དམིགས་བསལ་སྲིད་འཛིན་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམིགས་བསལ་སྲིད་འཛིན་ས་ཁུལ།
དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོའི་སྲིད་འཛིན་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། དེ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་འདྲ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
特别行政区
ངོ་བོ།
རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁུལ་ཞིག
ཕྱི་ཡིག་གི་མིང་།
special administrative region
ས་གནས།
ཤང་ཀང་ཨོ་མིན།
1 ངོ་སྤྲོད།

དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོའི་སྲིད་འཛིན་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། དེ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་འདྲ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན་པ་དང་། དེ་ནི་རྩ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ཁྱབ་ཁོངས་ནང་བཙུགས་པ་ཞིག་ཡིན་ཞིང་། དམིགས་བསལ་གྱི་བཅའ་ཁྲིམས་གནས་བབ་དང་། མ་རྩའི་རིང་ལུགས་ཀྱི་ལམ་ལུགས་དང་མ་རྩའི་རིང་ལུགས་ཀྱི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་བའི་ས་གནས་སྲིད་འཛིན་ས་ཁོངས་ལ་ཟེར། དམིགས་བསལ་སྲིད་འཛིན་ཁུལ་ནི་རང་རྒྱལ་གྱིས་ཞི་བའི་ཐབས་ལ་བརྟེན་ནས་ལོ་རྒྱུས་ཐག་གཅོད་བྱེད་པའི་ཞང་ཀང་གི་གནད་དོན་དང་། ཨའོ་མོན་གྱི་གནད་དོན། ཐའེ་ཝན་གྱི་གནད་དོན་བཅས་ཀྱི་ཆེད་དུ་བཙུགས་པའི་དམིགས་བསལ་གྱི་ས་གནས་སྲིད་འཛིན་ས་ཁོངས་ཤིག་ཡིན། 

དམིགས་བསལ་སྲིད་འཛིན་ཁུལ་བཙུགས་པ་དེས་རང་རྒྱལ་གྱི་གཅིག་གྱུར་ལམ་ལུགས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་གྲུབ་པ་དང་། རང་རྒྱལ་གྱི་གནས་ཚུལ་དངོས་འོག་མར་ཁེ་སིའི་རིང་ལུགས་ཀྱི་རྒྱལ་ཁབ་གཞུང་ལུགས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བེད་སྤྱོད་བྱས་པ་ཞིག་རེད། དམིགས་བསལ་སྲིད་འཛིན་ཁུལ་བཙུགས་པ་དེས་ཞང་ཀང་དང་ཨའོ་མོན་དར་རྒྱས་དང་བརྟན་ལྷིང་ཡོང་བར་ཕན་ཐོགས་ཡོད། གཞན་ཡང་ཀྲུང་གོའི་ནང་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་མཆན་གནང་བའི་ཨོ་རོང་དམིགས་བསལ་སྲིད་འཛིན་ཁུལ་ཡང་ཡོད། 

2 རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས།     

རྒྱལ་ཁབ་ཀྱིས་དགོས་གལ་བྱུང་ཚེ་དམིགས་བསལ་གྱི་སྲིད་འཛིན་ས་ཁུལ་འཛུགས་དགོས།      དམིགས་བསལ་སྲིད་འཛིན་ཁུལ་དུ་ལག་བསྟར་བྱ་རྒྱུའི་ལམ་ལུགས་ནི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བཅའ་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་བྱེད་པ།      

3 བཅའ་ཁྲིམས་དང་སྲིད་འཛིན་གོ་གནས།     

(གཅིག)དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་སྲིད་འཛིན་ས་ཁོངས་ཤིག་ཡིན།      དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་འབེབས་བྱེད་པ།      དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་གོ་རིམ་ལྟར་བཅའ་ཁྲིམས་གཏན་འབེབས་བྱས་ཆོག་མོད། འོན་ཀྱང་ངེས་པར་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་ཞུ་དགོས།      དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་ས་གནས་དེ་གར་འདེམས་བསྐོ་བྱས་པའམ་གྲོས་མོལ་བྱས་ནས་བདམས་ཐོན་བྱུང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱེད་པ།      དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདག་དབང་སྤྱོད་མི་ཐུབ། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཕྱི་འབྲེལ་ལས་དོན་ནི་ཀྲུང་དབྱང་སྲིད་གཞུང་གིས་གཅིག་གྱུར་གྱིས་དོ་དམ་བྱེད་པ། འགོག་སྲུང་བྱེད་འགན་ཀྲུང་དབྱང་སྲིད་གཞུང་གིས་འཁུར་བ།      རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་དམག་འཁྲུག་གི་གནས་ཚུལ་ལམ་ཡང་ན་ཞང་ཀང་དང་ཨའོ་མོན་གྱི་གནས་ཚུལ་ཛ་དྲག་ཆེན་པོ་ཡིན་པའི་ཁྱབ་བསྒྲགས་བྱས་པའི་ནང་།      ཀྲུང་དབྱང་སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་ནས་དམིགས་བསལ་སྲིད་འཛིན་ཁུལ་དུ་འབྲེལ་ཡོད་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཡོད།      

