ལིན་པིའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིན་པིའོ།
ལིན་པིའོ་ནིསྤྱི་ལོ1907ལོའི་ཟླ12པའི་ཚེས5ཉིན་སྐྱེས་ཤིང་སྤྱི་ལོ1971ལོའི་ཟླ9པའི་ཚེས13ཉིན་སྐུ་གཤེགས། སྤྱི་ལོ1955ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཡིན། ཐོག་མའི་མིང་ལ་ལིན་ཙུའོ་ཏ་ཟེར་ཞིང་། ཡུས་རུང་དང་ཡིའུ་ཡུང་། ལི་ཅིན་ཡང་ཟེར་མྱོང་བ་རེད། སྤྱི་ལོ1925ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཅིན་ཀང་རི་བོར་སྡོད་སྐབས་སྔ་རྗེས་སུ་སྒར་དཔོན་དང་། མདའ་དཔོན། ཅུན་དཔོན་བཅས་ཀྱི་འགན་ཁུར། འཇར་འགོག་དམག་འཁྲུག་གི་སྐབས་སུ་དམག་སྡེ་བརྒྱད་པའི་ཧྲི་ཤོག་བརྒྱ་དང་བཅོ་ལྔ་པའི་ཧྲི་དཔོན་གྱི་འགན་ཁུར་གནང་བ་དང་། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་བྱང་ཤར་བྱེས་འཐབ་དམག་སྡེའི་དམག་སྤྱི་སོགས་ཀྱི་འགན་ཁུར་ཞིང་། ལིའོ་ཧྲེན་གཡུལ་འགྱེད་དང་ཕིན་ཅིན་གཡུལ་འགྱེད་སོགས་གཡུལ་འགྱེད་གལ་ཆེན་ལ་བཀོད་འདོམས་བྱས། བཅིངས་འགྲོལ་བཏང་རྗེས་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར་བ་རེད། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། ཏང་ལ་ངོ་རྒོལ་བྱེད་པའི་ཚོགས་པ་བཙུགས་ཏེ། ངན་ཇུས་སྔོན་བཀོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་ཉེས་མེད་ཉེས་འགེལ་དང་གནོད་འཚེ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆ་ཧམ་འཕྲོག་བྱེད་པའི་ལྐོག་གཡོ་འཐེན་པ་རེད། སྤྱི་ལོ1971ལོའི་ཟླ9པའི་ཚེས13ཉིན། དངངས་སྐྲག་ངང་བྲོལ་བྱོལ་དུ་སོང་པའི་ལིན་པིའོ་སྡོད་པའི་གནམ་གྲུ་དེ་ཝེན་ཏུའུ་ཨར་ཧན་ཉེ་འགྲམ་དུ་ལྷུང་། བེམ་པོ་ཕྱིའི་རྒྱལ་ཁབ་ཀྱི་མི་མེད་ས་སྟོང་དུ་ལུས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
林彪
ལས་རིགས།
དམག་མི།
མིང་གཞན།
ཡུས་རུང་་། ཡིའུ་ཡུང་། ལི་ཅིན།
སློབ་ཐོན་སློབ་གྲྭ
ཧོང་ཕུའུ་དམག་དཔོན་སློབ་གྲྭ
མི་རིགས།
རྒྱ་རིགས།
1 ​མི་ཚེའི་ལོ་རྒྱུས།

སྤྱི་ལོ1907ལོའི་ཟླ12པའི་ཚེས5ཉིན་ཧུའུ་པེ་ཧོང་ཀང་ལིན་ཅ་ཏ་ཝན་དུ་སྐྱེས། ལོ9ཡི་ཐོག་སྒེར་བཙུགས་སློབ་གྲྭར་སློབ་སྦྱོང་བྱས་པ་དང་ལོ13ནས་བཟུང་ལིན་ཡུས་ནན་དང་ཡུན་ཏའེ་དབྱིང་སོགས་ཀྱིས་ཧོང་ཀང་པ་ཏའོ་དབན་དུ་བཙུགས་པའི་ཅུན་ཤིན་སློབ་གྲྭར་སློབ་སྦྱོང་བྱས། ལོ15ཡི་ཐོག་ཝུའུ་ཁྲང་ནས་སློབ་འབྲིང་དུ་ཞུགས། སྤྱི་ལོ1923ལོར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པར་ཞུགས། དེ་སྔོན་གུང་གཞོན་སྡེ་ཚོགས་ཝུའུ་ཁྲང་ས་ཨུས་སློབ་འབྲིང་ཐོན་ཀྲི་པུའི་ཧྲུའུ་ཅིར་གཏན་འཁེལ་བྱས། སྤྱི་ལོ1925ལོར“ལྔ་པའི་ཚེས་སུམ་ཅུའི”བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཁྲོད་ཞུགས། ཧུར་ཐག་གིས་སློབ་མའི་ལས་འགུལ་དུ་ཞུགས་ཏེ། “མཉམ་སྐྱོད་དཔེ་དེབ་ཁང”བཙུགས་པ་དང་། སློབ་གྲོགས་རྩ་འཛུགས་བྱས་ནས་ཡར་ཐོན་དཔེ་དེབ་བཀླགས་པར་མ་ཟད། ཁྲེན་ཐན་ཆིའུ་སོགས་ཀྱི་མཛུབ་སྟོན་འོག“མཉམ་སྐྱོད་ཟླ་དེབ”སྤེལ། རྗེས་སུ་ཧུའུ་པེ་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧྲང་ཧའེ་ནས་བསྡུས་པའི་རྒྱལ་ཡོངས་སློབ་མའི་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པར་ཞུགས་པའི་འཐུས་མིར་བདམས། ལོ་དེའི་སྟོན་ཁའི་དུས་སུ་གུང་ཅིན་སློབ་འབྲིང་ནས་སློབ་ཐོན་བྱུང་རྗེས་ལིན་ཅ་ཏ་ཝན་དུ་ལོག ཕ་མ་གཉིས་པོས་ཁྱིམ་ཚང་གི་འཚོ་བར་ལྟ་སྐྱོང་བྱེད་བདེ་བའི་ཆེད་དུ་ཐག་ཉེ་ནས་དགེ་རྒན་གྱི་ལས་རིགས་ཤིག་གཉེར་དགོས་པའི་རེ་བ་བཏོན། འོན་ཀྱང་ཁོང་གིས་ཕ་མར་བློ་འགུག་བྱས་ཏེ་དགེ་རྒན་དོར་ནས་དམག་དཔུང་ལ་ཞུགས་རྒྱུའི་སེམས་ཐག་བཅད་པ་རེད། དེའི་རྗེས་སུ་ས་དེ་གའི་ཀྲུང་གུང་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་དེ་ཀོང་ཀྲོའུ་རུ་བསྐྱོད་པ་དང་། ཧོང་ཕུའུ་དམག་དཔོན་སློབ་གྲྭའི་སྐབས་བཞི་བར་རྒྱུགས་འཕྲོད། དུས་མཚུངས་སུ་མིང་ལ་ལིན་པིའོ་ཞེས་བསྒྱུར།

