ཁཱོ་ཁཱོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁཱོ་ཁཱོ།
《ཁཱོ་ཁཱོ》(Coco)ཞེས་པའི་འགུལ་རིས་གློག་བརྙན་འདི་ནི་ཕེག་སཱར་འགུལ་རིས་ལས་ཤག་གི་རབས19བའི་འགུལ་རིས་གློག་བརྙན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
寻梦环游记
སྐྲུན་མཁན།
རྡ་ར་ཨན་རྡི་སིན།
ཕྱི་ཡིག་གི་མིང་།
Coco
རིགས་དབྱེ།
འགུལ་རིས།  ཁྱིམ་ཚང་།  ཉེན་མཆོངས།
མིང་གཞན།
མོ་སི་ཁོའི་གཤིན་པོའི་ཞིང་ཁམས། (ཐའེ་ཝན་གྱི་འགྱུར)རོལ་ཚོགས།   (ཧོང་གོང་གི་འགྱུར)
གཙོ་འཁྲབ།
ཨན་རྡི་ནིས་གྷིན་ཟུ་ལེ་ཟུ་དང་བྷོན་ཇ་མན་བྷོར་ཝ་ཐྲི།   གེལ་གྷོར་ཁི་བྷི་རིན་ནཱ་དང་རེ་ནེར་ཝེ་ཐྲིར།
རིང་ཐུང་།
སྐར་མ105
ཕབ་སྐྲུན་དུས་ཚོད།
སྤྱི་ལོ2017ལོ།
བསྟན་དུས།
སྤྱི་ལོ2017ལོའི་ཟླ11པའི་ཚེས22ཉིན། (ཨ་རི)
ཕབ་སྐྲུན་ས་གནས།
ཨ་རི།
དབྱེ་རིམ།
PG
ཕབ་སྐྲུན་མ་རྩ།
ཨ་སྒོར་དུང་ཕྱུར2
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ལེབྷི་ཝར་ཌི་ཨོང་ཁི་རན་ཆི་དང་ཨན་ཌིར་མོ་ལེན་ནཱ།
ཚོན་མདོག
ཚོན་ཁྲ།
འཁྲབ་གཞུང་།
ལེབྷི་ཝར་ཌི་ཨོང་ཁི་རན་ཆི་དང་ཨན་ཌིར་མོ་ལེན་ནཱ།   མ་ཟོ་ཨན་རྡིར་ཤི།
imdbསྒྲིག་ཨང་།
tt2380307
གཟེངས་རྟགས་གཙ་བོ།
སྐབས90བའི་ཨོ་སི་ཁ་འགུལ་རིས་གློག་བརྙན་རྩེ་གྲ་ཡི་གསེར་གྱི་རྟགས་མའི་གཟེངས་རྟགས།སྐབས75བའི་ཅིན་ཆུག་རྟགས་མའི་འགུལ་རིས་གློག་བརྙན་རྩེ་གྲ་ཡི་གཟེངས་རྟགས།
1 ཟུར།

.jpg

2 ངོ་སྤྲོད།

《ཁཱོ་ཁཱོ》(Coco)ཞེས་པའི་འགུལ་རིས་གློག་བརྙན་འདི་ནི་ཕེག་སཱར་འགུལ་རིས་ལས་ཤག་གི་རབས19བའི་འགུལ་རིས་གློག་བརྙན་ཞིག་ཡིན་ལ།  ཝལ་ཐྲི་རྡེ་ཟི་ནིས་གློག་བརྙན་ལས་ཤག་དང་ཕེག་སཱར་འགུལ་རིས་ལས་ཤག་གཉིས་ཀྱིས་མཉམ་འབྲེལ་སྒོས་བཟོ་སྐྲུན་བྱས་པ་ཞིག་ཀྱང་ཡིན།   བརྩམས་ཆོས་འདི་ལ་ལེབྷི་ཝར་ཌི་ཨོང་ཁི་རན་ཆི་དང་ཨན་ཌིར་མོ་ལེན་ནཱ་གཉིས་ཀྱིས་འཁྲབ་ཁྲིད་བགྱིས་ཤིང་།  ཨན་རྡི་ནིས་གྷིན་ཟུ་ལེ་ཟུ་དང་བྷོན་ཇ་མན་བྷོར་ཝ་ཐྲི།   གེལ་གྷོར་ཁི་བྷི་རིན་ནཱ་དང་རེ་ནེར་ཝེ་ཐྲིར་བཅས་ཀྱིས་སྐད་བསྒྱུར་གནང་ཡོད།  

