ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ནི་ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་ཐད་ཀྱི་ཆེས་མཐོ་བའི་རིག་གཞུང་མཚན་སྙན་དང་། མི་ཚེ་གང་གི་གཟི་བརྗིད་དང་མཚན་སྙན་ཡིན་ཞིང་། སྤྱི་ལོ1994ལོའི་ཟླ6པར་བཙུགས། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ནི་འདེམས་བསྐོ་བྱས་ནས་བྱུང་པ་ཡིན་ལ། ལོ་ན80སོན་པའི་ཡོན་ཧྲིར་བསླབ་པ་རྒན་པའི་ཡོན་ཧྲིའི་མཚན་སྙན་གནང་ཆོག་པ་དང་། བཟོ་སྐྲུན་ཚན་རིག་ལག་རྩལ་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ལྡན་པ་དང་། རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེན་པོ་ཡོད་པ། ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་གྱི་བྱ་གཞག་འཕེལ་རྒྱས་བྱུང་པར་བྱས་རྗེས་བཞག་མྱོང་པའམ་ཡང་ན་ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲོ་འོང་ལ་སྐུལ་འདེད་གཏོང་པའི་ཐད་ནུས་པ་གལ་ཆེན་འདོན་མྱོང་པའི་ཕྱིའི་རྒྱལ་ཁོངས་ཀྱི་ཆེད་མཁས་པ་དང་སློབ་གཉེར་པའང་མིང་བཏོན་ནས་ཡོན་ཧྲིར་བདམས་ཆོག སྤྱི་ལོ2019ལོའི་ཟླ3པར་ཀྲུང་གོ་བཟོ་སྐྲུན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ལས་མངོན་པར་གཞིགས་ན། ཀྲུང་གོ་བཟོ་སྐྲུན་ཁང་ལ་སྡོམ་པའི་ཡོན་ཧྲི857ཡོད་པ་དང་། དེའི་ཁྲོད་དུ་བསླབ་པ་རྒན་གྲས་ཀྱི་ཡོན་ཧྲི403ཡོད། དེ་མིན་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི65ཡོད། གཤེགས་ཟིན་པའི་ཡོན་ཧྲི213དང་། གཤེགས་ཟིན་པའི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི17ཡོད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1994ལོའི་ཟླ6པའི་ཚེས3ཉིན་ནས་ཚེས8ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་སྐབས་དང་པོའི་ཡོན་ཧྲིའི་ཚོགས་ཆེན་དང་། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བདུན་པ་གཉིས་པེ་ཅིང་དུ་མཉམ་དུ་འཚོགས།

སྤྱི་ལོ1995ལོའི་ཟླ7པའི་ཚེས11ཉིན་ནས་ཚེས14ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་གཉིས་པ་པེ་ཅིང་དུ་འཚོགས།

སྤྱི་ལོ1996ལོའི་ཟླ6པའི་ཚེས3ཉིན་ནས་ཚེས7ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་གསུམ་པ་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བརྒྱད་པ་གཉིས་པེ་ཅིང་དུ་མཉམ་དུ་འཚོགས་ཤིང་། སྐབས་དང་པོའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི་བདམས་ཐོན་བྱུང་། ཚོགས་འདུའི་ཐོག་སླད་ཕྱིན་ཡོན་ཧྲིའི་ཚོགས་ཆེན་དེ་ལོ་གཉིས་ཀྱི་ཟླ་བ་དྲུག་པའི་གཟའ་འཁོར་དང་པོར་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་དང་དུས་མཉམ་དུ་འཚོགས་རྒྱུར་ཐག་བཅད།

སྤྱི་ལོ1998ལོའི་ཟླ6པའི་ཚེས1ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བཞི་པ་པེ་ཅིང་དུ་འཚོགས་ཤིང་། ཟླ7པའི་ཚེས1ཉིན་ནས་བཟུང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཁྲོད་དུ“བསླབ་པ་རྒན་པའི་ཡོན་ཧྲིའི”ལམ་ལུགས་ལག་བསྟར་བྱས།

སྤྱི་ལོ2000ལོའི་ཟླ6པའི་ཚེས5ནས་ཚེས9ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་སྐབས་ལྔ་པའི་ཡོན་ཧྲིའི་ཚོགས་ཆེན་པེ་ཅིང་དུ་འཚོགས།

སྤྱི་ལོ2002ལོའི་ཟླ5པའི་ཚེས28ཉིན་ནས་ཟླ6པའི་ཚེས1ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་དྲུག་པ་པེ་ཅིང་དུ་འཚོགས།

སྤྱི་ལོ2004ལོའི་ཟླ6པའི་ཚེས2ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བདུན་པ་པེ་ཅིང་དུ་ཚོགས།

སྤྱི་ལོ2006ལོའི་ཟླ6པའི་ཚེས5ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བརྒྱད་པ་པེ་ཅིང་དུ་འཚོགས།

སྤྱི་ལོ2008ལོའི་ཟླ6པའི་ཚེས23ཉིན་ནས་ཚེས27ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་དགུ་པ་པེ་ཅིང་དུ་འཚོགས།

སྤྱི་ལོ2010ལོའི་ཟླ6པའི་ཚེས7ཉིན་ནས་ཚེས11ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བཅུ་པ་པེ་ཅིང་དུ་འཚོགས།

སྤྱི་ལོ2012ལོའི་ཟླ6པའི་ཚེས11ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བཅུ་གཅིག་པ་པེ་ཅིང་དུ་འཚོགས།

སྤྱི་ལོ2014ལོའི་ཟླ6པའི་ཚེས9ཉིན་ནས་ཚེས13ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བཅུ་གཉིས་པ་པེ་ཅིང་དུ་འཚོགས།

སྤྱི་ལོ2016ལོའི་ཟླ5པའི་ཚེས30ཉིན་ནས་ཟླ6པའི་ཚེས2ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བཅུ་གསུམ་པ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་བཅས་པེ་ཅིང་དུ་བསྡུས།

སྤྱི་ལོ2018ལོའི་ཟླ5པའི་ཚེས28ཉིན་ནས་ཟླ6པའི་ཚེས1ཉིན་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་སྐབས་བཅུ་བཞི་པ་པེ་ཅིང་དུ་འཚོགས།

2 རྣམ་གྲངས་བཀོད་སྒྲིག
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི།
རྒྱལ་ཁབ་ཀྱིས་བཙུགས་པའི་བཟོ་སྐྲུན་ཚན་རིག་ལག་རྩལ་ཐད་ཀྱི་རིག་གཞུང་མཚན་སྙན་མཐོ་ཤོས་དང་མི་ཚེ་གང་གི་གཟི་བརྗིད་མཚན་སྙན་ཡིན།
ཀྲུང་གོ་བཟོ་སྐྲུན་ཁང་གི་བསླབ་པ་རྒན་པའི་ཡོན་ཧྲི། 
ལོ་ན80སོན་པའི་ཡོན་ཧྲིར་བསླབ་པ་རྒན་པའི་ཡོན་ཧྲིའི་མཚན་སྙན་སྤྲད་ཆོག།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི། 
བཟོ་སྐྲུན་ཚན་རིག་ལག་རྩལ་གྱི་ཆུ་ཚད་མཐོན་པོ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་སྙན་གྲགས་མཐོ་བ། ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་གྱི་བྱ་གཞག་འཕེལ་རྒྱས་གཏོང་པར་བྱས་རྗེས་བཞག་པའམ་ཡང་ན་ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲོ་འོང་ལ་སྐུལ་འདེད་གཏོང་པའི་ཐད་ནུས་པ་གལ་ཆེན་ལྡན་པའི་ཕྱིའི་རྒྱལ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་།

3 རྩ་འཛུགས་བརྒྱུད་རིམ།
3_1 དཔྱད་འདེམས་རྩ་འཛུགས།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་བདམ་བྱའི་འོས་མིས་ཐབས་ལམ་གཉིས་བརྒྱུད་དེ་མིང་འདོན་བྱས་ཆོག 1.ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིས་ཐད་ཀར་འོས་མི་མིང་འདོན་བྱ་རྒྱུ། 2.ཀྲུང་གོ་བཟོ་སྐྲུན་ཁང་གིས་འབྲེལ་ཡོད་རིག་གཞུང་ཚོགས་པར་མངགས་བཅོལ་བྱས་ཏེ་གཏན་འབེབས་ཀྱི་གོ་རིམ་ལྟར་འོས་སྦྱོར་འོས་མི་དཔྱད་འདེམས་བྱས་ནས་མིང་འདོན་བྱས་ཆོག ཀྲུང་གོའི་ཞང་ཀང་དང་། ཨའོ་མོན་སོགས་དམིགས་བསལ་སྲིད་འཛིན་ས་ཁུལ་དང་། ཐའེ་ཝན་ཞིང་ཆེན། དེ་བཞིན་དུ་རྒྱལ་ཁབ་གཞན་དུ་སྡོད་པའི་རྒྱལ་ཁོངས་ཀྲུང་གོ་ཡིན་པའི་མཁས་པ་དང་ཆེད་མཁས་པ་བཅས་ཀྱིས་མིང་འདོན་བྱེད་པའི་ཐབས་ལམ་དང་པོ་ལྟར་མིང་འདོན་བྱ་དགོས། མི་སྒེར་གྱིས་རང་ཉིད་ཡོན་ཧྲིའི་གདམ་བྱའི་འོས་མིར་རེ་ཞུ་བྱས་མི་ཆོག