1_1 གསར་བརྗེར་ཞུགས་པ།

ཧོང་ཕུའུ་དམག་དཔོན་སློབ་གྲྭ་ནས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་བརྒྱ་དཔོན་གསུམ་པའི་ཀྲུང་གུང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར། སྤྱི་ལོ1926ལོའི་ཟླ10པར་སློབ་མཐར་ཕྱིན་རྗེས། ཀོང་ཀྲོའུ་ནས་ཝུའུ་ཧན་དུ་སོང་བ་དང་། རྒྱལ་དམངས་གསར་བརྗེའི་དམག་གི་འབུམ་དཔུང4པར་མངགས་ནས་ཡེ་ཐེན་རང་ཚུགས་ཐོན་དུ་ལྟ་སྦྱོང་ལྡིང་དཔོན་བྱས་ཤིང་། བྱང་འདུལ་དམག་འཁྲུག་ལ་ཞུགས། སྤྱི་ལོ1926ལོའི་ཟླ11པར། རྒྱལ་དམངས་གསར་བརྗེ་དམག་གི་འབུམ་དཔུང་བཞི་བའི་ཐོན་ཉེར་ལྔ་པར་ལྟ་སྦྱོང་ལྡིང་དཔོན་དང་ལྡིང་དཔོན་བྱས། དེ་སྔ་དམག་དཔུང་དང་མཉམ་དུ་བྱང་འདུལ་དམག་འཁྲུག་ཁྲོད་ཀྱི་སུན་ཁྲོན་ཧྥང་ལ་དྲག་འདུལ་དང་ཧོ་ནན་ལ་དཔུང་འཇུག་བྱེད་པའི་འཐབ་འཛིང་དུ་ཞུགས།

སྤྱི་ལོ1927ལོའི་ཟླ4པར་ཧྲི25པའི་སྒར་ཤོག73པ་དང་མཉམ་དུ་ཝུའུ་ཧན་རྒྱལ་དམངས་སྲིད་གཞུང་གི་ཐེངས་གཉིས་པའི་བྱང་འདུལ་དང་ཧྲང་ཚེའེ། ལིན་ཡིས་སོགས་ཀྱི་དམག་འཐབ་ལ་ཞུགས། ཟླ7པར་དམག་དཔུང་དང་མཉམ་དུ་ཅིའུ་ཅང་ལ་སྤོས། ཟླ8པའི་ཚེས2ལ་ཉེ་རུང་ཀྲེན་དང་ཀྲོའུ་ཧྲི་ཏིས་ཐད་ཀར་འགོ་ཁྲིད་པའི་ནན་ཁྲང་འོས་ལངས་ལ་ཞུགས། འོས་ལངས་ཀྱི་རྗེས་སུ་འདའ་ཤོག73པའི་སྒར་ཤོག3པའི་བརྒྱ་ཤོག7པའི་བརྒྱ་ཤོག་གི་འགན་འཁུར། ལོ་དེའི་ཟླ10པར་འོས་ལངས་དམག་ཀོང་ཏུང་ཁྲའོ་ཁུལ་དང་ཧྲན་ཐོའུ་ས་ཁུལ་དུ་ཕམ་རྗེས། ཀྲུའུ་ཏེ་དང་ཁྲེན་དབྱི་གཉིས་དང་མཉམ་དུ་ཧྥུ་ཅན་དང་། ཀོང་ཏུང་། ཅང་ཞི། ཞང་པེན་བཅས་ཀྱི་ས་ཁུལ་དུ་དམག་འཐབ་བྱས།

སྤྱི་ལོ1927ལོའི་ཟླ7པའི་ཚེས15ཉིན། ཅང་ཅེ་ཧྲིས“བཞི་བའི་བཅུ་གཉིས”ཀྱི་སྲིད་འགྱུར་བསླངས་རྗེས། ཝང་ཅིན་ཝེ་ཡིས་ཝུའུ་ཧན་དུ“བདུན་ལྔའི”སྲིད་འགྱུར་བསླངས། དེའི་རྗེས་སུ། ཏང་ཀྲུང་དབྱང་གིས་ཀྲོའུ་ཨེན་ལའེ་ལ་གཡུལ་སའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ་ནན་ཁྲང་འོས་ལངས་ལ་བཀོད་འདོམས་བྱེད་པའི་དབང་ཆ་སྤྲད་པ་རེད། ལིན་པིའོ་གནས་སའི་ཧྲི་ཤོག་ཉི་ཤུ་རྩ་ལྔ་པ་མ་ཧུའེ་ལིན་དུ་བཅའ་སྡོད་བྱས་ཡོད་ཅིང་། དེ་ནི་ནན་ཁྲང་འོས་ལངས་སུ་ཞུགས་རྩིས་ཡོད་པའི་གཙོ་ཤུགས་གྲས་ཤིག་རེད། སྤྱི་ལོ1927ལོའི་ཟླ8པའི་ཚེས1ཉིན་གྱི་ཞོགས་པར། ཀྲོའུ་ཨེན་ལའེ་དང་ཧོ་ལུང་། ཡེ་ཐིང་། ཀྲུའུ་ཏེ། ལིའུ་པོ་ཁྲེང་སོགས་ཀྱིས་འོས་ལངས་དམག་ཁྲི2ལྷག་ཁྲིད་དེ་ནན་ཁྲང་འོས་ལངས་བྱས། ཚེས1གི་ཕྱི་དྲོར། ཧྲི་ཉེར་ལྔ་བའི་དཔོན་དམག་མང་ཆེ་བ་མ་ཧུའེ་ལིན་ནས་མེ་འཁོར་ལ་བསྡད་དེ་ནན་ཁྲང་དུ་དཔུང་སྐྱོད་བྱས་པར་མ་ཟད། ནན་ཁྲང་ནས་ཡང་བསྐྱར་ལེགས་སྒྲིག་བྱས་ཏེ། ཀྲོའུ་ཧྲི་ཏིས་ཧྲི་ཀྲང་གི་འགན་ཁུར། ལིན་པིའོ་ཡིས་སྔར་བཞིན་བརྒྱ་ཤོག་བདུན་པའི་བརྒྱ་དཔོན་གྱི་འགན་འཁུར། ནན་ཁྲང་འོས་ལངས་ཀྱི་དམག་དཔུང་ལྷོ་ཕྱོགས་སུ་སྐྱོད་པའི་ལམ་དུ་ཕམ་ཁ་བྱུང་ཞིང་། དམག་དཔུང་ཕལ་ཆེར་གཏོར་བ་རེད། དེའི་རྗེས་སུ། ལིན་པིའོ་ཧུའུ་ནན་ལྷོ་ཁུལ་གྱི་དྲག་པོའི་འོས་ལངས་ལ་ཞུགས་པར་མ་ཟད། དྲག་པོའི་འོས་ལངས་ཀྱི་དཔུང་སྡེའི་ཁྲོད་དུ་ཅིན་ཀང་རི་བོ་ཞུགས་ཏེ། ཀྲུང་དབྱང་སུའུ་ཁུལ་གྱི་གསར་གཏོད་པའི་གྲས་སུ་གྱུར།

