ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1976ལོར་བཙུགས་པ་དང་། བོད་རྒྱ་དབྱིན་གསུམ་སྟེ་སྐད་གསུམ་སློབ་ཁྲིད་བྱེད་བཞིན་པ་དང་བོད་སྐད་ཡིག་གཙོ་བོར་བྱེད་ཀྱིན་པའི་བཅའ་སྡོད་ལམ་ལུགས་ཀྱི་ཆ་ཚང་མི་རིགས་སློབ་འབྲིང་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贵德县民族中学
བོད་ཡིག་གི་མིང་།
ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་།
བཙུགས་དུས།
སྤྱི་ལོ1976ལོ།
ངོ་བོ།
གཞུང་བཙུགས་སློབ་གྲྭ
ས་གནས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་།
རིགས།
བཅའ་སྡོད་ཆ་ཚང་ལམ་ལུགས་ཀྱི་མི་རིགས་སློབ་འབྲིང་།
1 ​ངོ་སྤྲོད་མདོར་བསྡུས།

ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1976ལོར་བཙུགས་པ་དང་། བོད་རྒྱ་དབྱིན་གསུམ་སྟེ་སྐད་གསུམ་སློབ་ཁྲིད་བྱེད་ཀྱིན་པ་དང་བོད་སྐད་ཡིག་གཙོ་བོར་བྱེད་ཀྱིན་པའི་བཅའ་སྡོད་ལམ་ལུགས་ཀྱི་ཆ་ཚང་མི་རིགས་སློབ་འབྲིང་ཞིག་རེད།  

2 སློབ་སྒྲུབ་གྲུབ་འབྲས།

སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ27330ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ9968ཟིན་ཡོད། ད་ལྟ་འཛིན་གྲྭ22ཡོད་པ་དང་། ད་ལྟའི་བར་དུ་དམའ་འབྲིང་སློབ་མ4182གསོ་སྐྱོང་བྱས་ཤིང་མཐོ་འབྲིང་དང་འབྲིང་རིམ་ལ་ཞུགས་པའི་སློབ་མ3183ཡོད། མཐོ་འབྲིང་མཐར་ཕྱིན་སློབ་མ1040ཡོད་པ་དང་ཞིང་ཆེན་ཕྱི་ནང་གི་སློབ་གླིང་ཁག་ཏུ་སློབ་མ819ཞུགས་པ་དང་། མཐར་ཕྱིན་སློབ་མ་དེ་དག་གི་ཁྲོད་དུ་རབ་འབྱམས་ཞིབ་འཇུག་གི་སྦྱངས་རབས་ཅན46དང་འབུམ་རམས་ཞིབ་འཇུག་གི་སྦྱངས་རབས་ཅན4ཡོད།  སློབ་གྲྭ་འདིས་ས་གནས་དེ་གའི་མི་རིགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་སྤྱོད་སྒོ་ཡོད་པའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དེ་ནི་ཁྲི་ཀའི་མི་རིགས་རྨང་གཞིའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་བསྡུས་གཟུགས་ཤིག་ཡིན་པ་དང་། མི་རིགས་ཤེས་ལྡན་པའི་རྨང་གཞི་འདིང་ས་དང་མི་རིགས་སློབ་གསོ་འཕེལ་རྒྱས་ལ་ལྟ་བའི་སྐར་ཁུང་ཞིག་ཏུ་གྱུར་ཡོད།

3 གཟི་བརྗིད་ཀྱི་མཚན་སྙན་གཙོ་གྲས།

སྤྱི་ལོ2000ལོར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་“ཤེས་དཔལ་གཉིས་ལྡན་གྱི་ཚོགས་པར”བདམས་པ་དང་། སྤྱི་ལོ2003ལོར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“ཤེས་དཔལ་སློབ་གྲྭར”བདམས་པ་དང་ལོ་དེའི་ཟླ10པར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“མི་རིགས་སློབ་གསོའི་ལས་དོན་སྔོན་ཐོན་ཚོགས་པར”བདམས། སྤྱི་ལོ2005ལོའི་ཟླ3པར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཕུལ་བྱུང་ཁྱིམ་བདག་སློབ་གྲྭར”བདམས།  ལོ་དེའི་ཟླ10པར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“མི་རིགས་མཐུན་སྒྲིལ་ཡར་ཐོན་ཚོགས་པར”བདམས།  སྤྱི་ལོ2006ལོའི་ཟླ2པར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“ཁུལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྔོན་ཐོན་ཚོགས་པར”བདམས།  ཟླ3པར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“ཤེས་དཔལ་གཉིས་ལྡན་གྱི་འཛུགས་སྐྲུན་སྔོན་ཐོན་ཚོགས་པར”བདམས། ཟླ5པར་གུང་གཞོན་སྡེ་ཚོགས་མཚོ་ཁུལ་ཨུ་ཡིས“ལྔ་བཞིའི་དར་དམར་སྡེ་ཚོགས་ཀྲི་པུའུ”དང་། གུང་གཞོན་སྡེ་ཚོགས་ཁྲི་ཀ་རྫོང་ཨུ་ཡིས“ལྔ་བཞིའི་དར་དམར་སྡེ་ཚོགས་ཨུ་ལྷན”དུ་བདམས། སྤྱི་ལོ2007ལོའི་ཟླ9པར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“སྤྱི་ལོ2007ལོའི་དཔེ་ཁྲིད་མི་སྐྱོང་གི་སྔོན་ཐོན་བྱ་དགའ”སྤྲད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-27

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།