འོས་མིར་དཔྱད་ཞིབ་དང་ཐོག་མའི་འདེམས་བསྐོ་བྱ་རྒྱུ་དེ་རིག་གཞུང་པུའུ་ཁག་གི་ཡོན་ཧྲིས་རྩ་འཛུགས་བྱ་དགོས། ཐོག་མའི་འདེམས་བསྐོ་བྱེད་སྐབས་ལྷག་གྲངས་ཡོད་པ་དང་མིང་མེད་འདེམས་ཤོག་འཕེན་དགོས། འདེམས་ཤོག་འཕེན་པར་ཞུགས་པའི་ཡོན་ཧྲིའི་མི་གྲངས་དེ་རིག་གཞུང་པུའུ་དེར་འདེམས་ཤོག་འཕེན་དབང་ཡོད་པའི་ཡོན་ཧྲིའི་མི་གྲངས་ཀྱི་སུམ་ཆ་གཉིས་ལས་མི་ཉུང་བ་ཡོད་ཚེ། འདེམས་བསྐོ་ནུས་ལྡན་གྱི་རྩིས་སུ་འགྲོ། མོས་མཐུན་འདེམས་ཤོག་ཐོབ་པའི་འདེམས་ཤོག་དེ་མོས་མཐུན་འདེམས་ཤོག་འཕེན་མཁན་གྱི་ཡོན་ཧྲིའི་མི་གྲངས་ཀྱི་སུམ་ཆ་གཉིས་ལས་མི་ཉུང་བའི་འདེམས་ཤོག་ཐོབ་མཁན་གྱི་བདམ་བྱའི་འོས་མི་དེ། རིག་གཞུང་པུའུ་དེས་འདེམས་བསྐོ་བྱ་དགོས་པའི་མི་གྲངས་ལྟར་ཐོག་མའི་འདེམས་བསྐོ་ལེགས་འགྲུབ་བྱུང་པ་ཡིན།

རིག་གཞུང་པུའུ་ཁག་གི་ཐོག་མའི་འདེམས་བསྐོ་བྱས་པའི་འབྲས་བུ་དེ་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱས་པ་དང་འབྲེལ་མཐའ་མའི་འདེམས་བསྐོའི་འོས་མིའི་མིང་ཐོ་གཏན་ཁེལ་བྱས་རྗེས། སློབ་གླིང་ཡོངས་ལ་འདེམས་ཤོག་འཕེན་དབང་ཡོད་པའི་ཡོན་ཧྲིར་འོས་མིའི་མིང་ཐོ་ཕུལ་ཏེ། འདེམས་ཤོག་འཕངས་ནས་མཐའ་མའི་འདེམས་བསྐོ་བྱ་དགོས་ལ། མཐའ་མའི་འདེམས་བསྐོ་ལ་གྲངས་མཉམ་འདེམས་བསྐོའི་བྱེད་ཐབས་སྤྱོད་དགོས། འདེམས་བསྐོའི་ནང་ཞུགས་མཁན་གྱི་ཡོན་ཧྲི་ངེས་པར་དུ་གྲོས་ཁང་ཡོངས་སུ་འདེམས་ཤོག་འཕེན་དབང་ཡོད་པའི་ཡོན་ཧྲིའི་མི་གྲངས་ཀྱི་སུམ་ཆ་གཉིས་ལས་བརྒལ་ཚེ། འདེམས་བསྐོ་ནུས་ལྡན་གྱི་རྩིས་སུ་འགྲོ། འདེམས་ཤོག་འཕེན་མཁན་གྱི་ཡོན་ཧྲིའི་ཕྱེད་ཀ་ཡན་གྱི་མོས་མཐུན་ཐོབ་པའི་ཡོན་ཧྲི་འོས་མིར་བདམས་ཐོན་བྱུང་བ་ཡིན།

འདེམས་བསྐོའི་མཇུག་འབྲས་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་རྗེས་ཡིག་ཐོག་ནས་ཡོན་ཧྲི་ཡོངས་ལ་བརྡ་ཁྱབ་གཏོང་དགོས་པ་མ་ཟད་དངོས་སུ་ཁྱབ་བསྒྲགས་ཀྱང་བྱ་དགོས།

3_2 ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི་དང་ཀྲུང་གོའི་རྒྱལ་ནང་གི་ཡོན་ཧྲིའི་གསབ་འདེམས་དུས་མཉམ་དུ་སྤེལ།

ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲིའི་བདམ་བྱའི་འོས་མི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིས་མིང་འདོན་བྱ་དགོས།

ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲིའི་འོས་མི་དངོས་དེ་སློབ་གླིང་གི་ཀྲུའུ་ཞི་ཚོགས་པས་གྲོས་བསྡུར་བྱས་པ་བརྒྱུད་ནས་མིང་མེད་འདེམས་ཤོག་འཕངས་ཏེ་གཏན་ཁེལ་བྱ་དགོས།

ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི་ནི་ཡོན་ཧྲི་ཡོངས་ཀྱི་གྲོས་ཚོགས་ཐོག་མིང་མེད་འདེམས་ཤོག་འཕངས་ཏེ་བདམས་ཐོན་བྱུང་པ་ཡིན། འདེམས་ཤོག་འཕེན་པར་ཞུགས་པའི་ཡོན་ཧྲིའི་མི་གྲངས་དེ་གྲོས་ཁང་ཡོངས་ལ་འདེམས་ཤོག་འཕེན་དབང་ཡོད་པའི་ཡོན་ཧྲིའི་མི་གྲངས་ཀྱི་སུམ་ཆ་གཉིས་ལས་བརྒལ་བ་ཡིན་ན། འདེམས་བསྐོ་ནུས་ལྡན་གྱི་རྩིས་སུ་འགྲོ། འདེམས་ཤོག་འཕེན་མཁན་གྱི་ཡོན་ཧྲི་ཕྱེད་ཀ་ཡན་གྱིས་མོས་མཐུན་བྱས་པའི་འོས་མི་ཡོན་ཧྲིར་བདམས་ཐོན་བྱུང་བ་ཡིན།

3_3 ཚད་གཞིའི་ཆ་རྐྱེན།

ཀྲུང་གོའི་བཟོ་སྐྲུན་གྱི་ཚན་རིག་ལག་རྩལ་ཐད་ལ་གལ་འགངས་ཆེ་ཞིང་གསར་གཏོད་རང་བཞིན་ལྡན་པའི་གྲུབ་འབྲས་དང་བྱས་རྗེས་བཞག་ཡོད་ཅིང་། མེས་རྒྱལ་ལ་དགའ་བ། སྤྱོད་གཙང་གཞུང་དྲང་། མི་སྤུས་ལེགས་གཙང་། ད་དུང་རྒྱལ་ཁོངས་ཀྲུང་གོ་རྒྱལ་ཁབ་ཡིན་པའི་མཐོ་རིམ་བཟོ་སྐྲུན་པ་དང་། ཞིབ་འཇུག་པ། སློབ་དཔོན་ཆེན་མོ་དང་དེ་མཚུངས་ཀྱི་ལས་ཐོབ་ཡོད་པའི་ཆེད་མཁས་པ་སོགས་མིང་འདོན་བྱས་ནས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་ཆོག

བཟོ་སྐྲུན་ཚན་རིག་ལག་རྩལ་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ལྡན་པ་དང་། རྒྱལ་སྤྱིའི་ཐོག་སྙན་གྲགས་མཐོ་བ། ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་གྱི་བྱ་གཞག་འཕེལ་རྒྱས་ཐད་བྱས་རྗེས་བཞག་མྱོང་པའམ་ཡང་ན་ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་མྱོང་པའི་ཕྱིའི་རྒྱལ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་ཡང་མིང་འདོན་བྱས་ཆོག་པ་མ་ཟད་ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲིར་བདམས་ཆོག  གལ་ཏེ་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི་ཀྲུང་གོའི་རྒྱལ་ཁོངས་སུ་བསྒྱུར་ཚེ། འགྲོ་ལུགས་ལྟར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བསྒྱུར་ཆོག་ལ། དེ་མཚུངས་ཀྱི་འགན་འཁྲི་དང་དབང་ཆ། ཕན་ཁེ་སོགས་ལོངས་སུ་སྤྱད་ཆོག

3_4 ཕྱིར་འཐེན་པ་དང་དོར་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཐོབ་ཐང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པའི་ནང་གསལ་བོར་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁོངས་ཉིས་བརྩེགས་ཁས་ལེན་མི་བྱེད་པའི་སྐོར་གྱི་གཏན་འབེབས་ལྟར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཕྱི་རྒྱལ་གྱི་རྒྱལ་ཁོངས་སུ་ཞུགས་རྗེས་རང་འགུལ་གྱིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་མཚན་སྙན་དོར་དགོས།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་མི་སྒེར་གྱི་བྱ་སྤྱོད་དེ་ཚན་རིག་གི་ཀུན་སྤྱོད་དང་འགལ་བའམ་ཡང་ན་སྤུས་ཚད་སྤྱོད་ལེགས་མིན་པ་དང་། ཡོན་ཧྲིའི་ཚོགས་སྤྱི་དང་བཟོ་སྐྲུན་གླིང་གི་མཚན་སྙན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཚེ་ཡོན་ཧྲིའི་མཚན་སྙན་དོར་དགོས་པའི་ཁ་ཏ་བྱེད་དགོས། ཡོན་ཧྲིའི་མི་སྒེར་གྱི་བྱ་སྤྱོད་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའམ་ཡང་ན་ཚན་རིག་གི་ཀུན་སྤྱོད་དང་འབྲེལ་བ་ཡོད་པའི་ཡོན་ཧྲིའི་ཚད་གཞི་ལས་བརྒལ་ཚེ་ཡོན་ཧྲིའི་མཚན་སྙན་ཕྱིར་འཐེན་བྱེད་དགོས།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི་ལ་ཚན་རིག་གི་ཀུན་སྤྱོད་ཚབས་ཆེན་བྱུང་བའམ་ཡང་ན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་བྱུང་ཚེ། ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱས་ནས་ཡོན་ཧྲིའི་མཚན་སྙན་ཕྱིར་འཐེན་བྱེད་དགོས།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རང་ཉིད་ཀྱིས་ཡོན་ཧྲིའི་མཚན་སྙན་འདོར་རྒྱུའི་རེ་ཞུ་བཏོན་ཚེ། ཀྲུའུ་ཞི་ཚོགས་པས་ཞིབ་བཤེར་ཁས་ལེན་བྱས་རྗེས་ནུས་པ་ཐོན་པ་དང་། ཡོན་ཧྲི་ཡོངས་ལ་བརྡ་ཁྱབ་བཏང་ནས་སྤྱི་བསྒྲགས་བྱེད་དགོས།

