སྤྱི་ལོ761པ་ལྕགས་གླང་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་ལོག་འབལ་སྟོང་ཙབ་དང་། ལང་མྱེས་གཟིགས་སོགས་ཚར་བཅད། སངས་རྒྱས་ཆོས་ལུགས་བྱེད་མི་ཆོག་པའི་བཅའ་ཁྲིམས་མེད་པར་བཟོས། འབངས་ཐམས་ཅད་ལ་ཆོས་བྱ་དགོས་པའི་བཀའ་ལེགས་པར་བསྩལ། ཐོག་མར་མང་ཡུལ་ནས་རྟེན་གཙོ་བོ་ཤཱཀྱ་མུ་ནེ་ཤིང་རྡར་གདན་དྲངས། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཙང་ཁང་དབུས་སུ་བཞུགས་སུ་གསོལ། ལྷ་ཁང་ཉམས་གསོ་དང་རྟེན་རྣམས་ལེགས་པར་བཞེངས། ཆོས་བློན་རྣམས་ཀྱིས་པད་ཤི་རྒྱ་ནག་ཏུ་ཆོས་ཞུ་བར་བརྫངས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
761
བོད་ཡིག་གི་མིང་།
ལྕགས་གླང་།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ761པ་ལྕགས་གླང་ལོ། ལོ་འདིར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་ལོག་འབལ་སྟོང་ཙབ་དང་། ལང་མྱེེས་གཟིགས་སོགས་ཚར་བཅད། སངས་རྒྱས་ཆོས་ལུགས་བྱེད་མི་ཆོག་པའི་བཅའ་ཁྲིམས་མེད་པར་བཟོས། འབངས་ཐམས་ཅད་ལ་ཆོས་བྱ་དགོས་པའི་བཀའ་ལེགས་པར་བསྩལ། ཐོག་མར་མང་ཡུལ་ནས་རྟེན་གཙོ་བོ་ཤཱཀྱ་མུ་ནེ་ཤིང་རྡར་གདན་དྲངས། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཙང་ཁང་དབུས་སུ་བཞུགས་སུ་གསོལ། ལྷ་ཁང་ཉམས་གསོ་དང་རྟེན་རྣམས་ལེགས་པར་བཞེངས། ཆོས་བློན་རྣམས་ཀྱིས་པད་ཤི་རྒྱ་ནག་ཏུ་ཆོས་ཞུ་བར་བརྫངས།

2 ཞར་བྱུང་།

སྤྱི་ལོ762པ་ཆུ་སྟག་ལོ། ལོ་འདིར་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱི་སྲས་གཉིས་པ་མུ་ནེ་བཙན་པོ་སྐུ་བལྟམས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།