རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་།
སྤྱི་ལོ1978ལོའི་ཟླ8པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་ཀང་ཨའོ་ཚན་ཆུང་བཙུགས་ནས་ཀྲུང་དབྱང་ཁོངས་གཏོགས་ཀྱི་ཀང་ཨའོ་ཡི་ལས་དོན་ལ་དོ་དམ་རོགས་འདེགས་བྱེད་པའི་ཐག་བཅད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་དང་ཨའོ་མོན་གྱི་གཞུང་ལས་ཁང་དེ་ཀྲུང་དབྱང་ཀང་ཨའོ་ཚན་ཆུང་གི་དོན་གཅོད་ལས་ཁུངས་སུ་འཛུགས་རྒྱུའི་ཐག་བཅད། ཟླ9བའི་ཚེས13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་གཞུང་ལས་ཁང་གི་སྡེ་ཁག་སྒྲིག་འཛུགས་དང་མི་སྣའི་སྒྲིག་ཁོངས་ལ་ཡིག་ཐོག་ནས་ཆོག་མཆན་སྤྲད་པ་དང་། སྤྱི་ལོ1993ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་དུ་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国务院港澳事务办公室
དྲ་ཚིགས།
http://www.hmo.gov.cn/
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1978ལོའི་ཟླ8པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་ཀང་ཨའོ་ཚན་ཆུང་བཙུགས་ནས་ཀྲུང་དབྱང་ཁོངས་གཏོགས་ཀྱི་ཀང་ཨའོ་ཡི་ལས་དོན་ལ་དོ་དམ་རོགས་འདེགས་བྱེད་པའི་ཐག་བཅད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་དང་ཨའོ་མོན་གྱི་གཞུང་ལས་ཁང་དེ་ཀྲུང་དབྱང་ཀང་ཨའོ་ཚན་ཆུང་གི་དོན་གཅོད་ལས་ཁུངས་སུ་འཛུགས་རྒྱུའི་ཐག་བཅད། ཟླ9བའི་ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་གཞུང་ལས་ཁང་གི་སྡེ་ཁག་སྒྲིག་འཛུགས་དང་མི་སྣའི་སྒྲིག་ཁོངས་ལ་ཡིག་ཐོག་ནས་ཆོག་མཆན་སྤྲད།      

སྤྱི་ལོ1993ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་དུ་མིང་བསྒྱུར།      

སྤྱི་ལོ2018ལོའི་ཟླ9བའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་དོན་ཁང་གིས་རང་ལས་ཁུངས་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

2 ལས་ཁུངས་ཀྱི་འགན་འཁྲི།      

གཅིག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་། ཀྲུང་དབྱང་གིས་ཞང་ཀང་དང་ཨའོ་མོན་ལ་འཛིན་པའི་སྲིད་ཇུས་ཀྱི་གཏན་འབེབས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་དགོས།     

གཉིས། ཞང་ཀང་དང་ཨའོ་མོན་གྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་སྟེ། དེ་དང་མཐུན་པའི་སྲིད་ཇུས་དང་གྲོས་གཞི་འདོན་དགོས།      

གསུམ། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འབྲེལ་ཡོད་ལས་དོན་སྒྲུབ་པའི་འགན་འཁུར་དགོས།      

བཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྲད་པའི་ཞང་ཀང་དང་ཨའོ་མོན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་དོན་དག་སྒྲུབ་པའི་འགན་འཁུར་དགོས་པ་དང་། གཞི་རྩའི་བཅའ་ཁྲིམས་ལག་བསྟར་དང་འབྲེལ་བའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ནས་བསམ་འཆར་འདོན་དགོས།

ལྔ། ནང་ལོགས་དང་ཞང་ཀང་ཨའོ་མོན་བར་གྱི་གཞུང་དོན་འགྲོ་འོང་གི་འབྲེལ་ཡོད་ལས་དོན་ལ་མཛུབ་སྟོན་དང་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོས་མཉམ་དུ་དཔལ་འབྱོར་དང་། ཚན་རྩལ། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཀྱི་ཞང་ཀང་དང་ཨའོ་མོན་བར་གྱི་འབྲེལ་འདྲིས་དང་མཉམ་ལས་བྱ་བར་སྐུལ་འདེད་གཏོང་དགོས།      

