ཕྲན་ཕྱིར་འཐེན་བྱེད་མི་ཐུབ་པ་ཤེས། ཆུ་ཚོད15ཙམ་ལ་སྐད་འཕྲིན་ནང“སྐད་འཕྲིན་གྱི་ནུས་པའི་སྐྱོན་དང་། ནུས་པ་ཁག་གཅིག་གནས་སྐབས་སྤྱོད་མི་རུང་། ཉམས་གསོ་བྱེད་བཞིན་པའི་སྒང་ཡིན་པས་ཏོག་ཙམ་ནས་ཚོད་ལྟ་གནང་རོགས”ཞེས་དྲན་སྐུལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐོ་འཇུག་བྱས་ཟིན་པའི་སྤྱོད་མཁན་གྱིས་རྒྱུན་གཏན་ལྟར་སྤྱོད་ཆོག་མོད། འོན་ཀྱང་གལ་ཏེ་ཐོ་ཁུངས་ནང་འཇུག་བྱེད་པའམ་ཡང་ན་ཐོ་ཁུངས་བརྗེ་ཚེ“མ་ལག་ནོར་ཚེ་བསྐྱར་དུ་ཚོད་ལྟ་བྱེད་པའི”གླེང་སྒྲོམ་ལ་དྲན་སྐུལ་བྱེད་ཀྱི་ཡོད།

དེ་རྗེས་སྐད་འཕྲིན་ཕྱོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས་སྐད་འཕྲིན་རྒྱབ་སྟེགས་ཀྱི་ཞབས་ཞུའི་ཐད་སྐྱོན་ཤོར་བའི་རྐྱེན་གྱིས་སྤྱོད་མཁན་ཁག་གཅིག་གིས་ཆ་འཕྲིན་གཏོང་ལེན་ནམ་ཡང་ན་ཐོ་འཇུག་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བཤད་པ་རེད། གཞན་ང་ཚོས་བྲེལ་འཚུབ་ངང་ཚང་མར་སྟབས་མི་བདེ་བ་བཟོས་པར་དགོངས་དག་ཞུ། ང་ཚོས་འདི་ནས་དུས་ཐོག་ཏུ་ཆ་འཕྲིན་དང་བསྟུན་ནས་ཚང་མར་དཀའ་ལས་བཟོས་སོང་ཟེར།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཕྲིན་གཏོང་། པར་གཞི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།