འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བ།
འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི(New Development Bank བསྡུས་མིང་ལNDB) མིང་གཞན་ལ་འབོ་གསེར་དངུལ་ཁང་ཟེར་ཞིང་། སྤྱི་ལོ2012ལོར་འཛུགས་རྒྱུའི་གྲོས་གཞི་བཏོན། དེའི་དམིགས་ཡུལ་ནི་དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་འབོ་གསེར་རྒྱལ་ཁབ་ཀྱིས་རེས་སྐོར་རྗེས་མའི་དངུལ་རྩའི་ཉམས་ཉེན་ཁྲོད་དངུལ་ལོར་བརྟན་པོ་མིན་པའི་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། འཆར་གཞི་ལྟར་ཐུན་མོང་གི་དངུལ་རྩའི་བདེ་འཇགས་དྲ་བ་ཞིག་བསྐྲུན་ཏེ། མ་དངུལ་གྱི་རྫིང་བུ་འདིར་བརྟེན་ནས་ཕྱི་དངུལ་ཁག་ཅིག་བརྗེ་ནས་དགོས་མཁོ་མྱུར་སྒྲུབ་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金砖国家新开发银行(新开发银行)
དོན་སྙིང་།
ཨ་སྒོར་དང་ཡོ་སྒོར་ལ་བརྟེན་རྒྱུ་ཐག་གཅོད་བྱས།
ཕྱི་ཡིག་གི་མིང་།
New Development Bank
སྤྱི་ཁྱབ་པུའུ།
ཀྲུང་གོ་ཧྲང་ཧེ།
རྩ་འཛུགས།
འབོ་གསེར་རྒྱལ་ཁབ(BRICS)
བཙུགས་ལོ།
སྤྱི་ལོ2017ལོའི་ཟླ7པའི་ཚེས15ཉིན།
འགོ་གཙོ།
ཝ་མན•ཁ་མ་ཐེ
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ་དང་པར་ཙིར། ཨུ་རུ་སུ། རྒྱ་གར་དང་ལྷོ་ཨ་ཧྥེ་རི་ཁ།
མིང་གཞན།
འབོ་གསེར་དངུལ་ཁང་།
1 ངོ་སྤྲོད་མདོར་བསྡུས།

འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི(New Development Bank བསྡུས་མིང་ལNDB) མིང་གཞན་ལ་འབོ་གསེར་དངུལ་ཁང་ཟེར་ཞིང་སྤྱི་ལོ2012ལོར་འཛུགས་རྒྱུའི་གྲོས་གཞི་བཏོན། དེའི་དམིགས་ཡུལ་ནི་དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་འབོ་གསེར་རྒྱལ་ཁབ་ཀྱིས་རེས་སྐོར་རྗེས་མའི་དངུལ་རྩའི་ཉམས་ཉེན་ཁྲོད་དངུལ་ལོར་བརྟན་པོ་མིན་པའི་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། འཆར་གཞི་ལྟར་ཐུན་མོང་གི་དངུལ་རྩའི་བདེ་འཇགས་དྲ་བ་ཞིག་བསྐྲུན་ཏེ། མ་དངུལ་གྱི་རྫིང་བུ་འདིར་བརྟེན་ནས་ཕྱི་དངུལ་ཁག་ཅིག་བརྗེ་ནས་དགོས་མཁོ་མྱུར་སྒྲུབ་བྱས་ཆོག 