4 དཔྱད་འདེམས་ཀྱི་གནས་ཚུལ།
4_1 སྐབས་དང་པོའི་ཡོན་ཧྲི།

སྤྱི་ལོ1994ལོའི་ཟླ3པའི་ཟླ་སྟོད་དུ། ཀྲུང་གོ་བཟོ་སྐྲུན་ཁང་གི་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཆད་གྲངས་དང་མིང་མེད་ཀྱི་དཔྱད་འདེམས་བྱེད་ཐབས་ལ་བརྟེན་ནས། ཚོད་ལྟའི་འདེམས་ཤོག་འཕེན་རྒྱུ་དང་དངོས་སུ་འདེམས་ཤོག་འཕེན་རྒྱུ་ལག་བསྟར་བྱས་ནས། ཐོག་དང་པོའི་གདན་འདྲེན་ཞུ་རྩིས་ཡོད་པའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི66བདམས། དེ་དང་ཆབས་ཅིག་ཏུ། གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གིས་ཀྲུང་གོ་ཚན་རིག་ཁང་གི་རིག་གཞུང་པུའུ་ཡི་ཀྲུའུ་ཞི་ཚོགས་པར་མངགས་བཅོལ་བྱས་ཏེ་རིག་གཞུང་པུའུ་ཁག་གིས་གྲོས་མོལ་བྱས་པ་བརྒྱུད་རིག་གཞུང་པུའུ་ཡི་ཀྲུའུ་ཞི་ཚོགས་པ་དང་བཟོ་སྐྲུན་ཁང་གི་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་ཚོགས་འདུའི་ཐོག་སྔ་རྗེས་སུ་གྲོས་ཞིབ་དང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། རྒྱབ་ལྗོངས་ཅུང་ཆེ་བ་དང་མཚོན་བྱེད་རང་བཞིན་ངེས་ཅན་ལྡན་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི30གཏན་ཁེལ་བྱས་པ་དང་འབྲེལ་ཁག་དང་པོའི་ཡོན་ཧྲིའི་གདན་ཞུའི་མིང་ཐོའི་ནང་བཅུག་ཅིང། སྔ་རྗེས་སུ་སྡོམ་པའི་མི96ཡོད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ1994ལོའི་ཟླ6པར་ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་པ་དང་འབྲེལ་སྐབས་དང་པོའི་ཡོན་ཧྲིའི་ཚོགས་ཆེན་ཐོག་སྤྱི་བསྒྲགས་བྱས་ཤིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་མིང་ཐོག་ནས་གདན་ཞུ་བྱས། 

4_2 ཡོན་ཧྲི་སྣོན་འདེམས།

སྤྱི་ལོ2018ལོའི་ཟླ9པར་ཀྲུང་གོ་བཟོ་སྐྲུན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ལས་མངོན་པར་གཞིགས་ན། ཀྲུང་གོ་བཟོ་སྐྲུན་ཁང་ལ་སྡོམ་པའི་ཡོན་ཧྲི868ཡོད་པ་དང་། དེའི་ཁྲོད་དུ་འཕྲུལ་ཆས་དང་སྐྱེལ་འདྲེན་ལས་གྲྭའི་ཚན་ཁག་གི་མི124དང་། ཆ་འཕྲིན་དང་གློག་རྡུལ་བཟོ་སྐྲུན་པུའུ་ཡི་མི124 རྫས་འགྱུར་བཟོ་ལས་དང་། ལྕགས་ལས་དང་རྒྱུ་ཆ་བཟོ་སྐྲུན་པུའུ་ཡི་མི109  ནུས་རྒྱུ་དང་ཐོན་ཁུངས་བཟོ་སྐྲུན་པུའུ་ཡི་མི118  ས་ཤིང་དང་། ཆུ་བེད། ཨར་ལས་པུའུ་ཡི་མི108  ཁོར་ཡུག་དང་འཁེལ་འཐག་བཟོ་ལས་པུའུ་ཡི་མི55 ཞིང་ལས་པུའུ་ཡི་མི7 སྨན་བཅོས་འཕྲོད་བསྟེན་པུའུ་ཡི་མི120 བཟོ་སྐྲུན་དོ་དམ་པུའུ་ཡི་མི33བཅས་ཡོད་པ་དང་། ཡོན་ཧྲིའི་ཁྲོད་དུ་བསླབ་པ་རྒན་པའི་ཡོན་ཧྲི391ཡོད། དེ་མིན་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི65ཡོད། གཤེགས་ཟིན་པའི་ཡོན་ཧྲི202དང་། གཤེགས་ཟིན་པའི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི17ཡོད།

5 ཡོན་ཧྲིའི་མིང་ཐོ།

འཕྲུལ་ཆས་དང་སྐྱེལ་འདྲེན་བཟོ་སྐྲུན་པུའུ། (མི122ཡོད)

ཁྲེན་ཞུའེ་ཏུང་། ཏེང་ཙུང་ཆོན། ཏིང་རུང་ཅུན། ཏུང་ཁྲུན་ཕེང་། ཧྥན་ཧུའེ་ཐའོ། ཧྥེང་ཕེ་ཏེ། ཧྥེང་དབྱི་ཧྥང་། ཀན་ཞའོ་ཧྭ། ཀའོ་ཅིན་ཅི། ཀོན་ཅེ། ཀུའོ་ཏུང་མིང་། ཧོ་ལིན། ཧོའུ་ཞའོ། ཧོང་ཆིང་ཞུའེ། ཧོང་ཞན་ཞང་། ཅང་ཀྲོང་ཏེ། ཅིན་ཏུང་ཧན། ལི་ཞོན་ཞོན། ལི་ཏེ་ཆུན། ལི་ཅུན། ལི་ཁུའེ་ཝུའུ། ལི་ཕེ་ཀེན། ལི་ཀྲའོ། ལིན་ཀྲུང་ཆིན། ལིའུ་རེན་ཧོའེ། ལིའུ་དབྱི་ཞིན། ལིའུ་ཡུང་ཚའེ། ལུའུ་པིན་ཧེང་། ལུའུ་ཡུང་ཞང་། མ་ཝེ་མིང་། ཆིའུ་ཀྲི་མིང་། སུན་ཚུང་། སུན་ཧྥེང་ཁྲུན། ཐན་ཅན་རུང་། ཐང་ཁྲང་ཧུང་། ཐེན་ཧུང་ཆི། (བུད་མེད) ཝང་ཧྭ་མིང་། ཝང་ཡུས་མིང་། ཝང་ཀྲེན་གོ། ཝུའུ་ཀོང་ཧུའེ། ཝུའུ་ཡིའུ་ཧྲེང་། ཞ་ཁྲང་ལིའང་། དབྱང་ཏེ་སེན། དབྱང་ཧྥེང་ཐེན། དབྱང་ཧྭ་ཡུང་། དབྱང་ཧྲའོ་ཆིན།  དབྱིན་ཙེ་ཡུང་། ཡིའུ་ཀྲེང་། ཀྲང་ཅུན། ཀྲང་ཡན་ཀྲུང་། ཀྲུང་ཀྲི་ཧྭ། ཀྲོའུ་ཅི། ཀྲོའུ་ཀྲི་ཁྲེང་། ཀྲུའུ་ནེང་ཧུང་། ཀྲུའུ་དབྱིན་ཧྥུ།

བསླབ་པ་རྒན་པའི་ཡོན་ཧྲི།

ཁྲེན་མའོ་ཀྲང་། ཁྲེན་དབྱི་ཅན། ཁྲེན་ཡུས་ཧྲུའུ། ཏིང་ཧེང་ཀའོ། ཏུའུ་ཧྲན་དབྱི། ཏོན་ཀྲེང་ཁྲེང་། རྡོ་དབྱིང་ཞན། ཧྥན་པིན་ཡའོ། ཀུའུ་གོ་པིའོ། ཀུའུ་ཀྲུའུ་ཧྥུན། ཀོན་ཆའོ། ཀུའོ་ཁྲུང་ཆིན། ཀུའོ་ཁུང་ཧུའེ། ཧུའུ་ཀྲེང་ཧོན། ཧོང་ཁྲུང་ཆི། ཧོང་རུའེ་སུང་།  ཧོང་ཝུན་ཧུའུ། ཧོང་ཞུས་ཧྭ། ལེ་ཅ་ལིན། ལི་ཧོ་ལིན། ལི་ཧུང་ཀྲི། ལི་མིང་། ལིའང་ཅིན་ཚའེ། ལིན་ཧྲང་དབྱང་། ལིན་ཙུང་ཧུའུ། ལིའུ་པའེ་ཁྲེང་། ལིའུ་ཏ་མིང་། ལིའུ་ཡིའུ་མེ། ལུང་ལེ་ཧའོ། ལུའུ་ཡོན་ཅུས། མེང་ཀྲེན་ཀྲུང་། རྨིན་ཀུའེ་རུང་། ཕན་ཅན་ཧྲེང་། ཕན་ཅིན་ཧྥུ། ཆི་ཧྥ་ཧེང་། ཆན་ཆིན་ཆོན། རའོ་ཧྥང་ཆོན། ཧྲེན་ཝུན་སུན། ཧྲེན་ཀྲི་ཡུན། སུའུ་ཀྲི་ཙི། སུན་ཅིན་ལིའང་། ཐང་རེན་ཡོན། ཝང་ཅུན། ཝང་ཧྲུན་ཐིན། ཝང་ཞིན་ཀྲི། ཝང་ཡུང་ཀྲི། ཝང་ཧུའེ་ཧྲེང་། ཝང་ཀྲི་རུང་། ཝུན་ཅུན་ཧྥེང་། ཞེ་ཡིའུ་པའེ།  ཞུས་པིན་ཧྲི། ཞུས་ཏེ་རྨིན། ཞུས་དབྱི་ནན། ཞུས་ཀྲི་ལེ། དབྱང་ཧྲི་ཨོ། ཡུས་པིན་ཧྲུའེ། ཙང་ཁེ་མའོ། ཙེང་ཀོང་ཧྲང་། ཀྲང་ཧྥུ་ཙེ། ཀྲང་ཀུའེ་ཐེན། ཀྲང་ཅིན་ལིན། ཀྲང་ལི་ཐུང་། (བུད་མེད)ཀྲའོ་ཞུས། ཀྲུང་པིའོ། (བུད་མེད)ཀྲུང་ཆུན་ཕེང་། ཀྲོའུ་ཆིན་ཀྲི། ཀྲུའུ་དབྱིན་ཧའོ།

