བསླབ་ཚན་གསར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསླབ་ཚན་གསར་བ་ནི་གྲུབ་ཚུལ་གྱི་ཆ་ནས་མངོན་རྟགས་གསུམ་དང་ཆ་སྙོམ་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། གདམ་གསེས་རང་བཞིན་བཅས་ཡིན། མངོན་རྟགས་གསུམ་པོ་འདི་ནི་བསླབ་ཚན་གྲུབ་ཚུལ་སྙོམ་སྒྲིག་གི་རྩ་དོན་གསུམ་དང་ཁྱད་པར་འབྱེད་བྱེད་ཀྱི་ཆོས་གསུམ་དང་དོན་ལ་འཇུག་བྱེད་ཀྱི་ལྡེ་མིག་གསུམ་ཞེས་བརྗོད་བཞིན་ཡོད། དེ་ལས་ཆ་སྙོམ་རང་བཞིན་ཞེས་པ་ནི་སློབ་གྲྭའི་བསླབ་ཚན་མ་ལག་ཁྲོད་ཀྱི་བསླབ་ཚན་གྱི་རིགས་དབྱེ་དང་རིག་ཚན་བྱེ་བྲག་པ་དང་བསླབ་ཚན་གྱི་ནང་དོན་སོ་སོའི་བར་གྱི་བསྡུར་ཚད་ཕན་ཚུན་སྙོམས་པར་བཏང་ཡོད་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
དམིགས་ཡུལ།
སློབ་སྒྲུབ།
1 ཕྱོགས་བསྡུས་རང་བཞིན།

བསླབ་ཚན་སྒྲིག་གཞིའི་ཕྱོགས་བསྡུས་རང་བཞིན་ནི་གཙོ་བོ་རིག་ཚན་རང་ངོས་སུ(学科本体)དམིགས་དྲགས་པའི་སྐྱོན་དང་རིག་ཚན་རྣམ་གྲངས (科目)མང་ཆེ་བའི་སྐྱོན་དང་སྣེ་མང་ཧྲིལ་སྒྲིལ(整合)མ་ནུས་པའི་སྐྱོན་སོགས་ལ་ཁ་བལྟས་ཏེ་བཤད་པས་དེར་མངོན་རྟགས་ཆེན་པོ་གསུམ་ཙམ་སྣང་སྟེ།

2 སྣ་འདུས་རང་བཞིན།

རིག་ཚན་གྱི་སྣ་འདུས་རང་བཞིན་ལ་ཤུགས་བཏོན་པ་ཡིན། རིག་ཚན་སྣ་གཅིག་ལ་མཚོན་ནས་བཤད་ན་བྱིས་པའི་ཡིད་དཔྱོད་དང་འཚོ་བ་དངོས་བར་གྱི་འབྲེལ་བ་གཙོ་བོར་འཛིན་པ་དང་། རིག་ཚན་མི་འདྲ་བར་མཚོན་ནས་བཤད་ན། ཕན་ཚུན་གྱི་འབྲེལ་རྒྱུན་འཛིན་སྟངས་དང་ཆད་སྦྲེལ་གསབ་སྣོན་གྱི་ཕྱོགས་སུ་འབད་པ་ཡིན། བསླབ་ཚན་གསར་བའི་སྒྲིག་གཞི་འདིས་རིག་ཚན་གྱི་ཤེས་བྱ་དང་སྤྱི་ཚོགས་འཚོ་བ་དང་སློབ་མའི་མྱོང་ཤེས་གསུམ་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་རིག་པ་གཅིག་གྲོགས་གཅིག་གིས་འཁྱེར་ནུས་ཚུལ་ལ་ལེགས་པར་བསམ་ཡོད་པས་རིག་ཚན་རང་ངོས་སུ་འཇུག་ཆེ་བའི་སྐྱོན་སྤོང་ནུས་སོ༎

3 བསླབ་ཚན་བཀོད་སྒྲིག།

སྣ་འདུས་ཀྱི་བསླབ་ཚན་བཀོད་སྒྲིག་གི་ཁྱད་ཆོས་ཐོན་ཡོད་དེ། བསླབ་ཚན་གསར་བ་འདིས་རིག་ཚན་བྱེ་བྲག་པའི་བསླབ་ཚན་བཀོད་སྒྲིག་གི་ཆ་དང་ཀུན་ནས་འཚམ་པའི་སྣ་འདུས་བསླབ་ཚན་ཡང་བཀོད་ཡོད། སློབ་ཆུང་རིམ་པར་སྣ་འདུས་བསླབ་ཚན་གཙོ་བོར་བཟུང་བ་དང་སློབ་འབྲིང་རིམ་པར་རིག་ཚན་བྱེ་བྲག་པའི་བསླབ་ཚན་གཙོ་བོར་བཟུང་ཡོད།

4 ལག་ལེན་བྱེད་སྒོ།

ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་བསླབ་ཚན་བཀོད་སྒྲིག་གནང་ཡོད། གོང་དུ་གླེང་ཟིན་པ་ལྟར། བསླབ་ཚན་འདི་ནི་ཚད་ཆེས་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་བསླབ་ཚན་ཞིག་ཡིན་པ་མ་ཟད། བསླབ་ཚན་འདིའི་ངོ་བོའི་སྟེང་ནས་བལྟས་ན་འདི་ནི་རིག་པའི་སྡེ་ཚན་ཞིག་མ་ཡིན་པར་འཚོ་བའི་ལག་ལེན་གྱི་རིག་པ་ཞིག་ཡིན་པས་གཙོ་བོར་སློབ་མའི་མྱོང་ཤེས་དངོས་སམ་ཡང་ན་སློབ་མའི་རང་མྱོང་གི་འཚོ་བ་གང་རུང་དམ་དུ་སྦྲེལ་ཏེ་ཤེས་བྱ་ཕྱོགས་བསྡུས་སྒོས་ལག་ལེན་དུ་སྤྱོད་པའི་བསླབ་ཚན་འདིའི་མཇུག་ཡུལ་ནི་སློབ་མ་ལས་དགེ་རྒན་མ་ཡིན་ནོ༎


བརྡ་འགྲེལ་གདོང་འཛར།

བསླབ་ཚན་གསར་བ། རིག་ཚན་རྣམ་གྲངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-05

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།