ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བསྡོམས་རྩིས་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བསྡོམས་རྩིས་ཅུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བསྡོམས་རྩིས་ཅུས་ནི་སྤྱི་ལོ1952ལོའི་ཟླ8པར་བཙུགས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་དགོས་མཁོ་དང་བསྟུན་ཆེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་རྒྱལ་ཁབ་བསྡོམས་རྩིས་ཅུས་འཛུགས་རྒྱུའི་གྲོས་ཐག་བཅད་ནས་བཙུགས། རྒྱལ་ཁབ་བསྡོམས་རྩིས་ཅུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན་ཞིང་། རྒྱལ་ཡོངས་ཀྱི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་ལས་ཀའི་དོ་དམ་གྱི་འགན་གཙོ་བོ་ཁུར་ཡོད། བསྡོམས་རྩིས་ལས་ཀའི་ཁྲིམས་སྲོལ་དང་། བསྡོམས་རྩིས་བསྒྱུར་བཅོས་དང་བསྡོམས་རྩིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་འཆར་འགོད། རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་འཆར་གཞི་བཅས་གཏན་འབེབས་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་ལས་ཀར་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། བསྡོམས་རྩིས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家统计局
གཞུང་ཕྱོགས་དྲ་ཚིགས།
www.stats.gov.cn
1 ལས་ཁུངས་ཀྱི་འགན་ནུས།

(གཅིག) བསྡོམས་རྩིས་ལས་ཀའི་ཁྲིམས་སྲོལ་དང་། བསྡོམས་རྩིས་བསྒྱུར་བཅོས་དང་བསྡོམས་རྩིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་འཆར་འགོད། རྒྱལ་ཁབ་ཀྱི་བསྡོམས་རྩིས་བརྟག་དཔྱད་འཆར་གཞི་བཅས་གཏན་འབེབས་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་བྱ་བར་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། བསྡོམས་རྩིས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།

(གཉིས) རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་མ་ལག་དང་བསྡོམས་རྩིས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིན་པའི་གཞི་རྩའི་བསྡོམས་རྩིས་ལམ་ལུགས་འཛུགས་དགོས། རྒྱལ་ཁབ་ཀྱི་བསྡོམས་རྩིས་ཚད་གཞི་གཏན་འབེབས་བྱེད་དགོས། སྡེ་ཁག་གི་བསྡོམས་རྩིས་ཚད་གཞི་ཞིབ་བཤེར་གཏན་འབེབས་བྱེད་དགོས། རྒྱལ་ཡོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་རྣམ་གྲངས་རྩ་འཛུགས་དང་དོ་དམ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཁག་སོ་སོའི་བསྡོམས་རྩིས་བརྟག་དཔྱད་འཆར་གཞི་དང་འཆར་བཀོད་ལ་ཞིབ་མཆན་འགོད་དགོས།

(གསུམ) རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་ཡོངས་ཁྱབ་ཏུ་ཞིབ་བཤེར་བྱེད་པའི་འཆར་གཞི་གལ་ཆེན་ཞིབ་འཇུག་བྱས་ཏེ་བཟོ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་རྩ་འཛུགས་བྱས་ནས་ལག་བསྟར་དུ་འདེབས་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་སྤྱི་ཚོགས་དཔལ་འབྱོར་ལ་བརྟག་དཔྱད་བྱ་རྒྱུ་གཅིག་གྱུར་གྱིས་རྩ་འཛུགས་བྱས་ནས། རྒྱལ་ཡོངས་ཀྱི་གཞི་རྩའི་བསྡོམས་རྩིས་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྡུས་དང་ལེགས་སྒྲིག་བྱེད་དགོས། རྒྱལ་དམངས་དཔལ་འབྱོར་དང་། ཚན་རྩལ་ཡར་ཐོན། སྤྱི་ཚོགས་གོང་འཕེལ་སོགས་ཀྱི་གནས་ཚུལ་ལ་བསྡོམས་རྩིས་བླངས་ནས་དབྱེ་ཞིབ་བྱེད་པ་དང་བསྡོམས་རྩིས་སྔོན་དཔག བསྡོམས་རྩིས་ལྟ་སྐུལ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། འབྲེལ་ཡོད་སྡེ་ཁག་ལ་བསྡོམས་རྩིས་གནས་ཚུལ་དང་བློ་འདྲི་ས། གྲོས་འཆར་སོགས་མཁོ་འདོན་བྱེད་དགོས།

