སྤྱི་ལོ710པ་ལྕགས་ཁྱི་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ710པ་ལྕགས་ཁྱི་ལོ། ལོ་འདིར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་དགུང་ལོ་བཅོ་ལྔར་ཕེབས་སྐབས་བོད་དུ་བཙུན་མོར་གདན་དྲངས་པ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
710
བོད་ཡིག་གི་མིང་།
ལྕགས་ཁྱི།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ710པ་ལྕགས་ཁྱི་ལོ། ལོ་འདིར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་དགུང་ལོ་བཅོ་ལྔར་ཕེབས་སྐབས་བོད་དུ་བཙུན་མོར་གདན་དྲངས་པ་རེད། 

2 རྒྱས་པར་བཀྲལ་བ། 

སྤྱི་ལོ710པ་ལྕགས་ཁྱི་ལོ། ལོ་འདིར་གོང་མ་ཆེན་པོ་ཐང་ཀྲུང་ཙུང་གི་གསོས་ཕྲུག་གྱིམ་ཤིང་ཀོང་ཇོ་དགུང་ལོ་བཅོ་ལྔར་ཕེབས་སྐབས་བོད་དུ་བཙུན་མོར་གདན་དྲངས། གོང་མས་ཞི་དྲག་དཔོན་རིགས་བརྒྱ་ལྷག་ཙམ་གྱི་སྣེ་ཁྲིད་དེ་ཀོ་ཇོར་ཕེབས་སྐྱེལ་གནང་། དེ་ནས་བསུ་མི་བློན་པོ་སྦས་སྐྱེས་བཟང་སྲོང་བཙན་དང་མཆིམས་རྒྱལ་གཟིག་བུ་ཏིང་སོགས་རྟ་པ་བརྒྱ་དང་བཅས་པ་འབྲི་ཆུའི་ཕར་འབྱོར་སྐབས་ལྷ་སྲས་འཇང་ཚ་ལྷ་དབོན་གློ་བུར་དུ་སྐུ་གཤེགས་པའི་གཏམ་ངན་ཐོས་པས་ཀོང་ཇོ་དང་། བློན་པོ་ཞབས་འབྲིང་རྣམས་ཐུགས་ཤིན་ཏུ་སྐྱོ། འོན་ཀྱང་གྱིམ་ཤིང་ཀོང་ཇོ་ནི་ཐུགས་ཁོག་ཡངས་ཤིང་རིག་པའི་གནས་ལ་མཆོག་ཏུ་མངའ་བ་ཡོད་པས། བག་མའི་མདུན་མ་ལན་གཅིག་ཟེར་བའི་དཔེ་ལྟར་སྐྱིད་སྡུག་གང་བྱུང་ཡང་བོད་དུ་འགྲོ་ཞེས་གསུངས། མཐར་ཡབ་མེས་ཨག་ཚོམ་གྱི་བཙུན་མོར་མངའ་གསོལ། དུས་དེར་སོ་མ་ར་ཛ་འདེབས་པའི་ལག་རྩལ་བོད་དུ་དར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-12

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།