ཆ་འཕྲིན་དང་གློག་རྡུལ་བཟོ་སྐྲུན་པུའུ། (མི124ཡོད)

ཁྲེ་ཐེན་ཡིའུ། ཁྲེན་ཁྲུན། ཁྲེན་ཅེ། ཁྲེན་ཅུན། ཁྲེན་ལིའང་ཧུའེ། ཁྲེན་ཀྲི་ཅེ། ཁྲེན་ཙུའོ་ཉིང་། (བུད་མེད)ཏའེ་ཧའོ། ཏའེ་ཆུང་ཧའེ། ཏེང་ཀྲུང་ཧན། ཏིན་ཝུན་ཧྭ། ཏོན་པའོ་ཡན། ཧྥན་པང་ཁུའེ། ཧྥན་ཡུན་ཡོན། ཧྥང་པིན་ཞིན། ཧྥང་ཅ་ཞུང་། ཧྥེ་ཨའེ་གོ ཧྥེང་ཞི་ཧྲེང་། ཀའོ་ཝུན། ཀུང་ཧུའེ་ཞིན། ཀུའེ་ཝེ་ཧྭ། ཧོ་ཞིན་ཀུའེ། ཧོ་ཡིའུ། ཅང་ཧུའེ་ལིན། ལི་པོ་ཧུའུ། ལི་ཏེ་རེན། ལི་ཏེ་དབྱི། ལི་གོ་ཅེ། ལི་ཐེན་ཁྲུའུ། ལི་ཐུང་པའོ། ལིའོ་ཞང་ཁོ། ལིའུ་ཅིན། ལིའུ་ཡུང་ཅན། ལིའུ་ཙེ་ཅིན། ལུའུ་ཅིན། ལུའུ་ཞི་ཁྲེང་། ལུའི་ཡུའེ་ཀོང་། ཉི་ཀོང་ནན། ཉིང་པིན། ཕན་ཡུན་ཧོ། ཧྲེན་ཁྲང་ཞང་། སུན་ཅ་ཀོང་། སུན་ཡིའུ་ཞན། ཐན་ཅིའུ་པིན། ཝང་ཨེན་ཏུང་། ཝང་ཧྲ་ཧྥེ། ཝང་རང་ཐོན། ཝང་ཞའོ་མོ། ཝེ་ཡུས། (བུད་མེད) ཝུའུ་ཁྲེང་། ཝུའུ་ཧོ་ཀེང་། ཝུའུ་ཅང་ཞིན། ཝུའུ་ཅན་ཕིན། ཝུའུ་མན་ཆིན། ཝུའུ་ཝེ་རེན། ཝུའུ་ཧྲོའུ་ཨེར་•སི་ལ་མུའུ། ཞུས་དབྱང་ཧྲེང་། ཞུས་ཙུའུ་ཡན། དབྱང་ཞའོ་ཉུའུ། ཡེ་ཧྲང་ཧྥུ། ཡུས་ཆོན། ཡུས་ཧྲའོ་ཧྭ། ཀྲང་ཀོང་ཅུན། ཀྲང་ཡའོ་ཞུའེ། ཀྲང་ཀྲུང་ཧྭ། ཀྲའོ་ཆིན་ཕིན། ཀྲེང་ནན་ཉིན། ཀྲོང་སུང་ལིན།

བསླབ་པ་རྒན་པའི་ཡོན་ཧྲི།

ཀྲེན་ཏེ། ཚའེ་ཧོ་ཀའོ། ཚའེ་ཅི་རེན། ཁྲེན་ཅིན་ཞུང་། ཁྲེན་ཅུན་ལིའང་། ཀའོ་ཅེ། ཀུང་ཞན་དབྱི། ཀུང་ཀྲི་པེན། ཀུའོ་ཀུའེ་རུང་། ཧོ་ཏེ་ཆོན། ཧུའུ་ཀོང་ཀྲེན། ཧུའུ་ཆི་ཧེང་། (བུད་མེད)ཧོང་ཕེ་ཁང་། ཅང་ཅིང་ཧྲན། ཅང་ཝུན་ཧན། ཅིན་གོ་ཧྥན། ཅིན་དབྱི་ཞུན། ལི་ལེ་རྨིན། ལི་སན་ལི། ལི་ཡིའུ་ཕིན། ལིའང་ཅུན་ཝུའུ། ལིན་ཡུང་ཉན། ལིན་ཡུང་ཧྲུན། ལིའུ་ཧྲང་ཧོ། ལིའུ་ཡུང་ཐན། ལུའུ་ཅན་ཞུན། མ་ཡོན་ལིའང་། མའོ་ཨེར་ཁོ། ཕན་ཅུན་ཧྭ། སུང་ཅུན། སུའུ་ཅུན་ཧུང་། སུན་ཡུས། སུན་ཀྲུང་ལིའང་། ཝང་ཁྲེང་ཝུ། ཝང་རེན་ཞང་། ཝང་ཡེ། ཝང་ཙི་ཚའེ། ཝེ་ཀྲེང་ཡའོ། ཝེ་ཙི་ཆིང་། ཞུས་ཅུས་ཡན། དབྱང་ཧྲི་ཀྲུང་། ཡའོ་ཅུན་ཨེན། ཡེ་མིང་ཧན། ཡེ་ཧྲེང་ཧྭ། ཀྲང་ཀོང་དབྱི། ཀྲང་ལི་ཆན། ཀྲང་ལི་ཆན། ཀྲང་མིང་ཀའོ་། ཀྲང་ཞི་ཞང་། ཀྲའོ་དབྱི་ཅུན། ཀྲའོ་ཙི་སེན། ཀྲུང་ཧྲན། ཀྲོའུ་ལི་ཝེ། ཀྲོའུ་ཧྲོའུ་ཧེང་། ཀྲོའུ་ཀྲུང་དབྱི། ཀྲུའུ་ཀའོ་ཧྥེང་།

རྫས་འགྱུར་བཟོ་ལས་དང་། ལྕགས་རིགས་དང་རྒྱུ་ཆའི་བཟོ་སྐྲུན་པུའུ། (མི107ཡོད)

ཚའེ་ཧུང་ཉན། ཚའོ་ཞང་ཧུང་། ཁྲེན་ཧྥེན་ཨེར། ཁྲེན་ཅན་ཧྥེང་། ཁྲེན་ལི་ཆོན། ཁྲེན་ཞང་པའོ། ཏའེ་ཧོའུ་ལིའང་། ཏིང་ཝུན་ཅང་། ཧྥུ་ཞན་ཀྲི། ཀན་ཡུང་། ཀའོ་ཚུང་ཡུས། ཧོ་ཅི་ལིན། ཧུའུ་ཡུང་ཁང་། ཧོང་པོ་ཡུན། ཧོང་ཞའོ་ཝེ། (བུད་མེད)ཐུང་ཞི་ཀའོ། ཅང་ཏེ་ཧྲེང་། ལི་ཀོན་ཞིན། ལི་ཝེ། ལི་ཡན་རུང་། ལི་ཡོན་ཡོན། ལི་ཀྲུང་ཕིན། ལིའུ་ཅུང་ཐེན། ལིའུ་ཀྲུང་རྨིན། མའོ་ཞིན་ཕིན། ཉེ་དབྱི་རེན། ཨོའུ་དབྱང་ཕིང་ཁའེ། ཕན་ཧྥུ་ཧྲེང་། ཕེང་ཅིན་ཧུའེ། ཆན་ཧྥེང་། ཆན་ཞུས་ཧུང་། ཆིའུ་ཏིང་ཧྥུའུ། ཆིའུ་ཀོན་ཀྲོའུ། སང་ཧྥེང་ཐིན། ཧྲུའུ་ཞིན་ཐེན། སུན་ཁྲོན་ཡའོ། ཐན་ཐེན་ཝེ། ཐུའུ་ཧའེ་ལིན། ཝང་གོ་ཏུང་། ཝང་ཧའེ་ཀྲོའུ། ཝང་ཞུས་ཀོང་། ཝང་ཡིང་ཅུན། (བུད་མེད)ཝང་ཡུས་ཀྲུང་། ཝང་ཀྲེན་ཞི། ཝུང་ཡུས་ཆིང་། ཝུའུ་ཧྥེང་། ཝུའུ་དབྱི་ཁྲེང་། ཞེ་ཅན་ཞིན། ཞུས་ཧུའེ་པིན། ཞུས་ནན་ཕིན། ཞུའེ་ཆུན་ཅི། ཀྲང་མནའ་འབྲེལ། ཀྲང་ཧྲེང་ཡུང་། ཀྲང་ཡའོ་མིང་། ཀྲེང་ཡུས་གོ། ཀྲོའུ་ཅི། ཀྲོའུ་ཁེ་ཧེང་། ཀྲོའུ་ལན། ཀྲོའུ་ཡུས།

