ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། དམངས་གཙོའི་ཏང་ཤོག་ཁག་གི་དམངས་གཙོའི་མི་དྲག་དང་མི་དམངས་ཚོགས་པ་ཁག ལས་རིགས་ཁག་བཅས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国人民政治协商会议
མངའ་ཁོངས།
ཀྲུང་གོ
ཕྱི་ཡིག་གི་མིང་།
Chinese People's Political Consultative Conference
བྱུང་སྟངས།
གྲོས་མོལ་འོས་སྦྱོར།
བསྡུས་མིང་།
མི་དམངས་སྲིད་གྲོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི
ཝང་དབྱང་།
1 ངོ་སྤྲོད།

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བསྡུས་མིང་ལ་མི་དམངས་ཆབ་གྲོས་ཞེས་བྲིས་ཡོད་དེ། CPPCCནི་ཀྲུང་གོའི་མི་དམངས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི་གལ་ཆེན། ཀྲུང་གོའི་ཆབ་སྲིད་འཚོ་བའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་བཅས་ཡིན། 

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། དམངས་གཙོའི་ཏང་ཤོག་ཁག  དམངས་གཙོའི་མི་དྲག  མི་དམངས་ཚོགས་པ་ཁག   ལས་རིགས་ཁག་བཅས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་རེད། 

2 གྲོས་ཚོགས་ཀྱི་ངོ་བོ།      

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི(བསྡུས་མིང་ལ་མི་དམངས་སྲིད་གྲོས་ཟེར)ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་དང་། .jpgཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི་གལ་ཆེན་ཞིགཀྲུང་གོའི་ཆབ་སྲིད་འཚོ་བའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་ཞིག་བཅས་ཡིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་གསར་བརྗེའི་འཐབ་རྩོད་ཡུན་རིང་བྱས་པ་བརྒྱུད་ཀྲུང་གོ་གསར་པ་དབུ་བརྙེས་པའི་སྔ་ནུབ་ཏུ་ཀྲུང་གོའི་གུང་ཁྲན་ཏང་དང་། དམངས་གཙོའི་ཏང་ཤོག་ཁག  དམངས་གཙོའི་ཏང་ཤོག་ཁག  མི་དམངས་ཀྱི་ཚོགས་པ་ཁགལས་རིགས་ཁག་བཅས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་རེད། དེས་ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་དམངས་གཙོའི་མི་དྲག་རྣམས་དང“ཡུན་རིང་མཉམ་གནས་དང་གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་ཁུར”གྱི་བྱེད་ཕྱོགས་གཞིར་བཟུང་ནས། རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་མང་ཚོགས་ཀྱི་འཚོ་བའི་གནད་དོན་གལ་ཆེན་ལ་ཆབ་སྲིད་ཀྱི་གྲོས་མོལ་བྱས་པར་མ་ཟད། སྲིད་ཞུགས་སྲིད་མོལ་དང་དམངས་གཙོའི་ལྟ་སྐུལ་བྱེད་པའི་གྲོས་འགོ་འདོན་པ་དང་སྐྱོན་བརྗོད་བྱེད་པར་བརྟེན་ནས་ནུས་པ་འདོན་སྤེལ་བྱས། དེ་ལྟར་བྱས་ན་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ལེགས་བཅོས་བྱེད་པར་ཕན་ཐོགས་ཡོད་ལ། རིམ་གྲས་ཁག་གི་མང་ཚོགས་དང་འབྲེལ་ཅིང་མཐུན་སྒྲིལ་སྔར་ལས་རྒྱ་ཁྱབ་ཆེ་བ་བྱེད་པར་ཡང་ཕན་ཐོགས་ཡོད། མི་དམངས་སྲིད་གྲོས་ཀྱི་ཐབས་འདོན་ཇུས་འབུལ་དེ་ཚན་རིག་དང་མཐུན་ཞིང་དམངས་གཙོས་ཇུས་ཐག་གཅོད་པར་ཕན་ཐོགས་ཡོད། མི་དམངས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པ་དེས་དམངས་གཙོའི་གྲོས་མོལ་ལ་ཕན་པའི་ཐབས་ཇུས་བཏོན་ཡོད།