དྲུག ཞང་ཀང་དང་ཨའོ་མོན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་མ་འཇོག་ལས་ཁུངས་ཀྱི་འབྲེལ་ཡོད་དོ་དམ་སྲིད་ཇུས་བཟོ་འགོད་བྱ་བའི་ནང་ཞུགས་པ་དང་། ནང་ལོགས་ཀྱི་ཁེ་ལས་དང་ཀྲུང་གོའི་མ་འཇོག་ལས་ཁུངས་ཀྱིས་ཞང་ཀང་དང་ཨའོ་མོན་གྱི་འབྲེལ་ཡོད་བྱ་བ་མཐུན་སྦྱོར་བྱེད་པའི་ལས་ཀའི་ནང་ཞུགས་དགོས།     

བདུན། ཞང་ཀང་དང་ཨའོ་མོན་དུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱིས་བཏོན་པའི་འབྲེལ་ཡོད་དོན་དག་ལ་བསམ་འཆར་དང་གྲོས་གཞི་བཏོན་ཏེ་ལས་ཀར་གཞོགས་འདེགས་བྱེད་དགོས།      

བརྒྱད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་འགན་འཁུར་རྒྱུ་བཅས་ཡིན།      

3 ལས་ཁུངས་སྒྲིག་འཛུགས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་ལས་དོན་གཞུང་ལས་ཁང་གིས་སྡེ་ཁག(སི་དང་ཅུས་རིམ་དངོས)6བཙུགས།      

དྲུང་ཡིག་སྲིད་འཛིན་སི། ལས་ཁུངས་ཀྱི་རིག་གནས་དང་གློག་འཕྲིན། གསང་གནད་དང་ཡིག་ཚགས། བདེ་འཇགས་གསང་སྲུང་། ཡིག་སྐུར་ངོ་གཏུག་བཅས་ཀྱི་བྱ་བའི་འགན་འཁུར་དགོས་ཤིང་། ལས་ཁུངས་ཀྱི་ནོར་དོན་དང་རྒྱུན་ལྡན་ལས་ཀའི་འགན་འཁུར་དགོས།      

ཕྱོགས་བསྡུས་སི། ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་ལ་འཛིན་པའི་སྲིད་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྒྲུབ་པའི་འགན་འཁུར་བ་དང་འབྲེལ། ལག་བསྟར་བྱས་པའི་རིང་གི་ཞིབ་ཕྲའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས།      

ཆབ་སྲིད་ཞིབ་འཇུག་སི། ཤང་ཀང་དང་ཨའོ་མོན་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་གལ་ཆེའི་བྱ་འགུལ་ལ་ཤེས་རྟོགས་དང་ཞིབ་འཇུག་བྱས་ཏེ། འབྲེལ་ཡོད་ཀྱི་ཡིག་ཆ་གལ་ཆེན་འཆར་ཟིན་འགོད་དགོས།      

འབྲེལ་གཏུག་སི། ནང་ལོགས་དང་ཨའོ་མོན། ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་འབྲེལ་བའི་ལས་དོན་སྒྲུབ་པའི་འགན་འཁུར་དགོས་པ་དང་། ནང་ལོགས་ཀྱི་གཞུང་སྒྲུབ་མི་སྣས་གཞུང་དོན་གྱི་ཆེད་དུ་ཞང་ཀང་དང་ཨའོ་མོན་ལ་བསྐྱོད་པར་ཞིབ་བཤེར་གཏན་འབེབས་དང་། ཞིབ་མཆན་འགོད་པ། ལག་ཁྱེར་ཆོག་མཆན་སྤྲོད་པ་སོགས་ཀྱི་བྱ་བར་དོ་དམ་བྱེད་པའི་འགན་འཁུར་དགོས། ཁྲིམས་ལྟར་ནང་ལོགས་དུ་ཡོད་པའི་ཞང་ཀང་དང་ཨའོ་མོན་གྱི་གསར་འགྱུར་ལས་ཁུངས་དང་གསར་འགོད་པའི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས་ཤིང་། ཞང་ཀང་དང་ཨའོ་མོན་དུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱིས་བཏོན་པའི་འབྲེལ་ཡོད་དོན་དག་ལ་བསམ་འཆར་དང་གྲོས་གཞི་བཏོན་ཏེ་ལས་ཀར་གཞོགས་འདེགས་བྱེད་དགོས།

