མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།
མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་སྤྱི་ལོ2004ལོའི་ཟླ9པར། དེ་སྔའི་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ(སྤྱི་ལོ1976ལོར་བཙུགས)དང་དེ་སྔའི་མཚོ་ལྷོ་ཁུལ་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གཉིས(1989ལོར་བཙུགས)ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མིག་སྔའི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་འབྲིང་རིམ་ལས་རིགས་སློབ་གྲྭ་འབའ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ལས་འགན་འཁུར་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海南州职业技术学校
བོད་ཡིག་གི་མིང་།
མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ
ས་གནས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།
ངོ་བོ།
གཞུང་བཙུགས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ
བཙུགས་དུས།
སྤྱི་ལོ2004ལོ།
1 ངོ་སྤྲོད་མདོར་བསྡུས།

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་སྤྱི་ལོ2004ལོའི་ཟླ9པར། དེ་སྔའི་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ(སྤྱི་ལོ1976ལོར་བཙུགས)དང་དེ་སྔའི་མཚོ་ལྷོ་ཁུལ་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གཉིས(1989ལོར་བཙུགས)ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མིག་སྔའི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་འབྲིང་རིམ་ལས་རིགས་སློབ་གྲྭ་འབའ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་ལས་རིགས་ལག་རྩལ་སློབ་གསོ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ལས་འགན་འཁུར་གྱི་ཡོད། སློབ་གྲྭའི་རྒྱ་ཁྱོན་ལམུའུ195ཡོད་པ་དང་སྨི་གྲུ་བཞི་མ18043ཡོད། 

ད་ཆ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན80དང་། དམིགས་བསལ་གདན་ཞུས་དགེ་རྒན68། འབྲིང་རིམ་ལས་རིགས་སློབ་གྲྭའི་ཐོ་འགོད་སྦྱངས་རབས་ཡོད་པའི་སློབ་མ3578དང་སློབ་ཁྲིད་འཛིན་གྲྭ64ཡོད། ལོ་ལྟར་དུས་ཐུང་ལས་རིགས་རྩལ་ནུས་གསོ་སྦྱོང་མི་སྣ3500ལྷག་ཡོད། 