3 ལོ་རྒྱུས་ཀྱི་འཕེལ་རིམ།     

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུར“སྲིད་གྲོས་གསར་པ”ཡང་ཟེར། སྤྱི་ལོ1945ལོར་འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཀྲུང་གོ་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱིས་གྲོས་མོལ་བྱས་ཏེ། སྲིད་གཞུང་གསར་བ་འཛུགས་ཆེད་ཆབ་སྲིད་གྲོས་མོལ་ཚོགས་འདུ་བསྡུ་རྒྱུ་ཐག་བཅད། འདི་ལོའི་ཟླ1པའི་ཚེས10ཉིན། ཆབ་སྲིད་གྲོས་མོལ་ཚོགས་འདུ་ཁྲུང་ཆིང་ནས་ཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་མཁན་ལ་ཀན་དང་ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ན་གཞོན་ཏང་། སྤྱི་ཚོགས་ཀྱི་མཁས་པ་བཅས་ཕྱོགས་ལྔ་ཡོད། ལོ་དེའི་ཟླ11པར། གོ་མིན་ཏང་གིས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་གྲོས་ཆོད་དབྲལ།     

ཟླ4བའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་གིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་དྲན་གསོ་ཞུ་བའི་འབོད་ཚིག་ཁྱབ་བསྒྲགས་བྱས་ཏེ། ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་བ་ཚོགས་པ་དང་དམངས་གཙོའི་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་འབོད་སྐུལ་བཏོན་པ་དང་། དམངས་གཙོའི་ཏང་ཤོག་སོ་སོ་དང་། མི་དམངས་ཚོགས་པ་སོ་སོ། དམངས་གཙོའི་མི་སྣ་བཅས་ཀྱིས་ཧུར་ཐག་གིས་དང་ལེན་བྱས་ཤིང་། ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་བ་གྲ་སྒྲིག་བྱེད་པར་ཞུགས།      

སྤྱི་ལོ1949ལོའི་ཟླ1པའི་ཚེས30ལ། པེ་ཕིང་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས། ཟླ6པའི་ཚེས15ལ། ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་བའི་གྲ་སྒྲིག་ཚོགས་འདུ་པེ་ཕིང་ནས་ཚོགས་མགོ་བརྩམས། ཚོགས་འདུར་ཞུགས་པའི་ལས་ཁུངས23གྱི་འཐུས་མི་བསྡོམས་པས134ཡོད། ཟླ9བའི་ཚེས17ལ། ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་བའི་གྲ་སྒྲིག་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་བ་དེ་“ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་པ”རུ་གཏན་འཁེལ་བྱས།      སྤྱི་ལོ1949ལོའི་ཟླ9པའི་ཚེས21ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་པེ་ཕིང་དུ་འཚོགས་ཤིང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས། ཚོགས་འདུར་ཞུགས་མཁན་ཚན་པ46གི་འཐུས་མི་ཁྱོན662ཡོད་པ་རེད། ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྩ་ཁྲིམས》དང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་འཛུགས་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཛུགས་ཁྲིམས》བཅས་ཀྲུང་གོ་གསར་པར་རྨང་གཞི་འདིང་བའི་ལོ་རྒྱུས་རང་བཞིན་གྱི་ཡིག་ཆ་གསུམ་ལ་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ད་དུང་རྒྱལ་དར་དང་། རྒྱལ་གླུ། རྒྱལ་ས། ལོ་རྩིས་སོགས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་བསྐོ་བྱས་པ་རེད། སྐབས་དེར་ད་དུང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐོང་འཚོག་བྱེད་མི་ཐུབ་པའི་ཆ་རྐྱེན་འོག་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ལས་འགན་ལྗིད་པོ་ཁུར་ནས་ཀྲུང་གོ་གསར་པ་འཛུགས་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱས་པ་དང་། ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་ཤོག་ངོས་དང་པོར་བཀོད་པ་རེད།      

སྤྱི་ལོ1954ལོའི་ཟླ9བར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་ཚོགས། གྲོས་ཚོགས་སྟེང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》གྲོས་འཆམ་བྱུང་ནས་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་འཚོགས་རྗེས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་དམངས་གཙོའི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་མི་དམངས་སྲིད་གྲོས་མུ་མཐུད་གནས་ཡོད། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བ། དེ་བཞིན་ཕྱི་ཕྱོགས་དང་མཛའ་མཐུན་འགྲོ་འོང་བྱེད་པའི་བྱེད་སྒོའི་ཁྲོད་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད། 