འབྲེལ་འདྲིས་སི། འདིས་ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར། ཚན་རྩལ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཤེས་རྟོགས་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོའི་འབྲེལ་འདྲིས་དང་མཉམ་ལས་ཀྱི་སྲིད་ཇུས་དང་བྱེད་ཐབས་བཟོས་ནས། ནང་ལོགས་ཀྱི་ཀང་ཨའོ་རུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་གོའི་མ་འཇོག་ལས་ཁུངས་དང་འབྲེལ་བའི་སྲིད་ཇུས་བཟོ་བཅོས་བྱ་བའི་ནང་ཞུགས་པ་དང་། འབྲེལ་འདྲིས་དང་མཉམ་ལས་ཀྱི་དོན་དག་གལ་ཆེན་མཐུན་སྦྱོར་བྱེད་པའི་ལས་ཀར་ཞུགས་དགོས་ལ། ནང་ལོགས་དང་ཀང་ཨའོ་བར་གྱི་དམངས་ཁྲོད་འགྲོ་འོང་གི་འབྲེལ་ཡོད་ཞིབ་བཤེར་དོ་དམ་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།      

བཅའ་ཁྲིམས་སི། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་། གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱ་བའི་ཁྲོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་བཅའ་ཁྲིམས་ལས་ཁུངས་དང་འགྲོ་འོང་གི་ལས་དོན་སྒྲུབ་པའི་འགན་འཁུར་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ཀང་ཨའོ་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གཞོགས་འདེགས་ལས་དོན་སྒྲུབ་དགོས།      

ལས་ཁུངས་ཏང་ཨུ (མི་དོན་སི) ལས་ཁུངས་དང་ཐད་གཏོགས་སྡེ་ཁག་གི་ཏང་དང་མང་ཚོགས་སྐོར་གྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས་པ་དང་། མི་དོན་སིས་ལས་ཁུངས་དང་ཐད་གཏོགས་སྡེ་ཁག་གི་མི་དོན་དོ་དམ་དང་སྒྲིག་ཁོངས་ལས་དོན་གྱི་འགན་འཁུར་དགོས། ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ལས་བྱེད་པའི་བྱ་བར་འགན་འཁུར་དགོས།      ཁོངས་གཏོགས་ལས་ཁུངས།     ཀང་ཨའོ་ཞིབ་འཇུག་ཁང་དང་ལས་ཁུངས་ཞབས་ཞུ་ལྟེ་གནས། 

4 འགོ་ཁྲིད་ཚན་ཁག      

ཀྲུའུ་རེན། ཏང་ཙུའུ་ཧྲུའུ་ཅི། ཀྲང་ཞའོ་མིང་།      

ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། སུང་ཀྲེ་ཡེན།      

ཀང་ཨའོ་རུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྒྲིག་ཨུ་སྒྲིག་བཤེར་ཚོན་ཆུང་གི་ཙུའུ་ཀྲང་དང་ཏང་ཙུའུ་ཡི་ཁོངས་མི། ཕན་ཧྲེང་ཀྲོའུ།      

ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཧོང་ལིའུ་ཆོན་དང་ཏེང་ཀྲུང་ཧྭ།      

ཏང་ཙུའུ་ཡི་ཁོངས་མི། ཞང་པིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-27

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།