.jpg

3 བརྗོད་བྱ།

ལྷམ་འདེབས་ཀྱིས་འཚོ་ཞིང་བཞེས་པའི་ཁྱིམ་ཚང་ཞིག་ལ་སྐྱེས་པའི་ལོ12ཅན་གྱི་བུ་ཆུང་ཁཱོ་ཁཱོ་ནི་ཆུང་དུས་ནས་རོལ་དབྱངས་ལ་དགའ་ཞིང་དེར་ཕུགས་འདུན་ཟབ་མོ་འཆིང་ཡོད་མོད།  ཁོའི་ཁྱིམ་ཚང་ལ་མཚོན་ན་རོལ་མོ་ནི་འགོག་བྱ་ཞིག་ཡིན་པར་མ་ཟད།   རྨོ་མོ་ནས་བཟུང་ཁྱིམ་མི་གང་བོས་རོལ་མོ་ནི་ཁྱིམ་ཚང་ལ་ཆག་སྒོ་བསྐྱེད་བྱེད་ཅིག་ཏུ་བལྟས་ཡོད་སྟབས།  བུ་ཆུང་ཁཱོ་ཁཱོ་ཡི་རེ་འདུན་འགྲུབ་རྒྱུ་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀའ་བར་གྱུར།   ཁཱོ་ཁཱོ་མགོ་འཁོར་ནས་ས་གཞན་ཞིག་ལ་སླེབས་ཤིང་དེ་གར་རྒེ་ཐར་ཞིག་མཐོང་།  ཡིད་དུ་འོངས་པའི་རྒེ་ཐར་དེ་ལ་རེག་མ་ཐག་གཤིན་པོའི་ཞིང་ཁམས་ཤིག་ལ་ཐོན།  དེ་གར་གཤིན་པོ་རྣམས་ཀྱིས་ལོ་ལྟར་ཁྱིམ་མི་དག་གིས་དུར་མཆོད་གྱ་ནོམ་པ་རེ་བྱེད་པར་སྒུག་ཡོད།  དེ་དང་ཆབས་ཅིག་གཤིན་པོ་དེ་ཚོས་གསོན་ཐོག་ན་ཡོད་པའི་རང་གི་ཁྱིམ་མི་རྣམས་ཀྱང་མཐོང་ཐུབ་ཀྱི་ཡོད།  མི་སུ་གཅིག་ཀྱང་གཤིན་པོའི་ཞིང་ཁམས་ལ་སོང་མ་མྱོང་བས་ཁཱོ་ཁཱོ་ལ་གཤིན་པོའི་ཞིང་ཁམས་ནི་ཇི་ལྟ་བུ་ཞིག་ཡིན་ཚུལ་སུས་ཀྱང་སྨོས་མྱོང་མེད།   ཡིན་ནའང་ཁཱོ་ཁཱོ་ཡིས་གཤིན་པོའི་ཞིང་ཁམས་ནས་གསང་བ་མང་བོ་ཞིག་རྟོགས་ཤིང་རོལ་མོར་བཅིངས་པའི་སྤྲོ་སྣང་ཟད་མེད་ཅིག་རྙེད་པའི་བརྒྱུད་རིམ་སོགས་བརྗོད་ཡོད།

.jpeg

4 བསྟན་དོན།

མཛེས་ཤིང་ལྟ་ན་སྡུག་པའི་དགའ་ཕྱོགས་ཤིག་ཡོད་པ་ནི་མི་རེ་རེས་རང་ཉིད་ལ་དབང་བའི་ཞིང་ཁམས་རེ་རྙེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་ལ།  རོལ་དབྱངས་ལ་དགའ་བའི་ཨ་ཕ་ཞིག་གིས་ནམ་དུ་ཡང་རང་གི་ཁྱིམ་མི་བཏང་མེད་པར་མ་ཟད་རོལ་དབྱངས་སམ་རང་གི་དགའ་ཕྱོགས་བརྒྱུད་ནས་ཁྲེལ་གཞུང་དང་ཕྱི་ཐག  བརྩེ་དུང་བཅས་ཀྱི་བླ་ན་མཐོ་བའི་དོན་སྙིང་རྙེད་པ་རེད།  

.jpg

5 གཟེངས་རྟགས་བཞེས་ཚུལ།

སྐབས21པའི་ཧོ་ལའེ་ཝུའུ་འགུལ་རིས་གློག་བརྙན་རྩེ་གྲ་ཡི་གཟེངས་རྟགས།

སྐབས83པའི་ནིས་ཡོག་བརྙན་དཔྱད་ལྷན་ཚོགས་ཀྱི་འགུལ་རིས་གློག་བརྙན་རྩེ་གྲ་ཡི་གཟེངས་རྟགས།

སྤྱི་ལོ2017ལོར་པོ་སི་ཏོན་བརྙན་དཔྱད་ལྷན་ཚོགས་ཀྱི་འགུལ་རིས་གློག་བརྙན་རྩེ་གྲ་ཡི་གཟེངས་རྟགས།

སྐབས90བའི་ཨོ་སི་ཁ་འགུལ་རིས་གློག་བརྙན་རྩེ་གྲ་ཡི་གསེར་གྱི་རྟགས་མའི་གཟེངས་རྟགས།

སྐབས75བའི་ཅིན་ཆུག་རྟགས་མའི་འགུལ་རིས་གློག་བརྙན་རྩེ་གྲ་ཡི་གཟེངས་རྟགས།

6 གདེང་འཇོག

མཛེས་ཤིང་ཡིད་དུ་འོངས་པའི་བརྙན་རིས་དང་མི་སེམས་རབ་ཏུ་འགུལ་བའི་གཏམ་རྒྱུད།  ཁྱད་དུ་འཕགས་པའི་འཆར་སྒོ་སྣ་ཚོགས་སོགས་ཀྱིས་མི་རྣམས་ལ་ཡང་བསྐྱར་མིག་ཆུ་གསར་བ་ཞིག་འདོན་དུ་བཅུག་པའི་འགུལ་རིས་བརྩམས་ཆོས་ལེགས་པོ།   

.jpg

7 གཟིགས་གནས།

.jpg.jpgསོགས་ནས་གཟིགས་ཐུབ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-18

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།