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་འཚོགས་མྱོང་། མའོ་ཙེ་ཏུང་སྐབས་དང་པོའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། ཀྲོའུ་ཨེན་ལའེ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་གཉིས་པ་དང་། གསུམ་པ། ལྔ་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ཏེང་ཞའོ་ཕིང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་ལྔ་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ཏེང་ཡིང་ཁྲའོ་སྐབས་དྲུག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ལི་རུའེ་ཧོན་སྐབས་བརྒྱད་པ་དང་སྐབས་དགུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ཅ་ཆིང་ལིན་སྐབས་བཅུ་པ་དང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། ཡུས་ཀྲེང་ཧྲེང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་བཅས་རེད།     

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་གཏན་འབེབས་བྱས་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཡུན་རིང་གནས་རྒྱུ་དང་འཕེལ་རྒྱས་འགྲོ་རྒྱུ།      ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་གུང་ཁྲན་ཏང་དང་། དམངས་གཙོའི་ཏང་ཤོག་བརྒྱད། དམངས་གཙོའི་མི་དྲགམི་དམངས་ཀྱི་ཚོགས་པ། གྲངས་ཉུང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི། སྤུན་ཟླ་ཐའེ་ཝན་པ། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི་བཅས་ཀྱི་འཐུས་མི། དེ་བཞིན་དམིགས་སུ་བཀར་ནས་གདན་འདྲེན་ཞུས་པའི་མི་དྲག་བཅས་ལས་གྲུབ་པས་སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་ཡོད།      ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་དྲག་རྣམས་དང“ཡུན་རིང་མཉམ་གནས་དང་། ཡུན་རིང་མཉམ་གནས། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་ཁུར”བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་མང་ཚོགས་ཀྱི་འཚོ་བའི་ཐད་ཀྱི་གནད་དོན་གལ་ཆེན་རྣམས་ལ་ཆབ་སྲིད་ཀྱི་གྲོས་མོལ་བྱས་པར་མ་ཟད། གྲོས་འགོ་བཏོན་པ་དང་སྐྱོན་བརྗོད་བྱས་པར་བརྟེན་ནས་དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ཡང་བྱས་པ་ཡིན། མི་དམངས་ཆབ་གྲོས་ཀྱི་འགན་ནུས་གཙོ་བོ་ནི་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་བྱ་རྒྱུ་དེ་ཡིན་ཞིང་། འདི་གའི་ལྷན་ཚོགས་སུ་ཞུགས་པའི་ཏང་ཤོག་ཁག་དང་། ཚོགས་པ་ཁགམི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་སྒྲིག་འཛུགས་བྱས་ནས་སྲིད་ཞུགས་སྲིད་མོལ་བྱ་རྒྱུ་དེ་ཡིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བྱེད་སྒོ་མཐའ་དག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》རྩ་བའི་ཚད་གཞིར་བཟུང་། 

4 ལས་འགན།     

ཆབ་སྲིད་གྲོས་མོལ།  

ཆབ་སྲིད་གྲོས་མོལ་ནི་རྒྱལ་ཁབ་དང་ས་གནས་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་དེ་བཞིན་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བ་བཅས་ནང་གི་གནད་དོན་གལ་ཆེན་རྣམས་ཇུས་ཐག་མ་བཅད་གོང་ལ་གྲོས་མོལ་བྱ་རྒྱུ་དང་ཇུས་ཐག་བཅད་དོན་ལག་བསྟར་བྱེད་རིང་གི་གནད་དོན་གལ་ཆེན་རྣམས་གྲོས་མོལ་བྱ་རྒྱུ་དེ་ཡིན། ཀྲུང་གོའི་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན།     

དམངས་གཙོའི་ལྟ་སྐུལ།     

དམངས་གཙོའི་ལྟ་སྐུལ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་ལེན་བསྟར་བ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ཁབ་ཀྱི་ལས་ཁུངས་དང་དེའི་ལས་བྱེད་མི་སྣ་བཅས་ཀྱི་ལས་ཀར་གྲོས་འགོ་འདོན་པ་དང་སྐྱོན་བརྗོད་བྱེད་པར་བརྟེན་ནས་ལྟ་སྐུལ་བྱ་དགོས། དེ་ནི་ཀྲུང་གོའི་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་དང་ཚོགས་པ་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་སྲིད་གྲོས་ཀྱི་རྩ་འཛུགས་བརྒྱུད་དེ་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣར་ལྟ་སྐུལ་བྱས་པ་ཞིག་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་གྲོས་ནང་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་དྲག་དང་འབྲེལ་བ་བྱས་པ་ཞིག་ཀྱང་ཡིན།      