(ལྔ) རྒྱལ་ཁབ་ཀྱི་བསྡོམས་རྩིས་ཆ་འཕྲིན་རང་འགུལ་ཅན་གྱི་མ་ལག་དང་རྒྱལ་ཁབ་ཀྱི་བསྡོམས་རྩིས་གཞི་གྲངས་རིག་མཛོད་ཀྱི་མ་ལག་བཙུགས་ཏེ་འཐུས་ཚང་དུ་བཏང་ནས་དོ་དམ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོས་སོའི་བསྡོམས་རྩིས་གཞི་གྲངས་རིག་མཛོད་ཀྱི་དྲ་རྒྱའི་གཞི་རྩའི་ཚད་གཞི་དང་འཁོར་སྐྱོད་སྒྲིག་སྲོལ་འཛུགས་དགོས།

(དྲུག) རྫོང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་སྡེ་ཁག་གི་བསྡོམས་རྩིས་ལས་དོན་གྱི་གྲོན་དངུལ་གཅིག་གྱུར་གྱིས་དོ་དམ་བྱེད་དགོས། ས་གནས་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་དང་ཅུས་ཀྲང་གཞོན་པར་དོ་དམ་བྱེད་རོགས་བྱ་དགོས། རྒྱལ་ཡོངས་ཀྱི་བསྡོམས་རྩིས་ཆེད་ལས་དཔང་ཡིག་གི་རྒྱུགས་གཞི་དང་གོ་གནས་འདེམས་བསྐོ། གདན་ཞུའི་བྱ་བ་བཅས་རྩ་འཛུགས་དང་དོ་དམ་བྱེད་དགོས།

(བདུན) ས་གནས་ཁག་ཏུ་བཙུགས་པའི་ཐད་གཏོགས་བརྟག་དཔྱད་ལས་ཁུངས་ལ་འགོ་ཁྲིད་བྱེད་དགོས་པ་དང་ཐད་གཏོགས་ལས་དོན་ལས་ཁུངས་གཞན་དག་གི་བྱ་བར་མཛུབ་ཁྲིད་བྱེད་དགོས།

(བརྒྱད) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

2 ལས་ཁུངས་ཀྱི་སྒྲིག་བཀོད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་འགན་ནུས་སི11བཙུགས་ཡོད་ལ། དེ་དག་ནི་གཞུང་དོན་ཐིང་དང་། སྲིད་ཇུས་ཁྲིམས་སྲོལ་སི། བསྡོམས་རྩིས་ཇུས་འགོད་དོ་དམ་སི། རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སི། རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་སི། བཟོ་ལས་འགྲིམ་འགྲུལ་བསྡོམས་རྩིས་སི། གཏན་འཇགས་རྒྱུ་ནོར་མ་འཇོག་བསྡོམས་རྩིས་སི། ཉོ་ཚོང་ཕྱི་གཉེར་བསྡོམས་རྩིས་སི། མི་འབོར་དང་སྤྱི་ཚོགས་ཚན་རྩལ་སི། མི་དོན་སི། ནོར་དོན་སི་བཅས་ཡིན།

3  ད་ལྟའི་འགོ་ཁྲིད།

རུས་མིང་།

ད་ལྟིའི་གོ་གནས།

སྔོན་ཆད་ཀྱི་གོ་གནས།

ཉིང་ཅི་ཀྲེ།

 རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན།  

ཤན་ཙུའུ་ཏེ། 

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ། 

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཀྲུང་གོའི་དཔལ་འབྱོར་དར་རྒྱས་ལྟ་ཞིབ་ལྟེ་གནས་ཀྱི་ཀྲུའུ་རེན།

ལི་ཞའོ་ཁྲའོ།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ། 

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན།

མའོ་ཡིའུ་ཧྥེང་། 

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ། 

སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཉེར་སྤྱོད་ཆེད་ལས་ཀྱི་བསླབ་གནས་ཞིབ་འཇུག་སློབ་མའི་སློབ་གསོའི་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ།

ཧྲེང་ལའེ་ཡུན།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ། 

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན།

ཀའོ་ཅན་ཧྭ། 

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའུ་ཡི་སྒྲིག་བཤེར་ཚན་ཆུང་གི་ཙུའུ་ཀྲང་དང་ཏང་ཙུའུ་ཡི་ཁོངས་མི།