སྤྱི་ལོ1928ལོའི་ཟླ1པོར། ཧུའུ་ནན་ལྷོ་ཁུལ་གྱི་འོས་ལངས་ལ་ཞུགས་ནས། ཀྲུང་གོའི་བཟོ་ཞིང་གསར་བརྗེ་དམག་གི་ཧྲི1པའི་སྒར་ཤོག1པའི་བརྒྱ་ཤོག2པའི་བརྒྱ་དཔོན་གྱི་འགན་བཞེས། ལོ་དེའི་ཟླ4པར་ཧུའུ་ནན་ལྷོ་ཁུལ་གྱི་འོས་ལངས་དམག་དང་འགྲོགས་ནས་ཅིན་ཀང་རི་བོར་སླེབས་པ་དང་། སྔ་གཞུག་ཏུ་ཀྲུང་གོ་བཟོ་ཞིང་དམར་དམག་ཅུན་བཞི་བའི་རུ་ཤོག28པའི་རུ་དཔོན་དང་མདའ་དཔོན་གྱི་འགན་ཁུར། ཅིང་ཀང་ཧྲན་གསར་བརྗེ་གནས་གཞིའི་ས་ཁུལ་གྱི“ཚུར་བཅོམ”ལ་ངོ་རྒོལ་དང“འདུས་བཅོམ”ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུ་ཞུགས།

སྤྱི་ལོ1928ལོའི་ཟླ4པའི་ཚེས28ཉིན། ནན་ཁྲང་འོས་ལངས་ཀྱིས་སོར་འཇོག་བྱས་པའི་དམག་དཔུང་དང་ཧུའུ་ནན་ས་གནས་ཀྱི་དྲག་དཔུང་སྐོར་ཞིག་ཉིང་ཀང་རྫོང་གི་ལུང་ཧྲི་ནས་མའོ་ཙེ་ཏུང་གིས་ཐད་ཀར་འགོ་ཁྲིད་གནང་བའི་བཟོ་ཞིང་གསར་བརྗེ་དམག་དང་རྒྱལ་ཁའི་ངང་དཔུང་འཛོམས་བྱས། སྤྱི་ལོ1928ལོའི་ཟླ5པའི་ཚེས4ལ། དམག་དཔུང་གཉིས་དཔུང་འཛོམས་ཚོགས་ཆེན་དང་དམར་དམག་ཅུན་བཞི་བའི་ཚུགས་པའི་ཚོགས་ཆེན་དེ་ལུང་ཧྲི་ནས་ཚོགས། ཚོགས་ཐོག་ཏུ་བཟོ་ཞིང་གསར་བརྗེ་དམག་གི་འབུམ་དཔུང་བཞི་བ་ཚུགས་པ་ཁྱབ་བསྒྲགས་བྱས། ཀྲུའུ་ཏེ་ཡིས་ཅུན་དཔོན་གྱི་འགན་ཁུར་ཞིང་།མ འོ་ཙེ་ཏུང་གིས་ཏང་གི་སྐུ་ཚབ་དང་། ཝང་ཨེར་ཀྲུའོ་ཡིས་ཇུས་འདོན་པའི་འགན་ཁུར་ཞིང་། མངའ་འོག་ཏུ་ཧྲི་བཅུ་པ་དང་། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཡོད། ལོ21ལ་སོན་པའི་ལིན་པིའོ་ཡིས་ཧྲི་བཅུ་བའི་མདའ་ཤོག་ཉེར་བརྒྱད་པའི་སྒར་ཤོག་དང་པོའི་སྒར་དཔོན་གྱི་འགན་ཁུར། ཧོ་ཁྲང་ཀུང་སྒར་དེའི་ཏང་གི་འཐུས་ཚབ་ཀྱི་འགན་ཁུར། ཅིན་ཀང་རི་བོའི་དམག་དཔུང་མཉམ་འཛོམས་བྱུང་རྗེས། གསར་བརྗེའི་དྲག་པོའི་སྟོབས་ཤུགས་སྔར་ལས་ཇེ་ཆེར་གྱུར། རྗེས་སུ་ཅང་ཅེ་ཧྲིས་ཧུའུ་ནན་དང་ཅང་ཞི་ཞིང་ཆེན་གཉིས་ཀྱི་དམག་དཔུང་བསྡུས་ནས་ཅིན་ཀང་རི་བོ“ཚུར་བཅོམ་”ཐེངས་མང་བྱས་ཤིང་། ཉུང་དུས་མདའ་ཤོག་བརྒྱད་དགུ་ཙམ་དང་མང་དུས་མདའ་ཤོག18ཡོད། ཅིན་ཀང་རི་བོ་ནས“སྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། ལིན་པིའོ་ཡིས་བཟོ་ཞིང་དམར་དམག་གི་འབུམ་དཔུང་བཞི་བའི་སྒར་དཔོན་དང་མདའ་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་བ་དང་། དམག་འཐབ་ལ་བཀོད་འདོམས་བྱེད་པའི་ཐབས་ལ་མཁས་ཤིང་། ལྷག་པར་དུ་མའོ་ཙེ་ཏུང་གིས་དངོས་སུ་བཀོད་འདོམས་བྱེད་པའི་ཡུང་ཞིན་དང་ལུང་ཡོན་ཁོའུ་ལ་འཐབ་ཐེངས་གསུམ་བྱས་པའི་ཁྲོད་དུ། ལིན་པིའོ་སྤྱང་གྲུང་ལྡན་ཞིང་གང་ལ་གང་འཚམ་གྱི་འཐབ་རྩལ་གྱི་སྤྱོད་ཚུལ་ལ་མའོ་ཙེ་ཏུང་གི་མཐོང་ཆེན་ཐོབ་ཅིང་། མགྱོགས་མྱུར་ངང་ཡར་ཐོན་བྱུང་།