བསླབ་པ་རྒན་པའི་ཡོན་ཧྲི།

ཁྲེན་པིན་ཀྲེན། (བུད་མེད)ཁྲེན་ཅིན། ཁྲེན་ཆིན་རུའུ། ཁྲེན་ཡུན་པོ། ཚུའེ་ཅི། ཏའེ་ཡུང་ཉན། ཏིང་ཁྲོན་ཞན། ཧྥུ་ཧེང་ཀྲི། ཀུའུ་ཀྲེན་ཨན། ཀོན་ཞིན་ཡ། ཅང་ཏུང་ལིའང་། ཅིན་གཞུང་། ཁོ་ཝེ། ལི་ཏ་ཏུང་། ལི་ཏུང་དབྱིན། ལི་ཧེང་ཏེ། ལི་ཧེང་ཏེ། ལི་ཅུན་ཞན། ལི་ལུང་ཐུའུ། ལི་ཀྲེང་མིང་། ལིའུ་ཡེ་ཞང་། མའོ་པིན་ཆོན། ཧྲེན་དབྱིན་ཁྲུའུ། ཐང་མིང་ཧྲུའུ། ཝང་ཏེན་ཙུའུ། ཝང་ཅིན་ཁང་། (བུད་མེད)ཝང་དབྱི་ཆིན། ཝང་ཙེ་ཧྲན། ཝུའུ་ཧྲེང་། ཝུའུ་ཀྲི་ཙུའུ། ཞུས་ཁྲེང་ཨེན། ཞུས་ཁོང་ཏི། དབྱང་ཆི་ཡུས། དབྱིན་གོ་མའོ། དབྱིན་རུའེ་ཡུས། ཡུས་ཡུང་ཧྥུ། ཡོན་ཆིན་ཐང་། (བུད་མེད) ཡོན་ཝེ་ཁང་། ཀྲང་གོ་ཁྲེང་། ཀྲང་ཧྲོའུ་རུང་། ཀྲང་ཝུན་ཧའེ། ཀྲང་ཞིན་ཏུང་། ཀྲའོ་ལེན་ཁྲེང་། ཀྲའོ་ཀྲེན་ཡའོ། ཀྲོའུ་ཀོང་ཡའོ། ཀྲུའུ་ཡུང་། ཙོའུ་ཅིན། (བུད་མེད) ཙུའོ་ཐིའེ་ཡུང་།

ནུས་ཁུངས་དང་ཐོན་ཁུངས་བཟོ་སྐྲུན་པུའུ། (མི117ཡོད)

ཚའེ་མེ་ཧྥེང་། ཁྲེན་ཉན་ཉན། ཁྲེན་སེན་ཡུས། ཁྲེན་ཡུང་། ཏེང་ཅན་ཅུན། ཏེང་ཡུན་ཧྭ། རྡོ་རྗེ། ཧྥན་མིང་ཝུའུ། ཧྥན་ཝེ་ཁྲེང་། ཀུའུ་ཏ་ཀྲའོ། ཀུའོ་ཅན་པོ། ཧོང་ཆི་ལི། ཅང་ཧུང་ཏེ། ཁང་ཧུང་ཕུའུ། ལི་ཀེན་ཧྲེང་། ལི་ཅན་ཀང་། ལི་ལི་ཡུན། ལི་ཞའོ་ཧུང་། ལི་དབྱང་། ལི་ཀོན་ཧྥུན། ལིའུ་ཅི་ཀྲེན། ལུའོ་ཨན། ལུའོ་ཕིན་ཡ། མ་ཡུང་ཧྲེང་། མའོ་ཅིན་ཝུན། ཨོའུ་དབྱང་ཞའོ་ཕིན། ཕེང་ཞན་ཅུའེ། ཆིའུ་ཨའེ་ཚི། (བུད་མེད) ཧྲེན་གོ་རུང་། སུའུ་ཝན་ཧྭ། སུའུ་དབྱི་ཉན། སུན་ཁྲེང་ཝེ། སུན་ཅིན་ཧྲེང་དང་། སུན་ལུང་ཏེ། ཐང་ཀོང་ཧྥུ། ཐང་ལི། ཝན་ལི། ཝང་གོ་ཧྥ། ཝང་ཧྲོང་མིང་། ཝུན་ཞུའེ་ཡིའུ། ཝུའུ་ཆང་། ཞ་ཅ་ཝུན། ཞེ་ཧུའུ་ཕེན། ཞེ་ཁེ་ཁྲང་། ཞུའེ་ཡུས་ཧྲེང་། ཡུས་ཅུན་ཁྲུང་། ཡོན་ལིའང་། ཡོན་ཧྲི་དབྱི། ཡུའེ་ཀོང་དབྱི། ཙེང་ཧེང་དབྱི། ཀྲང་ཐིའེ་ཀང་། ཀྲང་ཡུས་ཀྲའོ། ཀྲའོ་ཝུན་ཀྲི། ཀྲའོ་ཞན་ཀེང་། ཀྲེང་ཅན་ཁྲའོ། ཀྲོའུ་ཝེ་ཝུ།

བསླབ་པ་རྒན་པའི་ཡོན་ཧྲི།

ཨན་ཅི་ཀང་། ཁྲེན་ཆིང་ཆོན། ཚེན་ཁོ་ཧྥ། ཁྲང་དབྱིན་ཧྥ། ཁྲེན་ཡུས་ཁྲོན། ཏུའུ་ཞང་ཧུའེ། ཧྥན་ཝེ་ཐང་། ཧྥུ་དབྱི་པེ། ཀུའུ་ཏེ་ཧྲེང་། ཀུའུ་ཅིན་ཚའེ། ཀུའུ་ཞིན་ཞུའེ། ཧན་ཏ་ཁུའོ། ཧན་དབྱིན་ཏུའོ། ཧོ་ཏུའོ་ཧུའེ། ཧོ་ཅི་ཧྲན། ཧུང་པོ་ཆན།  ཧུའུ་ཅིང་དབྱི། ཧུའུ་སི་ཏེ། ཅིན་ཆིང་ཧོན། ཁང་ཡུས་ཀྲུའུ། ལེ་ཆིང་ཆོན། ལི་ཆིང་ཀྲུང་། མའོ་ཡུང་ཙེ། ཉི་ཝེ་ཏུའུ། ཕན་ཡོན། ཕན་རང་ཀྲུང་། ཕེ་རུང་ཧྥུ། ཕེང་ཧྲི་ལུའུ། ཆན་ཀའོ་ཡུན། ཆན་མིང་ཀའོ། ཆན་ཧྲའོ་ཅུན། ཆིན་ཡུས་ཁུན། ཆིའུ་ཀྲུང་ཅན། ཧྲེན་ཀྲུང་ཧོའུ་དང་། སུན་ཡུས་ཧྥ། ཐང་ཞི་ཧྲེང་། ཐང་བར་གནས་པ། ཐུང་ཞའོ་ཀོང་། ཝང་ཏེ་རྨིན། ཝང་སི་ཅིན། ཝང་ཀྲུང་ཆི། ཝུང་ཧྲི་ལེ། ཞན་ཞུའེ་ཧྥུ། ཞུས་ཏ་མུའུ། ཞུས་ཧྲའོ། ཞུས་ཧྲའོ་ཞུའུ། དབྱང་ཆི་ཞུན། དབྱང་ཡུས་ཧྲེང་། ཡེ་ཆི་སུན། དབྱི་པའོ་ལེན། ཡུས་རུན་ཚང་། ཡུས་དབྱི་ཞིན། དབྱི་ཀོང་། ཀྲང་ཞིན་ཝེ། ཀྲང་ཡུང་ཁྲེང་། ཀྲའོ་ཝུན་ཅིན། ཀྲེང་མན་ཕིན། ཀྲོའུ་པང་ཞིན། ཀྲོའུ་ཧྲི་ཉིང་། ཀྲོའུ་ཡུང་མའོ།  

ས་ཤིང་དང་། ཆུ་བེད། ཨར་ལས་བཟོ་སྐྲུན་པུའུ། (མི105ཡོད)

ཁྲེན་ཞང་ཧྲེང་། ཁྲེན་ཀྲེང་ཆིང་། ཚུའེ་ཁའེ། ཏེང་མིན་ཅང་། ཏུའུ་ཡན་ལིའང་། ཀུང་ཞའོ་ནན། ཀུའོ་རེན་ཀྲུང་། ཧོ་ཧྭ་ཝུའུ། ཧུའུ་ཁྲུན་ཧུང་། ཧོང་ཝེ། ཅང་ཝན། ཁུང་ཞན་ཅིན། ལི་ཧྭ་ཅུན། ལི་ཅན་ཁྲེང་། ལིའང་ཝུན་ཧའོ། ལིའུ་ཅ་ཕིན། ལིའུ་ཅིན་ནན། ལིའུ་ཞན་ལིན། མ་གོ་ཞིན། མ་ཧུང་ཆི། མེང་ཅན་རྨིན། མིའོ་ཁྲང་ཝུན། ཉེ་ཅན་གོ། ཆའོ་ཞིན་ཆང་། ཨོའུ་ཅིན་ཕིན། ཕེང་ཡུང་ཀྲེན། ཆིན་ཧྲུན་ཆོན། རེན་ཧུའེ་ཆི། རེན་ནན་ཆི། ཐན་ཧྲུའུ་སེན། ཝང་ཁྲའོ། ཝང་ཧྥུ་མིང་། ཝང་ཧའོ། ཝང་ཧའོ། ཝང་ཅན་གོ ཝང་རུའེ་ཀྲུའུ། ཝུའུ་ཀྲི་ཆང་། ཝུའུ་ཀྲུང་རུའུ། ཞའོ་ཞུས་ཝུན། ཞེ་ལི་ལི། ཞེ་ཞན་ཆི། དབྱང་ཞིའུ་རྨིན། དབྱང་ཡུང་པིན། ཡུའེ་ཆིན་རུའེ། ཀྲང་ཁྲའོ་རྨིན། ཀྲང་ཅན་རྨིན། ཀྲང་ཅན་ཡུན། ཀྲེང་ཅན་ལུང་། ཀྲེང་ཙུང་ལེན། ཀྲེང་ཧྲོའུ་རེན། ཀྲུང་ཏེང་ཧྭ། ཀྲོའུ་ཧྥུ་ལིན། ཀྲོའུ་ཞུས་ཧུང་།