སྲིད་ཞུགས་སྲིད་མོལ།     

སྲིད་ཞུགས་སྲིད་མོལ་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་འཚོ་བ་བཅས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་དེ་བཞིན་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ཞིག་ཡིན་ཞིང་། བརྟག་དཔྱད་ཞིབ་འཇུག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གོང་ཞུ། གྲོས་མོལ་དང་གྲོས་བསྡུར་བཅས་བྱས་པ་རེད། བརྟག་ཞིབ་སྙན་ཞུ་དང་། གྲོས་གཞི། གྲོས་གཞི་བཅས་སམ་ཡང་ན་བྱ་ཐབས་གཞན་དག་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཀྲུང་གོ་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་ནི་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་རྣམ་པ་གལ་ཆེན་ཞིག་ཡིན།

5 རྩ་འཛུགས་ཀྱི་གྲུབ་སྟངས།     

སྤྱི་ལོ1982ལོའི《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》ནང་གཏན་འབེབས་བྱས་པ་ལྟར་ན། ཆབ་སྲིད་གྲོས་མོལ་ཚོགས་འདུར་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ས་གནས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་དང་། དམངས་གཙོའི་ཏང་ཤོག་ཁག སྐབས་རེའི་འགན་འཛིན་ཡུན་ཚད་ལོ5རེ་ཡིན། ཀྲུའུ་ཞི་རྒན་གཞོན་དུ་མ་དང་དྲུང་ཡིག་ཆེ་མོ་བཅས་བསྐོ་གཞག་བྱ་རྒྱུ།      ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་། དབྱི་དབྱི་མནའ་མཐུན། དབྱི་ཅན་རྒྱལ་ཚོགས། དབྱི་ཀོན། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་། ཀྲུང་གོ་ཀྲི་ཀུང་ཏང་། དགུ་གསུམ་སློབ་ཚོགས། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་བཅས་དང་། དེ་བཞིན་པིན་དམངས་གཙོའི་མི་སྣ་དང་། མི་དམངས་ཚོགས་པ། གྲངས་ཉུང་མི་རིགས་ཁགལས་རིགས་ཁག་གི་འཐུས་མི། སྤུན་ཟླ་ཐའེ་ཝན་པ། སྤུན་ཟླ་ཞང་ཀང་བ། སྤུན་ཟླ་ཨའོ་མོན་པ། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི་བཅས་ཀྱི་འཐུས་མི་དང་དེ་བཞིན་དམིགས་བསལ་གདན་ཞུས་མི་སྣ་བཅས་ལས་གྲུབ་པ་ཞིག་རེད།      

རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཐེངས་རེ་འཚོག་རྒྱུ། དེའི་འགན་དབང་ནི་ཆབ་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱ་རྒྱུ་དང་། ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རྒན་གཞོན་དང་། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་འདེམས་བསྐོ་བྱ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། འདི་ག་ཆབ་གྲོས་ཀྱི་ལས་ཀ་དང་། བྱེད་ཕྱོགས། ལས་འགན་གལ་ཆེན་བཅས་གྲོས་བསྡུར་གྱིས་གྲོས་ཆོད་འཇོག་རྒྱུ། རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེ་རིགས་གྲོས་བསྡུར་བྱེད་པར་ཞུགས་ནས་གྲོས་འགོ་འདོན་པ་དང་སྐྱོན་བརྗོད་བྱ་དགོས། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ཚོགས་དོན་གཙོ་སྐྱོང་བྱ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རྒན་གཞོན་དང་། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་ལས་འགྲུབ་རྒྱུ་དང་། དེའི་འགན་དབང་ནི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུ་རྒྱུ་དང་གཙོ་སྐྱོང་བྱ་རྒྱུ་དང་། ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་དང་། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལག་ལེན་བསྟར་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འབུལ་རྒྱུའི་གྲོས་གཞི་གལ་ཆེན་ལ་ཞིབ་བཤེར་གྱིས་གྲོས་འཆམ་བྱ་རྒྱུ། དྲུང་ཡིག་ཆེན་མོ་ལྟར་དྲུང་ཡིག་ཆེ་མོ་གཞོན་པ་བསྐོ་འཐེན་བྱ་རྒྱུའི་གྲོས་འགོ་འདོན་པ་དང་འབྲེལ་གཙོ་སྐྱོང་བྱ་རྒྱུ། ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་འཛུགས་རྒྱུ་དང་བསྒྱུར་བཅོས་བྱ་རྒྱུ་སོགས་གཏན་འབེབས་བྱ་རྒྱུ་བཅས་ཡིན།      

རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། གྲོང་ཁྱེར། རང་སྐྱོང་ཁུལ། རྫོང་དང་གྲོང་ཁྱེར་ཁ་ཤས་ཀྱི་ཆུས་བཅས་སུ་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ས་གནས་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། དེའི་གྲུབ་ཚུལ་ནི་ས་གནས་དེ་གའི་གནས་ཚུལ་ལ་གཞིགས་ནས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཆོད་དོན་དཔྱད་གཞིར་འཛིན་རྒྱུ། ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ས་གནས་ཨུ་ཡོན་ལྷན་ཁང་བར། དེ་བཞིན་ས་གནས་ཨུ་ཡོན་ལྷན་ཁང་གི་གོང་འོག་བར་བཅས་ནི་ལས་ཀའི་སློབ་སྟོན་གྱི་འབྲེལ་བ་ཡིན།

6 གྲོས་ཚོགས།     

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོ། 

(སྤྱི་ལོ1949ལོའི་ཟླ9ཚེས21ནས་ཚེས30ཉིན། )      

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་སྐབས་དང་པོ། (སྤྱི་ལོ1949ལོའི་ཟླ10པ་ནས་སྤྱི་ལོ1949ལོའི་ཟླ12པའི་བར། )      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1949ལོའི་ཟླ9ཚེས9ཉིན། )      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1950.6.14~23)      

གྲོས་ཚོགས་ཐེངས་གསུམ་པ། (སྤྱི་ལོ1951.10.23~11.1)      

གྲོས་ཚོགས་ཐེངས་བཞི་པ། (སྤྱི་ལོ1953.2.4~7)      

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་།      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1954.12.21~25)      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1956.1.30~2.7)      

གྲོས་ཚོགས་ཐེངས་གསུམ་པ། (སྤྱི་ལོ1957.3.5~20)      

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་གསུམ་པ། 

(སྤྱི་ལོ1959ལོའི་ཟླ་4པ་ནས་སྤྱི་ལོ1965ལོའི་ཟླ1པར། )      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1959.4.17~29)      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1960.3.29~4.11)      

གྲོས་ཚོགས་ཐེངས་གསུམ་པ། (སྤྱི་ལོ1962.3.23~4.18)      

གྲོས་ཚོགས་ཐེངས་བཞི་པ། (སྤྱི་ལོ1963.11.17~12.4)      

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཞི་བ། 

(སྤྱི་ལོ1965ལོའི་ཟླ1ནས་སྤྱི་ལོ1978ལོའི་ཟླ3བར། )      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1964.12.20~སྤྱི་ལོ1965.1.5)      

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་སྐབས་ལྔ་པ། 

(སྤྱི་ལོ1978ལོའི་ཟླ3ནས་སྤྱི་ལོ1983ལོའི་ཟླ6བར། )      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1978.2.24~3.8)      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1979.6.15~7.2)      

གྲོས་ཚོགས་ཐེངས་གསུམ་པ། (སྤྱི་ལོ1980.8.28~9.12)      

གྲོས་ཚོགས་ཐེངས་བཞི་པ། (སྤྱི་ལོ1981ལོའི་ཟླ11ཚེས་28ནས12.14ཉིན། )      

གྲོས་ཚོགས་ཐེངས་ལྔ་པ། (སྤྱི་ལོ1982ལོའི་ཟླ11ཚེས24ནས་12.11ཉིན། )      

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དྲུག་པ། 

(སྤྱི་ལོ1983ལོའི་ཟླ6ནས་སྤྱི་ལོ1988ལོའི་ཟླ4བར། )      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1983ལོའི་ཟླ6ཚེས4ནས22བར། )      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1984.5.12~26)      

གྲོས་ཚོགས་ཐེངས་གསུམ་པ། (སྤྱི་ལོ1985ལོའི་ཟླ3ཚེས25~4.8ཉིན། )      

གྲོས་ཚོགས་ཐེངས་བཞི་པ། (སྤྱི་ལོ1986ལོའི་ཟླ3ཚེས23ནས་ཟླ11ཚེས11ཉིན། )      