སྤྱི་ལོ1929ལོའི་ཟླ1པོར་ཀྲུའུ་ཏེ་དང་མའོ་ཙེ་ཏུང་གཉིས་མཉམ་དུ་ཅང་ཞིའི་ལྷོ་རྒྱུད་དང་ཧྥུ་ཅན་གྱི་ནུབ་རྒྱུད་ལ་དཔུང་སྐྱོད་བྱས། ཟླ3པར་དམར་དམག་ཅུན་ཤོག་བཞི་པའི་ཙུང་ཏུའེ་རུ་ཁག་དང་པོའི་ཙུང་ཏུའེ་ཀྲང(དམག་སྤྱི་ཡང་ཟེར)གི་འགན་འཁུར། མའོ་ཙེ་ཏུང་གིས་མུ་མཐུད་དུ་དམར་དམག་ཅུན4པའི་གཡུལ་སའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བྱེད་པར་རྒྱབ་སྐྱོར་བྱས། ལོ་མཇུག་ཏུ་མའོ་ཙེ་ཏུང་གི་ལོ་གསར་གྱི་རྟེན་འབྲེལ་ཞུ་ཡིག་ནང་ལོ་གཅིག་ལ་ཅང་ཞི་ལེན་པའི་འཆར་གཞི་ལ་ཡིད་མཐུན་མི་བྱུང་ཅེས་དྲང་མོར་བཤད་ཅིང་། མའོ་ཙེ་ཏུང་གིས་རྗེས་སུ《མེ་སྟག་གིས་སྤང་ལྗོངས་སྲེག་ཐུབ》ཅེས་པ་བརྗོད་གཞིར་བྱས་པའི་ཡིག་ལན་གྲགས་ཅན་བྲིས།   

1_2 སྐད་གྲགས་རིམ་བཞིན་ཇེ་ཆེར་སོང་པ།

དམག་དཔུང་གི་སྣེ་ཁྲིད་དེ་ཝུན་ཅ་གྲོང་ཁྱེར་དང་། ཁྲང་ཧྲ། ཅི་ཨན། ཀན་ཀྲོའུ། ཀྲང་ཀྲོའུ། ནན་ཞུང་ཧྲུའེ། ལེ་ཨན་དབྱི་ཧོང་། ཅིན་ཞི་ཙི་ཞི་སོགས་གཡུལ་འགྱེད་གལ་ཆེན་དང་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱིས“སྐོར་བཅོམ”ལ་ངོ་རྒོལ་བྱེད་པར་བཀོད་འདོམས་ཐེངས་མང་བྱས། ཁོང་གིས་ད་དུང་ཀྲུང་གུང་དམར་དམག་ངོས་ཕྱོགས་དཔུང་ཚོགས་དང་པོའི་སྤྱི་ཁྱབ་ཨུ་ཡོན་དང་། ཀྲུང་གུང་སུའུ་ཝེ་ཨེད་ས་ཁུལ་གྱི་ཨུ་ཡོན་དང་། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དང་པོ་དང་གཉིས་པའི་ཀྲུང་དབྱང་ལས་འཛིན་ཨུ་ཡོན་དང་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1930ལོའི་ཟླ6པར་དམར་དམག་ཅུན་ཐོན་དང་པོའི་ཅུན་ཤོག་བཞི་བའི་ཅུན་དཔོན་གྱི་འགན་བཞེས། སྐབས་དེར་དགུང་ལོ23ཡིན།

སྤྱི་ལོ1932ལོའི་ཟླ3པར་དམར་དམག་ཅུན་ཤོག་དང་པོའི་སྤྱི་ཁྱབ་བཀོད་འདོམས་པའི་འགན་བཞེས། དམག་དཔུང་གི་སྣེ་ཁྲིད་དེ་ཝུན་ཅ་གྲོང་ཁྱེར་དང་། ཁྲང་ཧྲ། ཅི་ཨན། ཀན་ཀྲོའུ། ཀྲང་ཀྲོའུ། ནན་ཞུང་ཧྲུའེ། ལེ་ཨན་དབྱི་ཧོང་། ཅིན་ཞི་ཙི་ཞི་སོགས་གཡུལ་འགྱེད་གལ་ཆེན་དང་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱིས“སྐོར་བཅོམ”ལ་ངོ་རྒོལ་བྱེད་པར་བཀོད་འདོམས་ཐེངས་མང་བྱས་པས། དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གྱི་དམག་རྒྱག་མཁས་པའི་མཐོ་རིམ་བཀོད་འདོམས་པ་ཞིག་ཏུ་གྱུར། སྐབས་དེར། ཁོང་ད་དུང་ཀྲུང་གུང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་དང་པོའི་སྤྱི་ཁྱབ་གཡུལ་སའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གུང་སུའུ་ཁུལ་ཀྲུང་དབྱང་ཅུས་ཀྱི་ཨུ་ཡོན། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་དང་པོ་དང་གཉིས་པའི་ཀྲུང་དབྱང་ལག་བསྟར་ཨུ་ཡོན། ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ལ་བདམས།

སྤྱི་ལོ1934ལོའི་ཟླ10པར་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་བྱེད་འགོ་བརྩམས་རྗེས། ཉེ་རུང་ཀྲེན་གྱི་བཀོད་འདོམས་སུའོ་ཡི་དམག་དཔུང་དང་མཉམ་དུ་གོ་མིན་ཏང་དམག་དཔུང་གི་བཀག་སྡོམ་ས་མཚམས་བཞི་ལས་བརྒལ་ཏེ་ཝུའུ་ཅང་ལ་དམག་རྒྱག་པར་ཞུགས།