སྤྱི་ལོ2015ལོའི་ཟླ7པའི་ཚེས21ཉིན། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བ་ལས་གཉེར་བྱེད་འགོ་ཚུགས་ཤིང་། སྤྱི་ལོ2017ལོའི་ཟླ9བའི་ཚེས4ཉིན་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་རྣམ་གྲངས་ཀྱི་སྟ་གོན་ཐེབས་རྩའི་ཞལ་འདེབས་འབུལ་བའི་མཛད་སྒོ་ཞ་མོན་དུ་འཚོགས་པ་རེད། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲི་ཡའོ་པིན་གྱིས་གསར་སྤེལ་དངུལ་ཁང་གསར་བའི་ཧང་ཀྲང་ཁ་མཱ་ཐེ་དང་ལྷན་དུ། ཀྲུང་གོས་ཨ་སྒོར་ཁྲི400ཞལ་འདེབས་འབུལ་རྒྱུའི་གྲོས་ཆིངས་ལ་མིང་རྟགས་བཀོད་པ་རེད། 

2 ལོ་རྒྱུས་རྒྱབ་ལྗོངས།

དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་། ཨ་རིའི་དངུལ་རྩའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བ་དེས་རྒྱལ་སྤྱིའི་དངུལ་རྩའི་ཚོང་རའི་མ་དངུལ་ལ་གཡོ་འགུལ་ཐེབས་པ་དང་། གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་དངུལ་ཐང་བརྟན་པོ་ཡོང་བར་ཡང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ཀྲུང་གོའི་དངུལ་ལོར་འཕར་ཆག་ཅུང་ཆུང་ནའང་། རྒྱ་གར་དང་ཨུ་རུ་སུ། པར་ཙིར་སོགས་རྒྱལ་ཁབ་ཚང་མར་དངུལ་ཐང་མར་ཆག་ཚད་ཤིན་ཏུ་ཆེ་བའི་དབང་གིས་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་། IMFཡི་རོགས་སྐྱོབ་ལ་དུས་ཐོག་ཏུ་མི་ཡོང་བ་དང་ཤུགས་ཚད་མི་འདང་བའི་གནད་དོན་གནས་ཕྱིར། འབོ་གསེར་རྒྱལ་ཁབ་ཀྱིས་རེས་སྐོར་རྗེས་མའི་དངུལ་རྩའི་ཉམས་ཉེན་ཁྲོད་དངུལ་ལོར་བརྟན་པོ་མེད་པའི་ཤུགས་རྐྱེན་མི་ཕོག་པའི་ཆེད། ཐུན་མོང་གི་དངུལ་རྩའི་བདེ་འཇགས་དྲ་བ་ཞིག་བསྐྲུན་རྩིས་ཡོད་པ་རེད། གལ་ཏེ་དངུལ་ལོར་བརྟན་པོ་མེད་པའི་གནས་ཚུལ་བྱུང་ཚེ་མ་དངུལ་གྱི་རྫིང་བུ་དེར་བརྟེན་ནས་ཕྱི་དངུལ་ཁག་ཅིག་བརྗེ་ནས་དགོས་མཁོ་མྱུར་སྒྲུབ་བྱས་ཆོག     འཕྲལ་སྡོམ་གསོག་འཇོག་ཐེབས་རྩ་ནི་ཀྲུང་གོས་བཏོན་པའི་གྲོས་གཞི་ཞིག་ཡིན་པ་དང་། གཙོ་བོ་ནི་འབོ་གསེར་རྒྱལ་ཁབ་ཀྱི་ཡུན་ཐུང་དངུལ་རྩའི་ཉམས་ཉེན་ཐག་གཅོད་བྱ་ཆེད་དང་རོགས་སྐྱོབ་ཚོགས་པ་ཞིག་ཡིན་པ་ལས་ཁེ་སྤོགས་བཙལ་ས་ཞིག་མིན་ཕྱིར། འཕྲལ་སྡོམ་གསོག་འཇོག་ཐེབས་རྩའི་མཚོན་བྱེད་རང་བཞིན་གྱི་དོན་སྙིང་དེ་བས་ཆེ་ཙམ་ཡོད། ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་ལ་སྔར་བཞིན་སྒུལ་ཤུགས་ཆེན་པོ་ལྡན་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་མྱུར་ཚད་ཅུང་ཙམ་ཇེ་དལ་དུ་བཏང་ནའང་ཨ་རིའི་འཕར་ཚད་ལས་ལྡབ3གྱིས་མཐོ་བ་རེད། 