གྲོས་ཚོགས་ཐེངས་ལྔ་པ། (སྤྱི་ལོ1987ལོའི་ཟླ3ཚེས24ནས4.8བར། )      

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བདུན་པ། 

(སྤྱི་ལོ1988ལོའི་ཟླ4ནས་སྤྱི་ལོ1993ལོའི་ཟླ3བར། )      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1988ལོའི་ཟླ3ཚེས24ནས་ཟླ4ཚེས10བར། )      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1989ལོའི་ཟླ3ཚེས་སྤྱི་ལོ19ནས27ཉིན། )      

གྲོས་ཚོགས་ཐེངས་གསུམ་པ། (སྤྱི་ལོ1990ལོའི་ཟླ3ཚེས18ནས29བར། )      གྲོས་ཚོགས་ཐེངས་བཞི་པ། (སྤྱི་ལོ1991) 23~4.4)      

གྲོས་ཚོགས་ཐེངས་ལྔ་པ། (སྤྱི་ལོ1992ལོའི་ཟླ3ཚེས18ནས28བར། )  

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པ། 

(སྤྱི་ལོ1993ལོའི་ཟླ3ནས་སྤྱི་ལོ1998ལོའི་ཟླ3བར།)  

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1993ལོའི་ཟླ3ཚེས14ནས27བར། )      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1994ལོའི་ཟླ3ནས་སྤྱི་ལོ19བར། )      

གྲོས་ཚོགས་ཐེངས་གསུམ་པ། (སྤྱི་ལོ1995ལོའི་ཟླ3ཚེས3ནས14བར། )      

གྲོས་ཚོགས་ཐེངས་བཞི་བ། (སྤྱི་ལོ1996ལོའི་ཟླ་3ཚེས3~13ཉིན། )      

གྲོས་ཚོགས་ཐེངས་ལྔ་བ། (སྤྱི་ལོ1997ལོའི་ཟླ2ཚེས27ནས3.12བར། )      

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་བ། 

(སྤྱི་ལོ1998ལོའི་ཟླ3ནས2003ལོའི་ཟླ3བར། )      

གྲོས་ཚོགས་ཐེངས་དང་པོ། (སྤྱི་ལོ1998ལོའི་ཟླ3ཚེས3ནས14བར། )      

གྲོས་ཚོགས་ཐེངས་གཉིས་པ། (སྤྱི་ལོ1999ལོའི་ཟླ3ནས12པའི་བར། )      

གྲོས་ཚོགས་ཐེངས་གསུམ་པ། (2000.3.3~11)      

གྲོས་ཚོགས་ཐེངས་བཞི་བ། 3~12)      

གྲོས་ཚོགས་ཐེངས་ལྔ་བ། (2002ལོའི་ཟླ3ཚེས3~13ཉིན། )      

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བ། 

(2003ལོའི་ཟླ3ནས་2008ལོའི་ཟླ3བར། )      

གྲོས་ཚོགས་ཐེངས་དང་པོ། (2003ལོའི་ཟླ3ཚེས་3~15ཉིན། )      

གྲོས་ཚོགས་ཐེངས་གཉིས་པ། (2004ལོའི་ཟླ3པ་ནས་12བར། )      

གྲོས་ཚོགས་ཐེངས་གསུམ་པ། (2005ལོའི་ཟླ3ཚེས་3~12ཉིན། )      

གྲོས་ཚོགས་ཐེངས་བཞི་བ། (2006ལོའི་ཟླ3ཚེས3~13ཉིན། )      

གྲོས་ཚོགས་ཐེངས་ལྔ་བ། (2007ལོའི་ཟླ3ཚེས3~15ཉིན། )      

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པ། 

(2008ལོའི་ཟླ3ནས་2013ལོའི་ཟླ3བར། )      

གྲོས་ཚོགས་ཐེངས་དང་པོ། (2008ལོའི་ཟླ3ཚེས3ནས14བར། )      

གྲོས་ཚོགས་ཐེངས་གཉིས་པ། (2009ལོའི་ཟླ3ནས12བར། )      

གྲོས་ཚོགས་ཐེངས་གསུམ་པ། (2010.3.3~14)      

གྲོས་ཚོགས་ཐེངས་བཞི་བ། 3~13)      

གྲོས་ཚོགས་ཐེངས་ལྔ་བ། (2012.3.3~13)     