2 ཆེད་ལས་སྒྲིག་ཚུལ། 

ད་ཆ་བཙུགས་པའི་སྦྱངས་རབས་སློབ་གསོའི་ནང་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། འཕྲོད་བསྟེན་བདེ་སྲུང་། ཀྲུང་ལུགས་གསོ་རིག་ཟུང་འབྲེལ་དང་། ནད་སྐྱོང་། རྩིས་འཁོར་བཀོལ་སྤྱོད། སློབ་ཞུགས་སྔོན་གྱི་སློབ་གསོ། གཡོས་སྦྱོར། དམངས་ཁྲོད་ཀྱི་སྲོལ་རྒྱུན་བཟོ་རྩལ(བོད་ཀྱི་འཚེམ་དྲུབ་དང་རྡོ་བརྐོས)མི་རིགས་ཀྱི་གྱོན་ཆས་བཟོ་སྐྲུན་དང་ཇུས་འགོད། གླུ་གར་འཁྲབ་སྟོན་སོགས་ཆེད་ལས་ཡོད་པ་རེད། དེའི་ནང་བོད་ལུགས་གསོ་རིག་གི་སྨན་བཅོས་ཆེད་ལས་ནི་མཚོ་སྔོན་ཞིང་ཆེན་གྱི་རྐང་འཛིན་དཔེ་སྟོན་འཛུགས་སྐྱོང་ཆེད་ལས་བཞི་བཅུ་ཡི་གྲས་ཤིག་ཡིན་པ་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཆེད་ལས་ཀྱི་སློབ་མ1329ཟིན་པ་དེས་སློབ་མའི་བསྡོམས་འབོར་གྱི38%བཟུང་བ་དང་། ནད་གཡོག་ཆེད་ལས་སློབ་གྲྭར་ཡོད་པའི་སློབ་མའི་མི་གྲངས526ཡིན། ངེད་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད92%ཡན་རྒྱུན་འཁྱོངས་ཐུབ་ཡོད། སློབ་མའི་ཡོང་ཁུངས་ནི་མཚོ་ལྷོ་དང་། མགོ་ལོག ཡུལ་ཤུལ། རྨ་ལྷོ། མཚོ་བྱང་། མཚོ་ནུབ་བཅས་ཁུལ་དྲུག་དང་དེ་བཞིན་མཚོ་ཤར་དང་། ཟི་ལིང་། ཀན་སུའུ། ནང་སོག ཤིན་ཅང་། སི་ཁྲོན། ཧོ་པེ་སོགས་ཡིན་པ་རེད། དུས་ཐུང་གསོ་སྦྱོང་ལ་ཚ་ལ་རྒྱག་པ་དང་། རླངས་འཁོར་གཏོང་བ། སྲུང་སྐྱོང་བཟོ་པ། སྨན་རྫས་བཟོ་བ། འཚེམ་བཟོ། རླངས་འཁོར་ལས་རིགས་ཀྱི་ཐོབ་ཐང་གསོ་སྦྱོང་། གྲོང་གསེབ་ཀྱི་སྨན་པའི་གསོ་སྦྱོང་། གཡོས་སྦྱོར། རླངས་འཁོར་བཟོ་བ། བཟོ་ལས་དང་དམངས་སྤྱོད་བཟོ་སྐྲུན་སོགས་ཀྱི་ཆེད་ལས་ཡོད་པ་དང་། ལས་རིགས་རྩལ་ནུས་གསལ་འབྱེད་ཀྱི་བཟོ་རིགས་ལ་རླངས་འཁོར་ཁ་ལོ་བ་དང་། རླངས་འཁོར་ཞིག་གསོ་མཁན། རྩིས་འཁོར་ཁོངས་གཏོགས་ཀྱི་བཀོལ་སྤྱོད་བཟོ་པ། ཀྲུང་གོའི་གཡོས་སྦྱོར་བཟོ་པ། ཞིང་ལས་འཕྲུལ་ཆས། ཁྱིམ་སྤྱོད་གློག་རྡུལ་ཐོན་རྫས་བཟོ་བ། ཟ་ཁང་གི་ཞབས་ཞུ་བ། སྦག་བཟོ་བ། གློག་གི་ཚ་ལ་བཟོ་པ། གློག་རྡུལ་བཟོ་པ། ཐལ་ཕྱིས་བཟོ་པ། ས་བསྲེས་བཟོ་པ། ལྕགས་རྩི། སྣུམ་རྩི་བཟོ་བ། སྦུ་གུའི་བཟོ་བ་བཅས་ཡོད། སློབ་གྲྭ་བཙུགས་པ་ནས་བཟུང་ལས་རིགས་ཁག་གི་དངོས་སྤྱོད་རྩལ་ནུས་རང་བཞིན་གྱི་ཤེས་ལྡན་པ41391ལ་གསོ་སྐྱོང་དང་གསོ་སྦྱོང་བྱས་ཡོད།

3 སློབ་གྲྭའི་མཚན་སྙན། 

སློབ་གྲྭས་དུས་མཚུངས“ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་སྨན་པ”དང་། “ཞིང་ཆེན་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་ནད་ཐོག་སྨན་བཅོས་ལག་རྩལ་རྐང་འཛིན་གསོ་སྦྱོང་གི་གནས་གཏན་འཁེལ་སློབ་གྲྭ” “མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་བོད་སྨན་ཆེད་ལས་ཀྱི་སློབ་ཁྲིད་ས་ཚིགས” “ཞིང་ཆེན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་མཚོ་ལྷོའི་ཡན་ལག་སློབ་གླིང” “ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་མཚོ་ལྷོའི་ཡན་ལག་སློབ་གླིང” “མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་ལས་རིགས་རྩལ་ནུས་གསལ་འབྱེད་ཁང” “མཚོ་ལྷོ་ཁུལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ” “མཚོ་ལྷོ་ཁུལ་གྱི3+1རྣམ་གྲངས་གསོ་སྦྱོང་རྟེན་གཞི”སོགས་ཀྱི་འགན་ནུས་ཀྱང་ཁུར་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-09

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།