3 འཕེལ་རྒྱས་ཀྱི་བརྒྱུད་རིམ། 

འབོ་གསེར་རྒྱལ་ཁབ་ཀྱི་དོན་སྤྱི་དེ་སྤྱི་ལོ2012ལོར་བཏོན་པ་རེད། སྐབས་དེ་དུས་དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》ཐོག་བསམ་ཚོད་དེར་གདེང་འཇོག་བྱས་པ་སྟེ། འབོ་གསེར་རྒྱལ་ཁབ་དེ་སྤྱི་ལོ1991ལོར་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་བཙུགས་པའི་རིང་ལ་ཐོག་དང་པོར་བྱུང་བའི་ཕྱོགས་མང་དངུལ་བུན་སྒྲིག་གཞི་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། 

སྤྱི་ལོ2013ལོའི་ཟླ3པར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་ལྔ་པའི་ཐོག་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་འཛུགས་རྒྱུ་གཏན་འབེབས་བྱས་པ་དང་། གསར་སྤེལ་དངུལ་ཁང་བཙུགས་ནས་འབོ་གསེར་རྒྱལ་ཁབ་དབར་གྱི་ཕན་ཚུན་བསྡོམས་རྩིས་དང་དངུལ་བུན་གཏོང་བའི་ལས་སྒོ་སྟབས་བདེ་རུ་བཏང་སྟེ་ཨ་སྒོར་དང་ཡོ་སྒོར་ལ་བརྟེན་རྒྱུ་ཇེ་ཉུང་དུ་གཏོང་རྒྱུ་རེད། 

སྤྱི་ལོ2014ལོའི་ཟླ7པའི་ཚེས15ཉིན་ནས་ཚེས16ཉིན་བར། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་དྲུག་པ་པར་ཙིར་དུ་ཚོགས་པ་དང། ཐེངས་འདིའི་དབུ་ཚོགས་སྟེང་ཡུན་རིང་ལ་གྲོས་མོལ་བྱས་པའི་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་འཛུགས་རྒྱུར་གྲོས་འཆམ་བྱུང་བའི་རེ་བ་ཡོད་པ་དང་། འབོ་གསེར་རྒྱལ་ཁབ་དང་འདྲ་བའི་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ(IMF)སོགས་ཀྱང་ཚོགས་འདུའི་སྟེང་སླེབས་ཡོད་ཅིང་། དེའི་ཐོག་མའི་འཛུགས་སྐྱོང་མ་དངུལ་ཨ་སྒོར་དུང་ཕྱུར1000ཟིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་པའོ་ཏུང་གིས་པར་ཙིར་དུ་འཚོག་ཉེར་ཡོད་པའི་ཚོགས་འདུ་ནི་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་འཛུགས་པའི་གོ་སྐབས་བཟང་པོ་དེ་ཡིན་ཟེར། 

སྤྱི་ལོ2014ལོའི་ཟླ11པའི་ཚེས15ཉིན། G20པུའུ་ལི་སི་པན་དབུ་ཚོགས་མ་འཚོག་པའི་སྔ་རོལ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་དང་ཨུ་རུ་སུ། རྒྱ་གར་དང་ལྷོ་ཨ་ཧྥེ་རི་ཁ་སོགས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཇལ་འཛོམས་གནང་ཞིང། ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་གཞི་གཅིག་ཅན་གྱི་ཁྲོམ་ར་ཆེན་མོ་དང་དངུལ་རྩའི་བགྲོད་ལམ་ཆེན་མོ་བསྐྲུན་རྒྱུར་འབད་དེ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཆེན་མོ་བྱེད་དགོས་ཤིང་། དཔལ་འབྱོར་གྱི་གྲོགས་པོའི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་བཏང་ནས། འབོ་གསེར་རྒྱལ་ཁབ་དང་འཕྲལ་སྡོམ་གསོག་འཇོག་ཐེབས་རྩ་འཛུགས་རྒྱུ་དམ་འཛིན་བྱེད་དགོས། 