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པ། 

(2013ལོའི་ཟླ3ནས2018ལོའི་ཟླ3བར།)      

གྲོས་ཚོགས་ཐེངས་དང་པོ། (2013.3.3~12)      

གྲོས་ཚོགས་ཐེངས་གཉིས་པ། (2014.3.3~12)      

གྲོས་ཚོགས་ཐེངས་གསུམ་པ། (2011ལོའི་ཟླ3ཚེས3~13ཉིན། )      

གྲོས་ཚོགས་ཐེངས་བཞི་བ། (2016.3.3~14)      

ཚོགས་འདུ་ཐེངས་ལྔ་བ། (2017.3.3~13)      

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པ།

གྲོས་ཚོགས་ཐེངས་དང་པོ། (2018.3)      

གྲོས་ཚོགས་ཐེངས་གཉིས་པ། (2018.19.3.3)

7 ཀྲུའུ་ཞི།      

སྤྱི་ལོ1982ལོའི་ཟླ12ཚེས11ཉིན་གྲོས་འཆམ་བྱུང་བའི《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》ནང་འཁོད་དོན་ཚན་སོ་གཅིག་པའི་གཏན་འབེབས་ལྟར་ན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐོག་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་འགའ་ཤས། དྲུང་ཡིག་ཆེན་མོ་བཅས་བསྐོ་གཞག་བྱ་རྒྱུ་དང་། དོན་ཚན་སོ་དྲུག་པའི་ནང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་སྐྱོང་བྱེད་པ།      

8 ཤུགས་རྐྱེན་གཙོ་བོ།     

སྤྱི་ལོ2014ལོའི་ཟླ9ཚེས21ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན། མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱེད་པ་དང་། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལས་དོན་གསར་གཏོད་བཅས་བྱེད་པར་སྐུལ་འདེད་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་ཤར་བགྲོད་ཐུབ་པ་བཅས་བྱས་ནས་ཏང་ཤོག་ཁག་དང་། ཚོགས་པ་ཁགམི་རིགས་ཁགརིམ་གྲས་ཁགལས་རིགས་ཁག་བཅས་ཀྱི་མི་སྣ་སྒྲིག་འཛུགས་ནུས་ལྡན་བྱས་ནས་ཐུན་མོང་ཐོག་རྒྱལ་དོན་གྲོས་མོལ་བྱས་ཏེ་རྒྱ་ཁྱབ་དང་ཕན་ནུས་ལྡན་པའི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།      

སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་དང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་མང་ཚོགས་ལམ་ཕྱོགས་དེ་ཆབ་སྲིད་ཁྱབ་ཁོངས་ནང་གི་མཚོན་ཚུལ་གལ་ཆེན་ཞིག་ཡིན། མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པ་དེས་ང་ཚོར་རྒྱལ་སྐྱོང་སྲིད་འཛིན་བྱེད་སྐབས་མི་དམངས་ནང་ཁུལ་གྱི་ཕྱོགས་གང་ཅིའི་ཐད་རྒྱ་ཁྱབ་ཏུ་གྲོས་མོལ་བྱ་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དོན་དག་ཡོད་ན་གྲོས་བསྡུར་བྱེད་བདེ་བ་དང་། མི་མང་གི་དོན་དག་དེ་མི་མང་གིས་གྲོས་བསྡུར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་རེ་བའི་སྤྱིའི་བགོ་གྲངས་རྙེད་ཐུབ་པ་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་བདེན་ལུགས་ཤིག་རེད། ང་ཚོས་དོན་དག་ཡོད་ཚེ་གྲོས་བསྡུར་མང་ཙམ་བྱེད་པ་དང་། དོན་དག་འཕྲད་ཚེ་གྲོས་བསྡུར་མང་ཙམ་བྱེད་པ། བྱ་བ་སྒྲུབ་སྐབས་གྲོས་བསྡུར་མང་ཙམ་བྱེད་པ། གྲོས་བསྡུར་ཇི་ཙམ་མང་ན་དེ་ཙམ་གྱིས་ལེགས་པ་བཅས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་། རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།      

སྤྱི་ལོ2018ལོའི་ཟླ10པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན” རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱས་ཏེ།  རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་གོ་གནས་དང་ནུས་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་།  མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་གསར་གཏོད་དང་།  ལམ་ལུགས་གསར་གཏོད།  ལས་ཀ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱིས་ངེས་པར་དུ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།