བསླབ་པ་རྒན་པའི་ཡོན་ཧྲི།

ཁྲེན་ཧོའུ་ཆུན། ཁྲེན་ཀྲའོ་ཡོན། ཁྲེང་ཐའེ་ཉིང་། ཚུའེ་ཅུན་ཀྲི། ཏུང་ཧྲི་ལིན། ཧྥེང་ཧྲུའུ་ཡུས། ཧྥུ་ཞི་ཉན། ཀེ་ཞིའུ་རུན། ཀོན་ཀྲའོ་ཡུས། ཧན་ཡུས། ཧོ་ཅིན་ཐང་། ཧོང་ཞི་ལིང་། ཅང་ཧོན་ཁྲེང་། ལི་ཏའོ་ཙེང་། ལི་ཀུའེ་པའེ། ལི་ཀེང་། ལི་ཡིའུ་ཅ། ལིའོ་ཀྲེན་ཕེང་། ལིན་ཡོན་ཕེ། ལུང་ཀུའེ་ཆིའུ། ལུའུ་ཡའོ་རུའུ། ལུའོ་ཧྲའོ་ཅི། མ་ཁེ་ཅན། ཡུས་ཀྲི། མེང་ཀྲའོ་ཀྲེན། ཉིན་ཅིན་ཧྲེང་། ཆན་ཆི་ཧུའུ། ཆན་ཀྲེང་ཡིན། (བུད་མེད)རུང་པའེ་ཧྲེང་། ཧྲ་ཆིན་ལིན། ཧྲེན་ཧྲི་ཀྲའོ། ཧྲི་ཀྲུང་ཧེང་། ཝང་ཀོང་ཡོན།  ཝང་ཅ་ཡའོ། ཝང་ཅིན་ཆོན། ཝང་ཞའོ་ཏུང་། ཝེ་ཏུན་ཧྲན། ཝུན་ཧྥུ་པོ། ཝུའུ་ལིའང་ཡུང་། ཞང་ཧའེ་ཧྥན། ཞུས་ཆི་ཧྥེང་། ཡེ་ཁོ་མིང་། ཀྲང་ཅེ། ཀྲང་ཅིན་ཆིའུ། (བུད་མེད)ཀྲང་ཙུའུ་ཞུན། ཀྲེང་དབྱི་རེན། ཀྲེང་ཀྲི་རྨིན། ཀྲུང་ཞུན་ཀྲེང་། ཀྲོའུ་ཧྥེང་ཅུན། ཀྲོའུ་ཅིན། ཀྲོའུ་ཅུན་ལིའང་། ཀྲུའུ་པོ་ཧྥང་། ཙོའུ་ཏེ་ཚི།

ཁོར་ཡུག་དང་འཁེལ་འཐག་བཟོ་སྐྲུན་པུའུ། (མི55ཡོད)

ཁྲེན་ཅན། ཁྲེན་ཁེ་ཧྥུ། ཏིང་ཏེ་ཝུན། ཏོན་ཉིན། ཧྥང་གོ་ཧུང་། ཧའོ་ཅི་མིང་། ཧོ་རུང་། ཧོ་ཁེ་པིན། ཧོའུ་པའོ་རུང་། ཧོའུ་ལི་ཨན། ཅང་ཞིན་ཝེ། ལི་ཅ་པིའོ། ལིའུ་ཝུན་ཆིང་། ཕན་ཏེ་ཐའོ། ཕང་གོ་ཧྥང་། ཐུང་ཅིན་ཕིན། ཆུས་ཅིའུ་ཧུའེ། ཧྲི་པི། སུང་ཅུན་ཆང་། སུན་པའོ་གོ། སུན་ཅིན་ལིའང་། ཝང་ཆི། (བུད་མེད)ཝུའུ་ཧྥེང་ཁྲང་། ཝུའུ་ཆིན་ཕིན། ཞེ་ཅན་ཕིན། ཞུས་ཅན་རྨིན། ཞུས་ཞང་ཏེ། དབྱང་ཀྲི་ཧྥེང་། ཡུས་ཅན་ཡུང་། ཡུའེ་གོ་ཅུན། ཀྲང་ཆོན་ཞིན། ཀྲང་དབྱི། (བུད་མེད)ཀྲང་ཡོན་ཧང་། ཀྲུའུ་ལི་ཝེ། (བུད་མེད)ཀྲུའུ་ལི་ཀྲུང་།

བསླབ་པ་རྒན་པའི་ཡོན་ཧྲི།

ཚའེ་ཏའོ་ཅི། ཁྲེན་ལེན་ཧྲོའུ། ཏིན་དབྱི་ཧུའེ། ཅི་གོ་པིའོ། ཅང་ཧྲི་ཁྲེང་། ཅིན་ཞང་ལུང་། ལི་ཙེ་ཁྲུན། ལིའུ་ཧུང་ལིའང་། ལུན་ཧྲི་དབྱི། ཆན་དབྱི། (བུད་མེད)རེན་ཅུན་ཧའེ། ཐང་ཧུང་ཞའོ། ཐང་ཞའོ་ཡན། (བུད་མེད)ཝང་ཝུན་ཞིན། ཝེ་ཧྥུ་ཧྲེང་། ཡའོ་མུའུ། ཡུས་མིང་ཧྥང་། ཡོན་ཡེ་ལི། ཀྲོའུ་ཞང་། (བུད་མེད)

ཞིང་ལས་པུའུ། (མི77ཡོད)

པའོ་ཀྲེན་རྨིན། ཚའོ་ཧྥུ་ལིའང་། ཁྲེན་ཧོན་ཁྲུན། ཁྲེན་ཅན་ཕིན། ཁྲེན་ཝུན་ཧྥུ། ཁྲེན་ཞུའེ་ཀེང་། ཁྲེང་ཧྲུན་ཧོ། ཏེང་ཞིའུ་ཞིན། ཧྥང་ཀྲི་ཡོན། ཀོན་ཧྭ་ཧྲི། ཅན་ཁྲུན། ཅིན་ཉིན་དབྱི། ཁང་ཧྲའོ་ཀྲུང་། ཁང་ཀྲེན་ཧྲེང་། ལི་ཏེ་ཧྥ། ལི་ཅན། ལི་ཐེན་ལའེ། ལི་ཡུས། ལིའུ་ཞིའུ་ཧྥན། ལིའུ་ཞུས། ལུའོ་ཞི་ཝུན། མའེ་ཁང་སེན། ནན་ཀྲི་པིའོ། ཧྲེན་ཅན་ཀྲུང་། སུང་པའོ་ཨན། སུང་ཀྲན་ཆན། ཐང་ཧྭ་ཅུན། ཐང་ཆི་ཧྲེང་། ཝན་ཅན་རྨིན། ཝང་ཧན་ཀྲུང་། ཝུའུ་ཁུང་མིང་། ཞིན་ཧྲི་ཝུན། དབྱིན་ཝེ་ལུན། དབྱིན་ཡུ་ལུང་། ཡུས་ཧྲུའུ་ཞོན། ཡུས་ཀྲེན་ཝུན། ཀྲང་ཧྥུ་སོའོ། ཀྲང་ཀའེ་ཕིན། ཀྲང་ཧུང་ཁྲེང་། ཀྲང་ཧྲོའུ་ཧྥུ། ཀྲང་ཞིན་ཡིའུ། ཀྲའོ་ཁྲུན་ཅང་། ཀྲའོ་ཀྲེན་ཏུང་། ཀྲུའུ་ཡིའུ་ཡུང་། ཙོའུ་ཞེའུ་ཞོའུ།

བསླབ་པ་རྒན་པའི་ཡོན་ཧྲི།

ཁྲེན་ཙུང་མུའུ། ཏའེ་ཅིན་རུའེ། ཧྥན་ཡུན་དྲུག (བུད་མེད)ཧྥུ་ཐིན་ཏུང་། ཀའེ་ཅུན་ཧྥང་། ཀོན་ཁྲུན་ཡུན། ཧོའུ་ཧྥེང་། ཅང་དབྱི་ཡོན། ལི་ཕེ་ཁྲེང་། ལི་ཝུན་ཧྭ། ལིན་ཧའོ་རན། ལིའུ་ཧྲོའུ་རེན། ལིའུ་ཞིན་ཐུའུ། མ་ཅན་ཀྲང་། རེན་ཅི་ཀྲོའུ། རུང་ཐིང་ཀྲའོ། ཧྲན་ལུན། ཧྲེན་གོ་ཧྥང་། ཧྲི་ཡོན་ཁྲུན། ཧྲི་ཡུས་ལིན། ཧྲུའུ་ཧོའེ་རུའེ། སུན་ཅིའུ་ལིན། ཝང་མའོ་ཧྭ། ཝུའུ་མིང་ཀྲུའུ། (བུད་མེད)ཞ་ཞན་ཀྲུའུ། ཞང་ཀྲུང་ཧུའེ། ཞུས་ཞུན། (བུད་མེད)ཡན་ལུང་ཨན། ཡོན་ལུང་ཕིན། ཀྲང་ཙི་དབྱི། ཀྲའོ་ཧྥ་ཀྲེན།

སྨན་བཅོས་འཕྲོད་བསྟེན་པུའུ། (མི117ཡོད )