སྤྱི་ལོ1935ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་ཀུའེ་ཀྲོའུ་ཙུན་དབྱི་ནས་བསྡུས་པའི་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་སུ་ཞུགས། “གཡོན”ལྷུང་ལམ་ཕྱོགས་ཡོ་བསྲང་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བསྐྱར་སྒྲིག་བྱས་ཏེ། མའོ་ཙེ་ཏུང་གིས་དམག་དོན་བཀོད་འདོམས་ཀྱི་འགན་ཁུར་བ་རེད། ཚོགས་འདུའི་རྗེས་སུ་དམར་དམག་དཔུང་ཚོགས་དང་པོས་ཁྲི་ཧྲུའེ་གཙང་པོ་ཐེངས་བཞི་བརྒལ་བ་དང་། འབྲི་ཆུར་བརྒལ་བ། རྒྱལ་མོ་རྔུལ་ཆུར་བརྒལ་བ། ལུའུ་ཏིང་ཟམ་པ་བཟུང་བ་སོགས་ཀྱི་དམག་འཐབ་ལ་བཀོད་འདོམས་བྱས། ཙུན་དབྱི་གྲོས་ཚོགས་ཀྱི་རྗེས་སུ་དམར་དམག་གི་ཐོག་མའི་དམག་འཁྲུག་ལ་ཕམ་ཁ་བྱུང་ཞིང་། དེའི་སྟེང་དུ་ལས་བྱེད་པ་མང་པོ་ཞིག་གིས་དམར་དམག་གི་སྐོར་བ་རྒྱག་པར་གོ་བ་ལེན་མ་ཐུབ་པས། ལིན་པིའོ་ཡིས་ཀྲུང་དབྱང་ལ་འཕྲིན་ཡིག་བྲིས་ཏེ།“མའོ་ཀྲུའུ་ཞི། ཀྲོའུ་ཏི། ཀྲོའུ་ཨེན་ལའེ་ཡི་དམག་དཔུང་དང་མཉམ་དུ་ཇུས་གཞི་ཆེན་པོ་འགོ་འཛིན་བྱེད་པ་དང་། ཕེང་ཏེ་ཧོའེ་ཡིས་གཡུལ་སའི་བཀོད་འདོམས་བྱས་ཏེ། མྱུར་དུ་དཔུང་ཕྱོགས་སྒར་ཆེན་བཞི་བ་དང་འདུ་འཛོམས་ཞུ་དགོས་པའི་གྲོས་འགོ་བཏོན་པས”མའོ་ཙེ་ཏུང་གིས་ཁ་རྡུང་དྲག་པོ་བཏང་། ལོ་དེའི་ཟླ9བར། དམར་དམག་གི་དཔུང་ཕྱོགས་སྒར་ཆེན་དང་པོ་དེ་ཧྲའན་ཀན་ཡན་ལག་རུ་ཁག་ཏུ་བསྒྱུར་ཞིང་། ཡན་ལག་རུ་ཁག་གི་དམག་སྤྱི་གཞོན་པ་དང་ཙུང་ཏུའེ་རུ་ཁག་དང་པོའི་དམག་སྤྱིའི་འགན་གཅིག་ལྕོགས་ཏུ་བཞེས། ཧྲའན་ཞི་དང་ཀན་སུའུ་ཡན་ལག་རུ་ཁག་གིས་དཔུང་ཕྱོགས་སྒར་ཆེན་དང་པོའི་ཨང་རྟགས་སླར་གསོ་བྱས་པ་དང་། དེའི་རྗེས་སུ་དམག་དཔུང་ཁྲིད་དེ་ཀྲི་ལུའོ་གྲོང་རྡལ་གྱི་གཡུལ་འགྱེད་དང་ཤར་འདུལ་གཡུལ་འགྱེད་ལ་ཞུགས། ལིན་པིའོ་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་འཐབ་རྩོད་བྱེད་སྐབས་ལྡིང་དཔོན་ནས་དམག་མིའི་མདའ་དཔོན་དུ་རིམ་སྤོར་བྱས་པར་མ་ཟད། དེར་བརྟེན་ནས་ཁོང་གི་སྐུ་ཚེ་གང་པོའི་འགོ་ཁྲིད་ཀྱི་གོ་གནས་གལ་ཆེན་ཞིག་ཀྱང་བཏིང་ཡོད་པ་རེད།

སྤྱི་ལོ1936ལོའི་ཟླ6པར་ཀྲུང་གོའི་འཇར་འགོག་དམར་དམག་སློབ་ཆེན(བསྡུས་མིང་ལ“དམར་དམག་སློབ་ཆེན”ཟེར)གྱི་སློབ་གཙོའི་འགན་བཞེས།

སྤྱི་ལོ1937ལོའི་ཟླ1པོར། “དམར་དམག་སློབ་ཆེན”དེ་པའོ་ཨན་ནས་ཡན་ཨན་དུ་སྤོས་པར་མ་ཟད། ཀྲུང་གོ་མི་དམངས་འཇར་འགོག་དམག་དོན་ཆབ་སྲིད་སློབ་ཆེན་ཞེས་པར་བསྒྱུར་རྗེས། མུ་མཐུད་དུ་སློབ་གཙོ་དང་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས། འཇར་འགོག་དམག་འཁྲུག་ལངས་རྗེས། ཀྲུང་གོའི་བཟོ་ཞིང་དམར་དམག་དེ་རྒྱལ་དམངས་གསར་བརྗེའི་དམག་གི་དམག་སྡེ་བརྒྱད་པ་རུ་བཅོས་སྒྲིག་བྱས་པ་དང་།དེ འི་མངའ་འོག་ཏུ་ཧྲི་ཤོག་གསུམ་ཡོད། ལིན་པིའོ་དམག་སྡེ་བརྒྱད་པའི་ཧྲི་ཤོག115པའི་ཧྲི་དཔོན་དང་ཧྲི་ཤོག་དེའི་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བསྐོས་ཤིང་། དེ་ནི་ཧྲི་དཔོན་གསུམ་པོའི་ནང་ནས་ལོ་ན་ཆུང་ཤོས་ཡིན་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་མདུན་ཕྱོགས་ཡན་ལག་མཐུན་ཚོགས་ཀྱི་ཨུ་ཡོན་གྱི་འགན་ཡང་འཁུར་ཡོད། དམར་དམག་དམག་སྡེ་བརྒྱད་པར་བཅོས་སྒྲིག་བྱས་རྗེས། ཧྲི་ཚན་པར་བྱས་ཏེ་གོ་བགོས་ནས་སོ་སོར་རའཇར་འགོག་གཡུལ་སར་བསྐྱོད་ཅིང་། ལིན་པིའོ་ཡིས་དམག་དཔུང་ཁྲིད་དེ་ཧྭ་བྱང་གི་རི་འགོག་གཡུལ་སར་དཔུང་འཇུག་བྱས།