ཀྲུང་དབྱང་སྒྲིག་ཁྲིམས་ཤིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ལྟ་ཞིབ་པུའུ་ཡི་ནོར་སྲིད་པུའུ་རུ་བཅའ་སྡོད་བྱེད་པའི་སྒྲིག་བཤེར་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་དང་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་།

4  ཅུས་ཀྲང་རིམ་བྱོན།

ཞུའེ་མུའུ་ཆའོ། (སྤྱི་ལོ1952ལོའི་ཟླ8པ་ནས་སྤྱི་ལོ1958ལོའི་ཟླ11པའི་བར་ཅུས་ཀྲང་གི་འགན་བཞེས)

ཅ་ཆི་ཡོན། (སྤྱི་ལོ1958ལོའི་ཟླ11པ་ནས་སྤྱི་ལོ1961ལོའི་ཟླ6པའི་བར་ཅུས་ཀྲང་གི་འགན་བཞེས)

ཝང་སི་ཧྭ། (སྤྱི་ལོ1961ལོའི་ཟླ6པ་ནས་སྤྱི་ལོ1969ལོའི་ཟླ12པའི་བར་ཅུས་ཀྲང་གི་འགན་བཞེས)

ཁྲེན་ཞན། (སྤྱི་ལོ1974ལོའི་ཟླ9པ་ནས་སྤྱི་ལོ1981ལོའི་ཟླ10པའི་བར་ཅུས་ཀྲང་གི་འགན་བཞེས)

ལི་ཁྲེང་རུའེ། (སྤྱི་ལོ1981ལོའི་ཟླ10པ་ནས་སྤྱི་ལོ1984ལོའི་ཟླ5པའི་བར་ཅུས་ཀྲང་གི་འགན་བཞེས)

ཀྲང་སའེ། (སྤྱི་ལོ1984ལོའི་ཟླ5པ་ནས་སྤྱི་ལོ1997ལོའི་ཟླ2པའི་བར་ཅུས་ཀྲང་གི་འགན་བཞེས)

ལིའུ་ཧུང་། (སྤྱི་ལོ1997ལོའི་ཟླ2པ་ནས་སྤྱི་ལོ2000ལོའི་ཟླ6པའི་བར་ཅུས་ཀྲང་གི་འགན་བཞེས)

ཀྲུའུ་ཀྲི་ཞིན། (སྤྱི་ལོ2000ལོའི་ཟླ6པ་ནས་སྤྱི་ལོ2003ལོའི་ཟླ3པའི་བར་ཅུས་ཀྲང་གི་འགན་བཞེས)

ཆུ་བོ། (སྤྱི་ལོ2003ལོའི་ཟླ3པ་ནས་སྤྱི་ལོ2006ལོའི་ཟླ3པའི་བར་ཅུས་ཀྲང་གི་འགན་བཞེས)

ཆིའུ་ཞའོ་ཧྭ། (སྤྱི་ལོ2006ལོའི་ཟླ3པ་ནས་སྤྱི་ལོ2006ལོའི་ཟླ10པའི་བར་ཅུས་ཀྲང་གི་འགན་བཞེས)

ཞེ་ཧྥུ་ཀྲན་། (སྤྱི་ལོ2006ལོའི་ཟླ10པ་ནས་སྤྱི་ལོ2008ལོའི་ཟླ9པའི་བར་ཅུས་ཀྲང་གི་འགན་བཞེས)

མ་ཅན་ཐང་། (སྤྱི་ལོ2008ལོའི་ཟླ9པ་ནས་སྤྱི་ལོ20015ལོའི་ཟླ4པའི་བར་ཅུས་ཀྲང་གི་འགན་བཞེས)

ཝང་པའོ་ཨན། (སྤྱི་ལོ2015ལོའི་ཟླ4པ་ནས་སྤྱི་ལོ2016ལོའི་ཟླ1པོའི་བར་ཅུས་ཀྲང་གི་འགན་བཞེས)

ཉིང་ཅི་ཀྲེ། (སྤྱི་ལོ2016ལོའི་ཟླ2པ་ནས་ད་ལྟའི་བར་ཅུས་ཀྲང་གི་འགན་བཞེས)


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-09

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།