སྤྱི་ལོ682པ་ཆུ་རྟ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ682པ་ཆུ་རྟ་ལོ། ལོ་འདིར་གོང་མ་ཐང་ཀའོ་ཙུང་དགུང་ལོ་ང་དྲུག་ལ་ཕེབས་ཏེ་དགོངས་པ་རྫོགས། དོན་དུ་ལྕགས་སྤྲེལ(སྤྱི་ལོ660)ལོ་ནས་བཟུང་ཐང་ཀའོ་ཙུང་ལ་ཁྲག་ཤེད་མཐོ་བའི་སྙུང་གཞི་ཕོག་སྟེ་ཆབ་སྲིད་ཀྱི་བྱ་བ་མཐའ་དག་རྒྱལ་མོ་འུ་རྫི་ཐན་གྱིས་བསྐྱངས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
682
བོད་ཡིག་གི་མིང་།
ཆུ་རྟ།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ682པ་ཆུ་རྟ་ལོ།  ལོ་འདིར་གོང་མ་ཐང་ཀའོ་ཙུང་དགུང་ལོ་ང་དྲུག་ལ་ཕེབས་ཏེ་དགོངས་པ་རྫོགས། དོན་དུ་ལྕགས་སྤྲེལ(660)ལོ་ནས་བཟུང་ཐང་ཀའོ་ཙུང་ལ་ཁྲག་ཤེད་མཐོ་བའི་སྙུང་གཞི་ཕོག་སྟེ་ཆབ་སྲིད་ཀྱི་བྱ་བ་མཐའ་དག་རྒྱལ་མོ་འུ་རྫི་ཐན་གྱིས་བསྐྱངས། འུ་རྫི་ཐན་ནི་ཐང་རྒྱལ་རབས་སྐབས་ཀྱི་ཆབ་ཀྱི་བྱ་བར་ཁྱད་དུ་འཕགས་པའི་རྒྱལ་མོ་སྐད་གྲགས་ཅན་ཞིག་ཡིན།

2 ཞར་བྱུང་།

སྤྱི་ལོ692པ་ཆུ་འབྲུག་ལོ།

ཐང་གི་རྒྱལ་མོ་འུ་རྫི་ཐན་གྱིས་དམག་དཔོན་ཆེན་པོ་ཝང་ཤའོ་སོགས་ཁྲི་དམག་བཏང་སྟེ་བོད་དུ་དཔུང་འཇུག་བྱས།

སྤྱི་ལོ704པ་ཤིང་འབྲུག་ལོ།

དུས་དེར་མཐའ་བཞིའི་རྒྱལ་ཕྲན་མང་པོ་བཙན་པོར་ངོ་ལོག་སྟབས་འདུས་སྲོང་མང་པོ་རྗེས་དཔུང་དམག་ཁྲིད་དེ་ཟིང་ཆ་ལྷིང་འཇགས་གཏོང་བར་ཕེབས། མཐར་མི་ཉག་ཏུ་གཡུལ་སར་སྐུ་གཤེགས། བང་སོ་མང་སྲོང་མང་བཙན་གྱི་གཡོན་ན་བརྩིགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-03

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།