འཇར་འགོག་དམག་འཁྲུག་བྱུང་རྗེས། དམག་སྡེ་བརྒྱད་པའི་ཧྲི115པའི་ཧྲི་ཀྲང་དང་ཧྲི་དེའི་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བསྐོས་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་དང་དམག་ཨུའི་མདུན་ཕྱོགས་ཡན་ལག་ཚོགས་པའི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ1937ལོའི་ཟླ9པའི་ཚེས25ཉིན། ཉེ་རུང་ཀྲེན་བཀོད་འདོམས་སུའོ་ཡིས་ཕིང་ཞིན་འགག་སྒོ་བཙུགས། འཇར་དམག་གི་ཧྲི་ཐོན5པའི་སྒར་ཤོག21པའི་མདའ་ཤོག་གཅིག་གི་མི1000ལྷག་ཚར་གཅོད་བྱས། རླངས་འཁོར100ལྷག་དང་ཤིང་རྟ200ལྷག མེ་མདའ་སྣ་ཚོགས1000ལྷག་དང་། དམག་རྟ50ལྷག དེ་མིན་དམག་སྤྱོད་དངོས་རྫས་གཞན་དག་འབོར་ཆེན་གཞུང་བཞེས་བྱས་པས། ཧྭ་པེ་གཡུལ་སའི་ཐོག་ཀྲུང་གོའི་དམག་དཔུང་གིས་རང་འགུལ་ངང་ཕར་རྒོལ་འཐབ་འཛིང་གི་རྒྱལ་ཁ་ཐེངས་དང་པོ་བླངས་ཏེ། “འཇར་དམག་ཕམ་པར་བྱེད་མི་ཐུབ་པའི”ལྷ་སྒྲུང་གཏོར་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དམག་སྡེ་བརྒྱད་པའི་སྙན་གྲགས་ཇེ་མཐོར་བཏང་བ་དང་མཉམ་དུ། ཁོ་ནི་སྐད་གྲགས་ཆེ་བའི་འཇར་འགོག་དམག་དཔོན་གྲགས་ཅན་དུ་གྱུར། ཟླ10པའི་ཚེས17ཉིན་ལ། ཁོས《ཕིན་ཞིན་ཀོན་གྱི་དམག་འཐབ་ཉམས་མྱོང》ཞེས་པ་ཁ་བྱང་དུ་བྱས་ཏེ《བཅིངས་འགྲོལ》ཞེས་པའི་གཟའ་འཁོར་དུས་དེབ་སྟེང་རྩོམ་ཡིག་སྤེལ་ཏེ། འཇར་དམག་དང་དམག་འཐབ་བྱས་པའི་ཉམས་མྱོང་དོན་ཚན12ཕྱོགས་སྡོམ་བྱས། ཕིན་ཞིན་ཀོན་དུ་དམག་འཐབ་བྱས་རྗེས། ལུའི་ཤོག343པ་ཁྲིད་དེ་ཝུའུ་ཐའེ་ས་ཁུལ་ནས་ལྷོ་ཕྱོགས་སུ་བསྐྱོད།  ཕིན་ཞིན་ཀོན་གྱི་འཐབ་འཛིང་གི་དོན་སྙིང་གལ་ཆེ་ཞིང་གཏིང་ཟབ་པའི་དབང་གིས་དམག་འཐབ་འདི་རྒྱལ་ཡོངས་ཀྱི་གསར་འགྱུར་གལ་ཆེན་ཞིག་ཏུ་གྱུར་ནས་ཚགས་པར་དང་དུས་དེབ་ཁག་གི་ཐོག་ཏུ་བཀོད་ཡོད། ལིན་པིའོ་དམག་འཐབ་བྱེད་མཁན་གྱི་བཀོད་འདོམས་པ་ཡིན་པའི་ཐོག་ནས་ཏང་ནང་དུ་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་ཡོད་ལ། རྒྱལ་ཡོངས་སུའང་སྐད་གྲགས་ཆེ་བའི་མི་སྣར་གྱུར་ཡོད།  

སྤྱི་ལོ1942ལོའི་ཟླ2པར་ཞིན་ཅང་ནས་ཕྱིར་ཡན་ཨན་དུ་ལོག ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། དམག་དོན་སློབ་གསོའི་གྲོས་ཚོགས་ལ་འགོ་འཛིན་གནང་བ་དང་། ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་ལ་ཞུགས། ལོ་དེའི་ཟླ8པར། ཅང་ཅེ་ཧྲིས་ཁྲུང་ཆིང་ནས་ཀྲོའུ་ཨེན་ལའེ་ལ་ཐུག་རྒྱུའི་ཁ་ཆད་བྱས་བ་དང་། ཞི་ཨན་ནས་མའོ་ཙེ་ཏུང་ལ་མཇལ་འཕྲད་གནང་རྒྱུའི་རེ་བ་བཏོན། ཀྲོའུ་ཨེན་ལའེ་ཡིས་མའོ་ཙེ་ཏུང་གི་བདེ་འཇགས་དང་འཐབ་རྩོད་ཀྱི་ཐབས་ཇུས་ལ་བསམ་བློ་བཏང་ནས། ལིན་པིའོ་ཡིས་མའོ་ཙེ་ཏུང་གི་ཚབ་བྱས་ཏེ་ཞི་ཨན་དུ་སོང་ནས་ཐོག་མར་ཅང་ཅེ་ཧྲི་དང་མཇལ་བའི་བསམ་འཆར་བཏོན་པ་མའོ་ཙེ་ཏུང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་མོས་མཐུན་ཐོབ། ཟླ9པའི་ཟླ་དཀྱིལ་དུ། ཁོ་རླངས་འཁོར་ལ་བསྡད་དེ་ཡན་ཨན་ནས་ཞི་ཨན་ལ་སོང་ཞིང་། གནམ་གཤིས་ཀྱིས་ཆར་བ་ཆེན་པོ་བབས་པས་ལམ་བར་དུ་བཀག་ནས་ཞི་ཨན་ལ་ཐོན་དུས་ཅང་ཅེ་ཧྲི་ཕྱིར་ཁྲུང་ཆིང་ལ་ལོག ཟླ10པའི་ཚེས7ཉིན། དམག་སྡེ་བརྒྱད་པའི་ཁྲུང་ཆིན་དུ་དོན་གཅོད་ཁང་དུ་འབྱོར། དེའི་རྗེས་ཀྱི་ཟླ10ཙམ་ལ། ཀྲོའུ་ཨེན་ལའེ་དང་མཉམ་དུ་ཀྲང་ཀྲི་ཀྲུང་དང་ཅང་ཅེ་ཧྲི་སོགས་ཀྱིས་ནང་འཁྲུག་གི་ཉེན་ཁ་སེལ་བ་དང་མུ་མཐུད་དུ་མཉམ་འབྲེལ་གྱིས་འཇར་འགོག་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་མོལ་བྱས། སྤྱི་ལོ1943ལོའི་ཟླ7པར་ཀྲོའུ་ཨེན་ལའེ་སོགས་ཁྲུང་ཆིང་ནས་ཁ་བྲལ་ཏེ་ཡན་ཨན་དུ་ཕྱིར་ལོག་ནས་མུ་མཐུད་དུ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་བྱ་བ་བསྒྲུབས།

སྤྱི་ལོ1945ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པར་ཞུགས་ཤིང་། ཀྲུང་དབྱང་ཨུ་ཡོན་དུ་བདམས། ཟླ8པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་སྟེང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་དུ་བདམས།