སྤྱི་ལོ2014ལོའི་ཟླ7པའི་ཚེས15ཉིན། འབོ་གསེར་རྒྱལ་ཁབ་ཀྱིས《ཕུའུ་ཐ་ལའེ་སའི་བསྒྲགས་གཏམ》སྤེལ་ནས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་ཐོག་མའི་མ་དངུལ་ཨ་སྒོར་དུང་ཕྱུར1000ཡིན་པ་དང་། གསར་གཏོད་ཁོངས་མི་ལྔ་ཡིས་ཆ་སྙོམས་ཀྱིས་མ་དངུལ་གཏོང་དགོས་ཤིང་། སྤྱི་ཁྱབ་པུའུ་ཀྲུང་གོའི་ཧྲང་ཧའེ་རུ་བཙུགས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ལོ2014ལོའི་ཟླ12པར་སྔོན་དཔག་བྱས་ན། སྤྱི་ལོ2016ལོར་སྤྱོད་འགོ་ཚུགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་སྤྱི་ཁྱབ་པུའུ་དེ་གླིང་ཁུལ་དུ་བྱེ་བྲག་གི་ས་གནས་འདེམ་བཞིན་ཡོད་ངེས་རེད། 

སྤྱི་ལོ2017ལོའི་ཟླ9བའི་ཚེས4ཉིན། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བའི་རྣམ་གྲངས་ཀྱི་སྟ་གོན་ཐེབས་རྩའི་ཞལ་འདེབས་འབུལ་བའི་མཛད་སྒོ་ཞ་མོན་དུ་འཚོགས་པ་རེད། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲི་ཡའོ་པིན་གྱིས་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ཁ་མཱ་ཐེ་དང་ལྷན་དུ། ཀྲུང་གོས་ཨ་སྒོར་ཁྲི400ཞལ་འདེབས་འབུལ་རྒྱུའི་གྲོས་ཆིངས་ལ་མིང་རྟགས་བཀོད་པ་རེད། ཀྲུང་གོ་ནི་རྣམ་གྲངས་དེའི་སྟ་གོན་ཐེབས་རྩའི་མ་དངུལ་འཇོག་པའི་ཁོངས་ཞུགས་རྒྱལ་ཁབ་ཐོག་མ་དེ་ཡིན་ལ། ཐེབས་རྩ་དེས་དངུལ་ཁང་གི་རྣམ་གྲངས་འཁོར་སྐྱོད་སྔར་ལས་ལྷག་པའི་ཁོར་ཡུག་བསྐྲུན་ནས། འབྲེལ་ཡོད་རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་དང་། རྒྱལ་ཁབ་དབར་གྱི་གྲོགས་པོའི་འབྲེལ་བའི་འཆར་གཞི་བཟོ་རོགས། རྣམ་གྲངས་ཀྱི་འཁོར་ཡུན་རྟག་ཞིབ་སོགས་ཀྱི་ཐད་ལ་སྤྱོད་རྒྱུ་རེད། 

སྤྱི་ལོ2018ལོའི་ཟླ12ཚེས20ཉིན། སྐབས73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག“གསར་སྤེལ་དངུལ་ཁང་གསར་བར་ཚོགས་ཆེན་ལྟ་ཞིབ་པའི་གོ་གནས་སྤྲོད་པའི”གྲོས་མོལ་གཅིག་མཐུན་བྱུང་ནས། གསར་སྤེལ་དངུལ་ཁང་གསར་བས་ལྟ་ཞིབ་པའི་ཐོབ་ཐང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྱེད་སྒོར་ཞུགས་རྒྱུའི་གདན་ཞུ་བྱས་པ་རེད། 