ཧའོ་ཞི་ཧྲན། ཧོའུ་ཧུའེ་། ཧུའུ་ཧྲེང་ཧྲོའུ། ཧོང་ལི་ཆི། ལང་ཅིང་ཧོ། ལི་ཏ་ཕེང་། ལི་ལན་ཅོན། (བུད་མེད)ལི་སུང་། ལི་ཀྲའོ་ཧྲེན། ལིན་ཏུང་ཞིན། ལིའུ་ཁྲང་ཞའོ། ལིའུ་ཏེ་ཕེ། ལིའུ་ཀྲི་ཧུང་། (བུད་མེད། )ཀེང་ཀོང་། ཆའོ་ཅེ། (བུད་མེད)ཆིའུ་ཀུའེ་ཞིན། རོན་ཁྲང་ཀེན། སང་གོ་ཝེ། ཧྲེན་པེ་ཧྥུན། (བུད་མེད)ཧྲེན་ཙུའུ་ཡའོ། སུན་དབྱིན་ཧའོ། ཐེན་ཀྲི་ཀང་། ཝང་ཁྲེན། ཝང་ཀོང་ཅི། ཝང་ཧུང་དབྱང་། (བུད་མེད)ཝང་རུའེ། ཝང་ཝེ་ཆི། ཝང་ཞུའེ་ཧའོ། ཝུའུ་དབྱི་ལིན། ཞ་ཀྲའོ་ཧྥན། (བུད་མེད)ཞེ་ལི་ཞིན། ཞུས་ཅན་གོ། དབྱང་པའོ་ཧྥེང་། དབྱང་ཧྲེང་། ཡུས་ཅིན་མིང་། ཡོན་གོ་ཡུང་། ཙེང་ཧུའེ་ཐའོ། ཀྲན་ཆི་རྨིན། ཀྲང་པོ་ལི། ཀྲང་ཞིན་ཞུའེ། ཀྲང་ཡིང་ཙེ། ཀྲང་ཡུན། ཀྲང་དབྱི། ཀྲང་དབྱི། ཀྲེང་ཧྲུའུ་སེན། ཀྲོའུ་ཧུང་ཧའོ། ཀྲོའུ་ལི་ཧྥུ།

བསླབ་པ་རྒན་པའི་ཡོན་ཧྲི།

པ་ཏེ་ཉན། ཁྲེན་ཧའོ་ཀྲུའུ། ཁྲེན་ཧུང་ཏུའོ། ཁྲེན་ཅི་ཧྲེང་། ཁྲེན་ཅུན་ཧྲི། ཁྲེན་ཡ་ཀྲུའུ། (བུད་མེད)ཁྲེང་ཐེན་རྨིན། ཁྲེ་ཀྲི་ཆང་། ཏའེ་ཨའེ་རུང་། ཀུའུ་ཅན་རེན། ཀུའུ་ཡུས་ཏུང་། ཀུའོ་དབྱིན་ལུའུ། ཧུང་ཐའོ། ཧོའུ་ཡུན་ཏེ། ཧུའུ་ཡ་མེ། (བུད་མེད)ཧུའུ་ཀྲི་པི། (བུད་མེད) ལི་ཁྲུན་ཡན། ལི་ཅེ་ཧྲོའུ། ལིའོ་ཝན་ཆིང་། ལིའུ་ཡའོ། ལིའུ་ཡུས་ཆིང་། ལུའུ་ཏའོ་ཕེ། ལུའུ་ཧྲི་པི། ཆིན་པོ་དབྱི། ཆིའུ་ཝེ་ཧྲན། ཧྲེན་ཡུས་ཧྥང་། (བུད་མེད)ཧྲེང་ཀྲི་ཡུང་། ཧྲི་ཞུའེ་རྨིན། སུན་ཡན། ཐང་ཞི་ཚན། ཐང་ཧུའེ་ཡིའུ། ཝང་ལིན་ཧྥང་། (བུད་མེད) ཝང་ཡུང་ཡན། ཝང་ཀྲེང་གོ། ཝང་ཀྲེན་དབྱི། ཝུན་ཡུས་མེ། (བུད་མེད)ཝུའུ་ཐེན་དབྱི། ཝུའུ་ཞན་ཀྲུང་། ཞ་ཅ་ཧུའེ། ཞང་ཁུན་སན། ཞའོ་པི་ལེན། (བུད་མེད)ཞའོ་ཕེ་ཀེན། ཡའོ་ཞིན་ཞིན། ཡུས་ཏེ་ཆོན། ཡུས་མེང་སུན། ཡུས་ཅིན་ཀྲེ། ཀྲའོ་ལི། ཀྲེན་ཡུང་སུའུ། ཀྲུང་ནན་ཧྲན། ཀྲུང་ཧྲི་ཀྲེན། ཀྲུའུ་ཞའོ་ཏུང་། ཀྲོང་ཧུའེ།

ལས་གྲྭ་དོ་དམ་རིག་གཞུང་པུའུ། (མི33ཡོད)

ཚའོ་ཡའོ་ཧྥེང་། ཁྲའེ་ཧུང་ཧྥེང་། ཁྲེན་ཞའོ་ཧུང་། (བུད་མེད)ཏིང་ལེ་ཡུན། ཧྥན་གོ་པིན། ཧུའུ་ཝུན་རུའེ། ཧོང་ཞི་ཨན། ཅིན་ཀྲི་ཞིན། ལིན་ཝུན། ལིའུ་ཧོ། ལིའུ་ཧོ། ལིའུ་རེན་ཧོའེ། ལུའུ་ཁྲུན་ཧྥང་། ལོན་ཨེན་ཅེ། ཧྲའོ་ཨན་ལིན། སུན་ཡུང་ཧྥུ།  ཝང་ཨན། ཝང་ཅི་མིན། ཝང་ཅིན་ནན། ཝང་ལུང་ཏེ། ཝང་ཡུས་ཕུའུ། ཞང་ཀྲའོ། (བུད་མེད)དབྱང་ཧྲན་ལིན། ཀྲའོ་ཞའོ་ཀྲི། ཀྲེང་ཅིན་ཁྲེན། ཀྲེང་ནན་ཉིན། ཀྲོའུ་ཅན་ཕིན།

བསླབ་པ་རྒན་པའི་ཡོན་ཧྲི།

པ་ཏེ་ཉན། ཁྲེན་ཆིང་ཆོན། ཁྲེང་ཐེན་རྨིན། ཏུའུ་ཞང་ཧེང་། ཧྥུ་ཀྲི་ཧོན། ཀུའོ་ཁྲུང་ཆིན། ཀུའོ་ཀུའེ་རུང་། ཧོ་ཅི་ཧྲན། ཅང་ཧྲི་ཁྲེང་། ལི་ཏུང་དབྱིན། ལི་ཅིན་ཝུན། ལུའུ་ཡིའུ་ཡུས། ལུའོ་ཧྲའོ་ཅི། ཆན་ཆི་ཧུའུ། རའོ་ཧྥང་ཆོན། ཧྲེན་རུང་ཅུན། ཝང་ལི་ཧེང་། ཝང་དབྱིན་ལོ། ཝང་ཀྲུང་ཐའོ། ཞུས་པིན་ཧྲི། ཞུས་ཁོང་ཏི། ཞུས་ཆིན་རུའེ། ཞུས་ཧྲོའུ་པོ། ཡེ་ཁོ་མིང་། དབྱིན་རུའེ་ཡུས། ཡོན་ཆིན་ཐང་། (བུད་མེད)ཅན་ཀོང་། ཀྲང་ཧྲོའུ་རུང་། ཀྲུའུ་ཀའོ་ཧྥེང་། ཀྲུའུ་ཞའོ་ཏུང་།

6 འོས་འགན་དང་ཁེ་དབང་།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་བརྩི་སྲུང་དང་། 《ཀྲུང་གོ་བཟོ་སྐྲུན་ཁང་གི་སྒྲིག་ཁྲིམས》བརྩི་སྲུང་བྱེད་དགོས། བཟོ་སྐྲུན་ཚན་རིག་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། བེད་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་གསར་གཏོད་ཧུར་ཐག་དང་ཟམ་མི་ཆད་པར་བྱས་རྗེས་འཇོག་དགོས། ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་། ཚན་རིག་གི་ཀུན་སྤྱོད་སྲུང་སྐྱོབ། སློབ་སྲོལ་བཟང་པོ་དར་སྤེལ། མིག་དཔེའི་ནུས་པ་འདོན་པ། བཟོ་སྐྲུན་ཚན་རིག་ལག་རྩལ་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བཟོ་སྐྲུན་ཚན་རིག་ལག་རྩལ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བཟོ་སྐྲུན་ཚན་རིག་ལག་རྩལ་གོང་དུ་སྤེལ་བ་དང་ཇུས་ཐག་གཅོད་པར་གྲོས་འགོ་འདོན་པའི་དབང་ཆ་ཡོད་པ། ཡོན་ཧྲིའི་འོས་མི་དང་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲིའི་འོས་མི་མིང་འདོན་པའི་དབང་ཆ་ཡོད། ཡོན་ཧྲིའི་གྲོས་ཚོགས་ཐོག་འདེམས་བསྐོ་བྱེད་དབང་དང་གདམ་བྱའི་དབང་ཆ་ཡོད། འབྲེལ་ཡོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་དབང་ཆ་ཡོད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་བསླབ་པ་རྒན་གྲས་ཀྱིས་སློབ་གླིང་དང་རིག་གཞུང་པུའུ་ཡི་འགོ་ཁྲིད་ཀྱི་འགན་མི་འཁུར་བ་དང་ཡོན་ཧྲིའི་འོས་མིའི་མིང་འདོན་པ་དང་འདེམས་བསྐོའི་ནང་མི་ཞུགས་པ། ཡོན་ཧྲིའི་ཚོགས་འདུ་དང་དེ་བཞིན་བློ་འདྲི། དཔྱད་མོལ། རིག་གཞུང་སྤེལ་རེས་སོགས་ཀྱི་བྱེད་སྒོར་ཞུགས་ཆོག

ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི་ཡིས་ཀྲུང་གོའི་བཟོ་སྐྲུན་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་ལས་ཀའི་ཐད་གྲོས་འགོ་འདོན་པའི་དབང་ཆ་ཡོད་པ། གདན་ཞུ་ལྟར་ཀྲུང་གོ་བཟོ་སྐྲུན་ཁང་དང་རིག་གཞུང་པུའུ་ཡིས་རྩ་འཛུགས་བྱས་པའི་འབྲེལ་ཡོད་ཚོགས་འདུ་དང་རིག་གཞུང་བྱེད་སྒོར་ཞུགས་ཆོག་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་དཔེ་སྐྲུན་དངོས་པོ་ཐོབ་ཐུབ། ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི་འདེམས་བསྐོའི་བྱེད་སྒོར་ཞུགས་པའི་དབང་ཆ་མེད།

7 སྤྱི་ཚོགས་ཀྱི་གདེང་འཇོག

རྒྱལ་ཁབ་ཀྱི་རྒྱུ་ནོར། མི་དམངས་ཀྱི་གཟི་བརྗིད། མི་རིགས་ཀྱི་གཟི་བརྗིད།  (ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་)  

རིག་གཞུང་གི་སྣེ་ཁྲིད་པ་དང་གཞོན་ནུ་ཚན་རིག་མཁས་ཅན་གྱི་ལམ་ཁྲིད་པ། ཡོན་ཧྲི་མང་ཆེ་ཤོས་ནི་རིག་གཞུང་དང་ཡང་ན་སློབ་སྲོལ་གང་ཡིན་རུང་དཔེ་མཚོན་ཞིག་ཏུ་བརྩིས་ཆོག ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཡོན་ཧྲིའི་དཔུང་ཁག་ན་གཞོན་ཅན་དུ་འགྱུར་བ་དང་བསྟུན་ནས། ཡོན་ཧྲི་ཁ་ཤས་ནི་རིག་གཞུང་གི་“ཞེན་རྟེན”ཙམ་རེད་ཟེར་བའི་བཤད་ཚུལ་དེ་དངོས་ཡོད་དང་ཅུང་མི་མཐུན་པར་སྣང་། ཚན་རིག་ཞིབ་འཇུག་གི་ལས་འགན་བྱེ་བྲག་པ་མི་འཁུར་བའི་ཡོན་ཧྲི་མང་པོ་ཞིག་གིས་ཀྱང་རྒྱལ་ཁབ་ཀྱི་རིག་སྟོབས་དང་བསམ་བློའི་བང་མཛོད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། (མི་དམངས་ཉིན་རེའི་ཚགས་པར)

“ཡོན་ཧྲི་ནི་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁོངས་མི་ཞིག་ཡིན” “ཉེ་བའི་ལོ་ཤས་རིང་ཡོན་ཧྲིར་ངོས་འཛིན་ཐད་ནོར་འཁྲུལ་ཚབས་ཆེན་བྱུང་ནས་ཚད་ངེས་ཅན་ཞིག་གི་ཐོག་ཡོན་ཧྲི་ནི་ལས་ཁུངས་འགའ་ཞིག་གི‘རིག་གཞུང་ཐོན་ཁུངས’སམ་ཡང་ན་ལས་ཁུངས་འགའ་ཞིག་གི་འགོ་ཁྲིད་ཀྱི‘བྱས་འབྲས’སུ་གྱུར་ཡོད། (ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུན་ཡུས་མེ་དང་། ཀྲོང་ཧུའེ། ཙེང་ཧྭ་ཐའོ། ཆིན་པོ་དབྱི། སྤྱི་ལོ2011ལོའི་ཟླ5པའི་ཚེས31ཉིན)

8 ཡོན་ཧྲིའི་དོན་རྐྱེན།

ཡོན་ཧྲིའི་ཐོབ་ཐང་མཚམས་འཇོག་པ།

ཀྲོའུ་གོ་ཐའེ། སྤྱི་ལོ1999ལོར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས། སྤྱི་ལོ2015ལོའི་ཟླ10པའི་ཚེས21ཉིན་རུལ་སུངས་ཀྱི་གནད་དོན་བྱུང་པའི་རྗེས་སུ། ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲིའི་ཐོབ་ཐང་མཚམས་འཇོག་བྱས།

ལི་ཉིང་། སྤྱི་ལོ2008ལོར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས། སྤྱི་ལོ2015ལོའི་ཟླ1པོའི་ཚེས17ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲིའི་ཐོབ་ཐང་མཚམས་འཇོག་བྱས།

མེང་ཝེ། སྤྱི་ལོ2009ལོར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས། སྤྱི་ལོ2017ལོའི་ཟླ11པའི་ཚེས14ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲིའི་ཐོབ་ཐང་མཚམས་འཇོག་བྱས།

“དཔོན་གནས་མཐོ་བའི”ཡོན་ཧྲིའི་སྣང་ཚུལ།

སྤྱི་ལོ2013ལོའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་སྣོན་འདེམས་ཁྲོད། གདམ་བྱའི་འོས་མིའི་མིང་ཐོ་མི་ཉུང་བ་ཞིག་ད་ལྟའམ་ཡང་ན་ལས་ཐོག་སྔ་མའི“མཐོ་རིམ་དཔོན་རིགས་དང་མཐོ་རིམ་དོ་དམ་པ”ཡིན་ཞིང། དེར་དོ་ཁུར་རྒྱ་ཆེར་ཐོབ་མོད། དོན་དངོས་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གིས་སྔ་མོ་ནས“ཡོན་ཧྲིར་བདམས་ཐོན་བྱུང་བར་ཐོག་མར་ངེས་པར་དུ་ཚན་རིག་པ་ཡིན་དགོས་པ”དང་། “མཐོ་རིམ་ལས་བྱེད་པ་དང་ཁེ་ལས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཡིན་ནའང་འདྲ། ཡང་ན་སྲིད་འཛིན་རིམ་པ་མེད་པའི་ཚན་ཞིབ་མི་སྣ་ཡིན་ནའང་འདྲ། ཚད་གཞི་འདིས་མིང་འདོན་བྱ་མཁན་ཚང་མར་འདྲ་མཉམ་གྱིས་བལྟས་ཡོད” 

ཡོན་ཧྲི་འཕར་འདེམས་བྱེད་པར་མང་ཚོགས་ཀྱིས་དོ་སྣང་བྱེད་དོན་ནི། རིག་གཞུང་ལས་རིགས་དང་ཚན་རིག་ཞིབ་འཇུག་གི་སྐྱེ་ཁམས་ཁྱབ་ཁོངས་སུ་གནད་དོན་མང་པོ་གནས་པ་མཚོན་ལ། དཔེར་ན་ཡོན་ཧྲིའི་རིག་གཞུང་རུལ་སུངས་དང་། རིག་གཞུང་ཐོན་ཁུངས་སྒེར་སྡོམ་བྱེད་པའི་སློབ་སྦྱོང་བཙན་བདག་གི་གནད་དོན། དེ་བཞིན་ཉེ་བའི་ལོ་ཤས་རིང་ཡོན་ཧྲི་འཕར་འདེམས་ཁྲོད་བྱུང་བའི་མི་སྒེར་གྱིས་འདེམས་ཤོག་འཕེན་སྐུལ་དང་ལས་ཁུངས་གྱིས་འདེམས་བསྐོ་བྱེད་རོགས་བྱེད་པ་སོགས་ཀྱི་སྲོལ་ངན་ལྟ་བུའོ། ཀྲུང་གོ་བཟོ་སྐྲུན་ཁང་གིས་དེ་སྔ་ཡོངས་བསྒྲགས་བྱས་ནས། ཡོན་ཧྲི་གསར་པ་འཕར་འདེམས་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་འདེམས་ཤོག་འཕེན་སྐུལ་དང་འདེམས་རོགས་ཀྱི་སྣང་ཚུལ་ལ་ཐ་ཚིག་བསྒྲགས་པ་རེད།

སྣོན་འདེམས་མིང་ཐོ་ཕྱིར་ཤོར་པ།

སྤྱི་ལོ2011ལོའི་ཟླ12པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གོ་བཟོ་སྐྲུན་ཁང་གི་སྤྱི་ལོ2011ལོའི་ཡོན་ཧྲི་གསབ་འདེམས་བྱས་པའི་མཇུག་འབྲས་ཕྱིར་ཐོན་ལ། ཕུལ་བྱུང་བཟོ་སྐྲུན་ཚན་རྩལ་ལས་དོན་པ54ཡོན་ཧྲིར་བདམས་པ་རེད། འོན་ཀྱང་ཟླ་བ་གཅིག་གི་སྔོན་དུ། དྲ་གྲོགས་ཀྱིས་སྔ་མོ་ནས་ཡོན་ཧྲི་གསར་པ33གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད་དུ་མི32ཡོན་ཧྲིར་བདམས། དེར་བརྟེན་བཟོ་སྐྲུན་ཁང་གི་ཡོན་ཧྲི་གསར་པའི་མིང་ཐོ་སྔ་མོ་ནས་ཕྱིར་ཤོར་པའི་དོགས་པ་བྱུང་།

བཟོ་སྐྲུན་ཁང་གི་འབྲེལ་ཡོད་འགན་འཁུར་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་མ་གནང་གོང་དུ། བཟོ་སྐྲུན་ཁང་གིས་མིང་ཐོ་སྔོན་ལ་ཁྱབ་བསྒྲགས་བྱེད་པའམ་ཡང་ན་ཡོན་ཧྲི་ལ་བརྡ་ཐོ་གཏོང་མི་སྲིད་པ་དང་། དྲ་རྒྱའི་ཐོག་གི་མི33གྱི་མིང་ཐོ་དེ་མཐའ་མའི་མི54ཡི་མིང་ཐོ་དང་བསྡུར་ན་ཆད་ལྷག་མང་པོ་ཡོད་པ་དང་ཆ་ཚང་མིན་པ་སོགས་ལ་གཞིགས་ན་མིང་ཐོ་དེ་ཚད་ལྡན་མིན་པ་གསལ་ཞེས་བཤད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-03

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།