སྤྱི་ལོ1946ལོའི་ཟླ6པར། ཀྲུང་གུང་ཀྲུང་དབྱང་ཏུང་པེ་ཅུས་ཀྱི་ཧྲུའུ་ཅི་དང་ཏུང་པེ་དམངས་གཙོའི་སྤྱི་ཁྱབ་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་གཅིག་ལྕོགས་ཀྱི་འགན་བཞེས། ལོ་དེའི་ཟླ7པར། ཏུང་པེ་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། ཁྲིན་ཡོན་གྱིས་ཟིན་བྲིས་བཀོད་པའི《བྱང་ཤར་གྱི་གནས་བབ་དང་ལས་འགན》(བསྡུས་མིང་ལ“བདུན་པའི་ཚེས་བདུན་གྱི་གྲོས་ཆོད”ཟེར)གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་ཞིང་། མང་ཚོགས་ལ་སྐུལ་སློང་དང་གནས་གཞིའི་ས་ཁུལ་འཛུགས་པའི་དགོས་ངེས་རང་བཞིན་ནན་བཤད་བྱས། མན་ཀྲོའུ་བྱང་མའི་དམངས་གཙོའི་མཉམ་འབྲེལ་དམག་འབྲི་ཆུའི་ལྷོ་རྒྱུད་དུ་གཡུལ་འགྱེད་ཐེངས་གསུམ་དང་། མན་ཀྲོའུ་ལྷོ་མའི་དམངས་གཙོའི་རྩ་འཛུགས་བྱས་པའི་སི་པའོ་ལིན་ཅང་གཡུལ་འགྱེད་ལྷོ་བྱང་གཞོགས་འདེགས་བྱས་པ་ལ་བཀོད་འདོམས་བྱས་པས། གོ་མིན་ཏང་གི་དམག་དཔུང་གི་མགོ་མཇུག་གཉིས་ཀར་ལྟ་རྟོག་བྱེད་མ་ཐུབ་པར་ངལ་དུབ་ཀྱིས་མནར་ནས་གཞན་དབང་གི་གནས་སུ་གྱར།

སྤྱི་ལོ1947ལོའི་སྔ་གཞུག་ཏུ་དབྱར་དུས་དང་སྟོན་དུས། དགུན་དུས་བཅས་ཀྱི་ཕར་རྒོལ་བསླངས་ཏེ། གོ་མིན་ཏང་གི་དམག་གི་མི་ཁྲི30ལྷག་ཚར་བཅད་པས། བྱང་ཤར་དུ་འཐབ་ཇུས་ཀྱི་ཐག་གཅོད་དམག་འཐབ་བྱེད་པར་ཆ་རྐྱེན་བསྐྲུན།

སྤྱི་ལོ1949ལོའི་ཟླ3པར་བྱེས་འཐབ་དམག་སྡེ་བཞི་པའི་དམག་སྤྱི་དང་། ཟླ5པར་ཧྭ་དབུས་དམག་ཁུལ་གྱི་དམག་སྤྱིའི་འགན་གཅིག་ལྕོགས་སུ་ཁུར་ཞིང་། ཀྲུང་གུང་ཀྲུང་དབྱང་ཧྭ་དབུས་ཅུས་ཀྱི་ཧྲུའུ་ཅི་དང་པོའི་འགན་བཞེས།

1_3 མི་ཚེའི་ཡང་རྩེར་སླེབས་པ།

སྤྱི་ལོ1958ལོའི་ཟླ5པར་ཀྲུང་གུང་ཚོགས་ཆེན་བརྒྱད་པའི་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་ཞུགས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱས། དེ་དང་མཉམ་དུ། ཁོང་ཉིད“ལུང་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པ”ཟེར་བའི་འཐབ་རྩོད་དུ་ཞུགས་ཤིང་། དམག་ཡོངས་སུ“ལུང་འཛིན་རིང་ལུགས་ཀྱི་ཕྱོགས་ལྷུང”ལ་དགག་པ་རྒྱག་པའི་རྦ་རླབས་འཕྱུར་བ་དང་། ལིའུ་པོ་ཁྲེང་སོགས་ལས་བྱེད་པ་འབོར་ཆེན་ཞིག་ལ་གནོད་པ་བཟོས། སྤྱི་ལོ1959ལོའི་ལུའུ་ཧྲན་གྲོས་ཚོགས་གྲོལ་རྗེས་རྒྱལ་སྲུང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར། དེ་རྗེས་ཀྲུང་གུང་ཀྲུང་དབྱང་གིས་དམག་དོན་ཨུ་ལྷན་གསར་པ་བཙུགས་ནས་དམག་ཨུད་ཀྱི་རྒྱུན་ཨུ་དང་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱས་པ་དང་དམག་ཨུད་ཀྱི་རྒྱུན་གཏན་ལས་དོན་གཙོ་སྐྱོང་གནང་བ་རེད། “གཡོན”གྱི་བསམ་བློ་ཆ་ཚང་ཞིག་བཏོན་པ་དང་འབྲེལ་ཁྱབ་སྤེལ་བཏང་ནས་ཁོང་དང་བསམ་འཆར་མི་མཐུན་པའི་བློ་མཐུན་ལ་རྡུང་རྡེག་དང་། གནོད་འཚེ། ཕྱིར་འབུད་བཅས་བྱས་པ་དང་། དུས་མཚུངས་སུ་མའོ་ཙེ་ཏུང་གི་དགོངས་པ་སྟབས་བདེ་དང་ཐ་ཤལ་དུ་བཏང་བ་རེད།