4 དམིགས་ཡུལ་དང་འགན་ནུས།

དངུལ་ཁང་གིས་འབོ་གསེར་རྒྱལ་ཁབ་དང་དེ་བཞིན་གསར་དར་དཔལ་འབྱོར་དངོས་ཚན་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་གྲངས་སྐུལ་སློང་ཐོན་ཁུངས་དེ་ད་ཡོད་ཀྱི་ཕྱོགས་མང་དང་ས་ཁོངས་དངུལ་རྩའི་སྒྲིག་གཞིའི་ཁ་གསབ་ཅིག་ཏུ་བརྩིས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས།     

དེའི་དམིགས་ཡུལ་ལག་བསྟར་བྱ་ཆེད། དངུལ་ཁང་གིས་དངུལ་བུན་དང་ཁག་ཐེག རྐང་དབང་མ་འཇོག་དང་དངུལ་རྩའི་ཡོ་བྱད་གཞན་དག་བཅས་ལ་བརྟེན་ནས་སྤྱིའི་རྣམ་གྲངས་སམ་ཡང་ན་མི་སྒེར་གྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་དགོས། དངུལ་ཁང་གིས་ད་དུང་རྒྱལ་སྤྱིའི་རྩ་འཛུགས་དང་དངུལ་རྩའི་དངོས་ཚན་གཞན་དག་དང་མཉམ་ལས་བྱས་ནས་དངུལ་ཁང་གིས་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ལ་ལག་རྩལ་གྱི་རོགས་སྐྱོར་བྱ་དགོས། 

5 བཙུགས་པའི་དོན་སྙིང་། 

འབོ་གསེར་རྒྱལ་ཁབ་ཀྱིས་གཙོ་བོ་འབོ་གསེར་རྒྱལ་ཁབ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་དང་། པར་ཙིར་དང་ཨུ་རུ་སུ། རྒྱ་གར་དང་ལྷོ་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྟོང་ཆ་ཤིན་ཏུ་ཆེ་བ་དང་། རྒྱལ་ཁབ་ནོར་སྲིད་ཀྱིས་ནུས་ཤུགས་འདོན་དཀའ་བའི་དུས་སུ། འབོ་གསེར་རྒྱལ་ཁབ་དག་མཉམ་འབྲེལ་བྱས་ཏེ་མ་དངུལ་བསྡུ་དགོས།

འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བ་ནི། འབོ་གསེར་རྒྱལ་ཁབ་ལྔ་བོར་ཕྱོགས་པ་ཙམ་མ་ཡིན་པར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མར་ཕྱོགས་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ངོས་ནས་སྔོན་ལ་དངུལ་བུན་གཏོང་དབང་ཐོབ་སྲིད།      

འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བས་ཐོག་མར་འབོ་གསེར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་བྱ་རྒྱུ་ནི་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་དོན་ཧ་ཅང་གལ་ཆེན་ཞིག་ཡིན།      

འབོ་གསེར་རྒྱལ་ཁབ་ཀྱིས་ཀྲུང་གོར་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་པ་མ་ཟད། མིག་རྒྱང་རིང་བའི་འཐབ་ཇུས་ཁེ་ཕན་ཞིག་ཀྱང་གསར་དུ་བཏོད་ཡོད། དུས་ཡུན་ཐུང་ངུའི་ནང་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་གྱུར་བ་དང་། རྒྱལ་སྤྱིའི་གར་སྟེགས་ཐོག་གསར་དར་རྒྱལ་ཁབ་ཆེན་པོ་ཞིག་གི་སྣང་བརྙན་ཇི་ལྟར་མངོན་རྒྱུ་དེ་ཀྲུང་གོ་རང་ངོས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་ཡང་འབྲེལ་བ་ཡོད། ཀྲུང་གོས་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་བ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། དོན་དངོས་ཀྱི་བྱས་རྗེས་བཞག་པ་དེ་ནི་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཚོན་པའི་གོ་སྐབས་ཡག་པོ་ཞིག་རེད། 

