རྒྱམ་ཤྀ་གར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱམ་ཤྀ་གར་ཞེས་པ་ནི་རྒྱམ་ཤི་གར་དང་རྱམ་ཤྀ་གར་སོགས་ཀྱི་མིང་གཞན་ཡིན་ལ། མིང་འདི་དག་ནི་ལོ་རྒྱུས་འབྲི་མཁན་དག་གིས་ཡི་གེར་ཕབ་ཚུལ་ཅུང་མ་འདྲ་བ་མ་གཏོགས་ས་གནས་གཅིག་གི་མིང་ཡིན་ཏེ། ཕལ་ཆེར་དེང་གི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་རྒྱ་ཤི་གོང་མ་ཁ(甲西贡玛卡)ཞེས་པ་ཨེ་ཡིན་སྙམ་མོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甲木西噶尔
ཕྱི་ཡིག་གི་མིང་།
rgyam shi gar
ཡིག་ཚགས།
P.T.1288
རིགས།
ས་མིང་བརྡ་འགྲེལ།
གནས་ཡུལ།
མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་རྒྱ་ཤི་གོང་མ་ཁ།
མིང་གཞན།
རྒྱམ་ཤི་གར། རྱམ་ཤྀ་གར།
1 ​རྒྱས་འགྲེལ། 

དེ་ཡང་ཏུན་ཧོང་ཡིག་ཚགསP.T.1288ལས། འབྲུགི་ལོ་ལ་བབསྟེ(སྤྱི་ལོ692)། བཙན་པོ་ཉེན་གར་ན་བཞུགས་ཤིང་། .......མདོ་སྨད་ཀྱི་དགུན་འདུན་རྒྱམ་ཤྀ་གར་དུ་འདུསྟེ། སུམ་པའྀ་ཤོ་ཚིགས་བཟུང་བར་ལོ་གཅིག ཅེས་པ་དང་། སྦྲུལ་གྱི་ལོ་ལ(སྤྱི་ལོ717)། བཙན་པོ་དབྱརད་དུངས་ན་བཞུགས།.....མདོ་སྨད་གྱྀ་དགུན་འདུན་རྱམ་ཤི་གར་དུ་བསྡུསྟེ། མངན་གྱྀ་ཁྱྀམ་རྩིས་བགྱྀས་ཕར་ལོ་ཆིག ། ཅེས་པ་དང་། བྱ་གགྀ་ལོ་ལ(སྤྱི་ལོ721)། བཙན་པོ་དབྱརད་དུངས་གྱི་སྟག་ཙལ་ན་བཞུགས་པ་ལས། ......མདོ་སྨད་ཀྱི་དགུན་འདུན་རྒྱམ་ཤྀ་གར་དུ་བློན་ཁྲྀ་གཟྀགས་གནང་ཁོང་གྱྀས་བསྡུས། ཞེས་པ་སོགས་འབྱུང་བ་ལས། རྒྱམ་ཤི་གར་དང་རྱམ་ཤྀ་གར་ཞེས་པ་རྣམས་ནི་ལོ་རྒྱུས་འབྲི་མཁན་དག་གིས་ཡི་གེར་ཕབ་ཚུལ་ཅུང་མ་འདྲ་བ་མ་གཏོགས་ས་གནས་གཅིག་གི་མིང་ཡིན་ཏེ། ཕལ་ཆེར་དེང་གི་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལ་རྫོང་གི་རྒྱ་ཤི་གོང་མ་ཁ(甲西贡玛卡)ཞེས་པ་འདི་ཨེ་ཡིན་སྙམ་སྟེ། ས་མིང་དེ་ནི་སྒྲ་གདངས་འདྲ་བ་མ་ཟད། སུམ་པའི་ཤོ་ཚིགས་བཟུང་བར་ལོ་གཅིག་ཅེས་པ་ལས། སུམ་རུའི་ནང་ཚན་རྒོད་ཚང་སྟོད་སྨད་དང་ནགས་ཤོད། ཧྲེ་སྟོད་སྨད་སོགས་ནི་དེང་གི་བོད་ལྗོངས་ནག་ཆུ་དང་ཆབ་མདོ། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་སོགས་ཀུན་གྱིས་བར་ཁམས་སམ་མདོ་སྟོད་དུ་འབོད་པའི་ས་གནས་འདི་རྣམས་སུམ་ཡུལ་ཡིན་པས། སྐབས་དེའི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་དང་ཀུན་ནས་མཐུན་སྙམ་མོ། །



བརྡ་འགྲེལ་གདོང་འཛར།

མདོ་སྨད། ཉེན་གར། སུམ་པ། ཡིག་ཚགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-26

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།