སྤྱི་ལོ1964ལོར་དམག་ཡོངས་ཀྱི་དམག་སྦྱོང་ཆེན་པོ་དང་དྲག་རྩལ་འགྲན་བསྡུར་ཁྲོད་ཀྱི་སྐྱོན་ཆ་འགའ་དམ་འཛིན་བྱས་ནས་ཤུགས་ཆེན་པོས་དམག་དོན་ཨང་དང་པོ་དང་ལག་རྩལ་ཨང་དང་པོ་སྤེལ་བ་ནི“འབྱོར་ལྡན་གྲལ་རིམ་གྱི་དམག་དོན་ལམ་ཕྱོགས་ཁྱབ་སྤེལ་གཏོང་བ”ཡིན་ཞིང་།“ཆབ་སྲིད་ལ་ཕོག་ཐུག་བཏང་བ་དང་མའོ་ཀྲུའུ་ཞིའི་གསུང་རྩོམ་ལ་ཕོག་ཐུག་བཏང་བ་རེད།” དེའི་རྗེས་སུ། ཁོས་ཡང་དམག་དཔུང་གི་བྱ་བ་ལ“ཆབ་སྲིད་འབུར་དུ་ཐོན་དགོས”ཞེས་དང་།“དམག་དོན་སྦྱོང་བརྡར་དང་ཐོན་སྐྱེད་སོགས་ལ་དུས་ཚོད་ངེས་ཅན་ཞིག་དགོས་མོད། འོན་ཀྱང་ཆབ་སྲིད་ལ་རྡུང་རྡེག་བཏང་མི་ཆོག དེ་ལས་ལྡོག་སྟེ་ཆབ་སྲིད་ཀྱིས་གཞན་པར་རྡུང་རྡེག་བཏང་ཆོག”ཅེས་བཤད། ལིན་པིའོ་ཡི་འདོད་ཚུལ་དེ་དག་ལ་སྤྱི་ཁྱབ་དྲག་ཇུས་དམག་དཔོན་ལུའོ་རུའེ་ཆིན་སོགས་ཀྱིས་བཀག་འགོག་བྱས་པ་རེད། སྤྱི་ལོ1965ལོའི་དགུན་ཁར“དམག་ལོག་ཏང་འཛུགས”སོགས་ཀྱི་ཉེས་མིང་བཏགས་ནས་ལུའོ་རུའེ་ཆིང་ལ་སྙོན་འཛུགས་ཞུ་གཏུག་བྱས་པ་མ་ཟད། ཆབ་སྲིད་ཀྱི་མངོན་གསལ་དོད་པའི“རྩ་དོན་ལྔ”ཞེས་པ་བཏོན་ཏེ། དམག་ཡོངས་ཀྱི་མང་ཚོགས་རང་བཞིན་གྱི་དྲག་རྩལ་འགྲན་བསྡུར་གྱི་ལས་འགུལ་ཆུང་དུ་བཏང་བ་དང་ཆབས་ཅིག་ལུའོ་རུའེ་ཆིང་གི་གོ་གནས་མེད་པ་བཟོས་པ་རེད། སྤྱི་ལོ1966ལོའི་ལོ་སྟོད་དུ་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ལ་ལུའོ་རུའེ་ཆིང་གི་འབྱོར་ལྡན་གྲལ་རིམ་གྱི་དམག་དོན་ལམ་ཕྱོགས་ལ་དགག་པ་བརྒྱབ་པ་དང་། ཇི་ལྟར་བྱས་ནས་ཆབ་སྲིད་འབུར་དུ་ཐོན་པའི་རྩ་དོན་ལྔ་ལག་བསྟར་བྱ་རྒྱུའི་སྐོར་གྲོས་བསྡུར་བྱས། དེའི་རྗེས་སུ།“ཆབ་སྲིད་འབུར་ཐོན”དང་“ཆབ་སྲིད་ཀྱིས་ཡོད་ཚད་ལ་རྡུང་རྡེག་གཏོང་ཐུབ”ཅེས་པའི་བཤད་ཚུལ་དེ་སྔར་བས་དམག་ཡོངས་ལ་དར་ཁྱབ་ཆེ་རི་བཏང་། དམག་དཔུང་ནང་གི་ཆབ་སྲིད་དང་དམག་དོན་གཅིག་གྱུར། ཆབ་སྲིད་དང་ལས་སྒོ་གཅིག་གྱུར་བཅས་ཀྱི་རྒྱུན་ལྡན་གྱི་འབྲེལ་བ་དེ་རྡུང་རྡེག་གཏོང་བ་དང་རྡུང་རྡེག་ཐེབས་པ། ཟིལ་གྱིས་གནོན་པ་དང་མནན་པའི་འབྲེལ་བ་རུ་གྱུར་བས་དམག་ཡོངས་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་དང་གཏོར་བརླག་ཚབས་ཆེན་ཐེབས་པ་རེད།

1_4 རིག་གནས་གསར་བརྗེ་ཆེན་པོའི་སྲིད་འགྱུར།

སྤྱི་ལོ1969ལོའི་ཟླ4པར་ཀྲུང་གུང་སྐབས་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ལ་བདམས་ཐོན་བྱུང་བ་དང་མའོ་ཙེ་ཏུང་གི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ནང་བྲིས། དེའི་རྗེས་སུ། ཁོས་ཏང་དང་རྒྱལ་ཁབ་ཀྱི་དབང་ཆ་གཡོ་འཕྲོག་བྱེད་པའི་སྤྱོད་ངན་སྔར་ལས་ཇེ་ངན་ཇེ་སྡུག་ཏུ་བཏང་། སྤྱི་ལོ1971ལོའི་ཟླ9པའི་ཚེས8ཉིན་གསར་བརྗེར་ངོ་རྒོལ་པའི་དྲག་པོའི་སྲིད་འགྱུར་གྱི་བཀའ་བསྒྲགས་ཏེ། མའོ་ཙེ་ཏུང་ལ་གནོད་འཚེ་བཏང་ནས་ལོགས་སུ་ཀྲུང་དབྱང་འཛུགས་རྩིས་བྱས། གཡུལ་འགྱེད་དེ་མཇུག་བསྒྲིལ་རྗེས། ཟླ9པའི་ཚེས13ཉིན་གྱི་མཚན་མོའི་ཆུ་ཚོད12སྟེང་དུ་ཆུང་མ་ཡེ་ཆུན་དང་བུ་ལི་ལི་ཀུའོ་སོགས་དང་མཉམ་དུ་ཧྲན་ཧའེ་གནམ་གྲུ་ཐང་ནས་བཙན་ཤེད་ཀྱིས་གནམ་གྲུར་བསྡད་དེ་ཕྱི་རྒྱལ་དུ་བྲོས་ཤིང་། ཐོ་རེངས་ཆུ་ཚོད་གསུམ་པར་མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝུན་ཏུའུ་ཨེར་ཧན་ཁེན་ཐེ་ཞིང་ཆེན་གྱི་པེར་ཧེ་གཏེར་ཁུལ་གྱི་ལྷོ་ཕྱོགས་སྤྱི་ལེ10ཡི་མཚམས་སུ་གནམ་གྲུར་ལྷུང་ནས་རྐྱེན་ལམ་དུ་ཤོར།

སྤྱི་ལོ1973ལོའི་ཟླ8པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ནས་ཕྱིར་ཕུད་བྱས། སྤྱི་ལོ1981ལོའི་ཟླ1པོའི་ཚེས25ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམིགས་བསལ་ཁྲིམས་རས་གསར་བརྗེར་ངོ་རྒོལ་ཚོགས་པའི་གྱོད་གཞིའི་ཉེས་ཅན་གཏེ་པོར་གཏན་འཁེལ་བྱས་པ་རེད། 

2 གྲུབ་འབྲས་གཙོ་བོ།

ལུང་ཀང་འཇབ་རྒོལ་དམག་འཐབ་ལ་བཀོད་འདོམས་བྱས་པ།

ཕིན་ཞིན་ཀོན་གཡུལ་འགྱེད་བཀོད་འདོམས་བྱས་པ།

ལིའོ་ཧྲེན་གཡུལ་འགྱེད་ལ་བཀོད་འདོམས་བྱས་པ།

ཕིན་ཅིན་གཡུལ་འགྱེད་ལ་བཀོད་འདོམས་བྱས་པ།

ཧའེ་ནན་གླིང་ཕྲན་གཡུལ་འགྱེད་ལ་བཀོད་འདོམས་བྱས་པ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-06

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།