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ལ། འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་བ་བཙུགས་ནས་རྒྱལ་ཁབ་གཞན་དག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཐུབ་ལ། ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཀྱང་ཡིན་པས་ཀྲུང་གོའི“ཕྱིར་སྐྱོད་པའི”འཐབ་ཇུས་ཡག་པོ་ཞིག་ཀྱང་རེད། ཀྲུང་གོས་ཕྱིར་གཏོང་བྱས་པ་ནི་ཉམས་མྱོང་དང་ལག་རྩལ་ཡིན་ལ་ཚད་གཞི་ཞིག་ཀྱང་ཡིན། 

འབོ་གསེར་དངུལ་ཁང་གིས་མཉམ་ལས་ཐད་ལ། ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་དབར་གྱི་བར་སྟོང་གསར་བ་རྒྱ་ཆེར་བཏང་བ་དང་དངུལ་རྩའི་མཉམ་ལས་ཐད་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པའི་ཆ་ནས། འབོ་གསེར་དངུལ་ཁང་བཙུགས་རྗེས་འབོ་གསེར་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་བར་མཐོངས་གསར་བ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་དང་ཆབས་ཅིག དེས་འབོ་གསེར་རྒྱལ་ཁབ་ཀྱི་དངུལ་རྩའི་མཉམ་ལས་ཐད་ཀྱི་འཕེལ་རིམ་གསར་བ་མཚོན་བཞིན་ཡོད། 

6 དངོས་སུ་སྒོ་འབྱེད་པ།

འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བ་དེ་སྤྱི་ལོ2015ལོའི་ཟླ7པའི་ཚེས21ཉིན་གྱི་ཆུ་ཚོད8དང་སྐར་མ30ཐོག་དངོས་སུ་སྒོ་འབྱེད་ཅིང་། (ཀྲུང་གོ)ནོར་སྲིད་པུའུ་ཀྲང་ལོའུ་ཅི་ཝུའེ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱང་ཞུང་། འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་བའི་ཧང་ཀྲང་ཐོག་མ་སྟེ། རྒྱ་གར་བ་ཁ་མཱ་ཐེ་བཅས་ཀྱིས་ཧྲང་ཧའེ་ཧུང་ཆའོ་མགྲོན་ཁང་དུ་གསར་སྤེལ་དངུལ་ཁང་གསར་བའི་སྒོ་འབྱེད་མཛད་སྒོོར་ཞུགས་ལ། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བ་དེ“འབོ་གསེར་ནུས་ཁུངས་མནའ་འབྲེལ”འཛུགས་པའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་འགྱུར་སྲིད་པས། ལས་རིགས་ཁག་སོ་སོས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། 

7 གྲུབ་འབྲས་གཙོ་བོ། 

གསར་སྤེལ་དངུལ་ཁང་གསར་བ་བཙུགས་པ་ནས་བཟུང་དངུལ་བུན་རྣམ་གྲངས11ལ་ཆོག་མཆན་སྤྲད་པ་དང་། སྤྱིའི་དངུལ་འབོར་ཨ་སྒོར་དུང་ཕྱུར30ལས་བརྒལ་ཡོད། དེའི་ནང་མ་དངུལ་མང་ཆེ་བ་ཉི་ནུས་དང་རླུང་ནུས། ཆུ་གློག་ཆུང་གྲས་དང་ལྗང་མདོག་ནུས་རྒྱུ་བརྒྱུད་འདྲེན་སོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་གྲངས་ལ་བཏང་ཡོད་པ་རེད། སྔོན་དཔག་བྱས་ན་སྤྱི་ལོ2018ལོའི་ལོ་མཇུག་ཏུ་སླེབས་སྐབས་གསར་སྤེལ་དངུལ་ཁང་གསར་བའི་དངུལ་བུན་བསྡོམས་འབོར་ཨ་སྒོར་དུང་ཕྱུར80ཟིན་རྒྱུ་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།