ཡིད་འོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་གླིང་དེ་ནི་སྤོ་བོ་རྫོང་ཡིད་འོང་ཤང་དང་ཡིད་འོང་ཇ་རའི་ཁོངས་སུ་གནས་ཡོད། དེ་ནི་ཡིད་འོང་རི་གས་རྡིབ་ཁུལ་དང་ཡིད་འོང་རི་ཉུལ་ས་ཁུལ། ཡིད་འོང་གཙང་པོ་དང་ཕར་ལུང་གཙང་པོའི་གས་སྲུབས་ཀྱི་ས་རྒྱུད་ཁུལ་དང་། ཡིད་འོང་ཇ་ར་དང་ཡིད་འོང་ལྕགས་རི་ཡུལ་སྐོར་ཁུལ། འཁྱགས་རོམ་ས་གཤིས་ཀྱི་རྗེས་ཤུལ་ཁུལ། དེ་བཞིན་དེང་རབས་འཁྱགས་རོམ་གྱི་ཁུལ། ཟུར་སྐྱེས་ཀྱི་གས་རྡིབ་དང་རི་ཉིལ་བའི་ཁུལ་བཅས་ལས་གྲུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
易贡国家地质公园
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་ཡིད་འོང་ཤང་དང་ཡིད་འོང་ཇ་རའི་ཁོངས་སུ་གནས་ཡོད།
གས་རྡིབ་བྱུང་བའི་བོངས་ཚད།
སྨི་གྲུ་བཞི་མ་ཁྲི3000
གས་རྡིབ་བྱུང་བའི་རྦབ་ཆུ།
སྨི2580
རི་ཉིལ་བའི་ཤུལ་གྱི་རིང་ཚད།
སྨི་གྲུ་བཞི་མ་དུང་ཕྱུར3
1 ངོ་སྤྲོད། 

སྤྱི་གླིང་དེ་ནི་སྤོ་བོ་རྫོང་ཡིད་འོང་ཤང་དང་ཡིད་འོང་ཇ་རའི་ཁོངས་སུ་གནས་ཡོད། དེ་ནི་ཡིད་འོང་རི་གས་རྡིབ་ཁུལ་དང་ཡིད་འོང་རི་ཉུལ་ས་ཁུལ། ཡིད་འོང་གཙང་པོ་དང་ཕར་ལུང་གཙང་པོའི་གས་སྲུབས་ཀྱི་ས་རྒྱུད་ཁུལ་དང་། ཡིད་འོང་ཇ་ར་དང་ཡིད་འོང་ལྕགས་རི་ཡུལ་སྐོར་ཁུལ། འཁྱགས་རོམ་ས་གཤིས་ཀྱི་རྗེས་ཤུལ་ཁུལ། དེ་བཞིན་དེང་རབས་འཁྱགས་རོམ་གྱི་ཁུལ། ཟུར་སྐྱེས་ཀྱི་གས་རྡིབ་དང་རི་ཉིལ་བའི་ཁུལ་བཅས་ལས་གྲུབ་པ་ཞིག་ཡིན།

ཡར་ཀླུང་གཙང་པོའི་ཤར་ངོས་ཀྱི་ཡིད་འོང་ས་གཤིས་སྤྱི་གླིང་དེ་ནི་མཐོང་དཀོན་པའི་རི་ཉིལ་ཚད་མྱུར་བའི་གྲས་ཀྱི་ས་གཤིས་ལ་གནོད་སྐྱོན་ཕོག་པའི་རྗེས་ཤུལ་གཙོ་བོ་ཞིག་ཡིན་པ་མ་ཟད། རྒྱལ་ནང་གི་དེང་རབས་ཀྱི་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་ཆེ་ཤོས་དང་། གངས་རི་དང་འགག་མཚོ། འཁྱགས་རོམ་དང་མཚེའུ། གྲོང་རོང་། རྦབ་ཆུ། འདམ་རྡོའི་ཆུ་རུད། རི་ཉིལ་ཤུལ། རྦབ་རྡོ། རྡོ་ཉིལ་བ། ལུང་ཤུར། ལྕགས་རི་སོགས་ས་གཤིས་ཀྱི་ས་ངོས་ཆགས་ཚུལ་དང་མཛེས་ལྗོངས་སྣ་ཚོགས་མཉམ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་གཤིས་དངོས་མང་བཤམས་སྟོན་ཁང་ཞིག་ཡིན།

སྤྱི་གླིང་གི་ས་ཁུལ་དེ་ནི་རི་མཐོ་ལ་གྲོང་རོང་མང་ཞིང་གཏིང་རིང་བ་ཞིག་ཡིན་སྟབས། གནམ་གཤིས་འགྱུར་ལྡོག་མངོན་གསལ་དོད་ལ་ལོ་འཁོར་མོར་གངས་མི་ཞུ་བའི་བསྐལ་པའི་འཁྱགས་རོམ་དང་། རི་ཁུལ་གྱི་དྲོ་རྒྱུད། ཚ་བའི་དྲོད་རྒྱུད། ཚ་བའི་ས་ཁུལ་སོགས་གནམ་གཤིས་མི་འདྲ་བ་ཡོད། ཡིད་འོང་རིའི་གས་རྡིབ་ཀྱི་རྣམ་པར་གས་རྡིབ་དང་ཕུང་གསོག་སྟེ། རིགས་གཉིས་ཡོད་ཅིང་། གས་རྡིབ་བྱུང་བའི་བོངས་ཚད་ལ་སྨི་གྲུ་བཞི་མ་ཁྲི3000དང་། གས་རྡིབ་བྱུང་བའི་རྦབ་ཆུའི་གཟར་ཚད་ཆེ་ཤོས་ལ་སྨི2580དང་། རི་ཉིལ་བའི་ཤུལ་གྱི་རིང་ཚད་ལ་སྨི་གྲུ་བཞི་མ་དུང་ཕྱུར3ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-05

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།