གལ་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་གྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་དེ་གཞི་རྩའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་དང་མི་མཐུན་པར་སྙམ་ན་འབྲེལ་ཡོད་བཅའ་ཁྲིམས་ཕྱིར་བསློགས་ཆོག་མོད། འོན་ཀྱང་བཟོ་བཅོས་རྒྱག་མི་དགོས། ཕྱིར་སྤྲད་པའི་བཅའ་ཁྲིམས་ལམ་སང་གོ་མི་ཆོད་པར་འགྱུར།      དམིགས་བསལ་སྲིད་འཛིན་ཁུལ་གྱིས་བཅའ་ཁྲིམས་བཟོས་ནས་རྒྱལ་ཁབ་ལ་ངོ་ལོག་དང་། རྒྱལ་ཁབ་ཁ་ཕྲལ། ངོ་ལོག་ཟིང་འཁྲུག་ངན་སྐུལ། ཀྲུང་དབྱང་སྲིད་གཞུང་རྩ་སློགརྒྱལ་ཁབ་ཀྱི་གསང་བ་རྐུ་ལེན་བཅས་བྱེད་པའི་བྱ་སྤྱོད་མཐའ་དག་གཏན་འགོག་དང་། ཕྱི་རྒྱལ་གྱི་རྩ་འཛུགས་སམ་ཚོགས་པས་དམིགས་བསལ་སྲིད་འཛིན་ཁུལ་དུ་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་རིགས་གཏན་འགོགདམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་འཛུགས་སམ་ཚོགས་པས་ཕྱི་རྒྱལ་གྱི་རྩ་འཛུགས་སམ་ཚོགས་པ་དང་འབྲེལ་བ་འཛུགས་རིགས་གཏན་འགོག་བཅས་བྱ་དགོས།      

(གཉིས། དམིགས་བསལ་སྲིད་འཛིན་ཁུལ་ལ་ཚད་མཐོའི་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད།      དམིགས་བསལ་སྲིད་འཛིན་ཁུལ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལོགས་ས་ཁུལ་དང་མི་འདྲ་བའི་སྤྱི་ཚོགས་ཀྱི་དཔལ་འབྱོར། ཆབ་སྲིད། རིག་གནས་བཅས་ཀྱི་ལམ་ལུགས་ལག་བསྟར་བྱས་ཆོག      རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ནང་རྒྱལ་སྲུང་དང་ཕྱི་འབྲེལ་དང་། དེ་བཞིན་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་མཚོན་རྒྱུ་དང་འབྲེལ་བ་ཡོད་པ་ཕུད། དམིགས་བསལ་སྲིད་འཛིན་ཁུལ་གྱི་རང་སྐྱོང་ཁྱབ་ཁོངས་ནང་ཚུད་མེད་པའི་བཅའ་ཁྲིམས་གཞན་དག་ཚང་མ་དམིགས་བསལ་སྲིད་འཛིན་ཁུལ་དུ་ལག་བསྟར་བྱེད་ཀྱི་མེད།      ཀྲུང་དབྱང་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་སྡེ་ཁག་སོ་སོ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཚང་མས་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་ལྟར་རང་གིས་དོ་དམ་བྱེད་པའི་ལས་དོན་ལ་ཐེ་གཏོགས་བྱས་མི་ཆོག      དམིགས་བསལ་སྲིད་འཛིན་ཁུལ་གྱི་སྒྲིག་གཞི་དང་སྲིད་གཞུང་གི་སྒྲིག་གཞི་ནི་གྲུབ་ཆ་ཞིག་ཡིན།      དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་བཅའ་ཁྲིམས་གཏན་འབེབས་དང་། མེད་པར་བཟོ་བ། བཟོ་བཅོས་བཅས་བྱས་ཆོག     དམིགས་བསལ་སྲིད་འཛིན་ཁུལ་ལ་ཁྲིམས་འཛིན་གྱི་མཐའ་མའི་འདྲི་གཅོད་བྱེད་དབང་ཡོད།      དམིགས་བསལ་སྲིད་འཛིན་ཁུལ་གྱི་ནོར་སྲིད་ཡོང་འབབ་ཀྲུང་དབྱང་སྲིད་གཞུང་ལ་རྩིས་འབུལ་མ་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་ཀྱང་དམིགས་བསལ་སྲིད་འཛིན་ཁུལ་ལ་ཁྲལ་མི་བསྡུ།      དམིགས་བསལ་སྲིད་འཛིན་ཁུལ་གྱིས་རང་ཉིད་ཀྱི་མིང་ཐོག་ནས་རྒྱལ་ཁབ་ཁག་དང་། ས་ཁུལ་ཁགདེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་བཅས་དང་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་དཔལ་འབྱོར་དང་། རིག་གནས། ཚན་རྩལ་སོགས་ཀྱི་གྲོས་མཐུན་འཇོག་པ། དམངས་ཁྲོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་སྣ་ཚོགས་ལ་ཞུགས་པ། རང་འགུལ་གྱིས་དམིགས་བསལ་སྲིད་འཛིན་ཁུལ་ལ་འགྲོ་འོང་བྱེད་པའི་ཡུལ་སྐོར་ལག་ཁྱེར་སྤྲོད་དགོས། 

4 འབྲེལ་བ།    

ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཅིག་གྱུར་འགོ་ཁྲིད།      རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་སྤྱི་ལོ1990ལོ་དང་སྤྱི་ལོ1993ལོ་སོ་སོར《གཞི་རྩའི་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་གྲོས་འཆམ་བྱས་པ་རེད། གཞི་རྩའི་བཅའ་ཁྲིམས་གཉིས་ཀྱི་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་དོན། དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། དོན་ཚན12པའི་ནང་གཏན་འབེབས་བྱས་དོན། དམིགས་བསལ་སྲིད་འཛིན་ཁུལ་ནི་ཚད་མཐོའི་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་སྲིད་འཛིན་ས་ཁོངས་ཤིག་ཡིན་ཞིང་། ཐད་ཀར་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་གཏོགས་ཡོད། འདི་ནི་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་གཏན་འབེབས་ཡིན། དེའི་ཐོག་ནས་དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་དབང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་གནས་ཀྱི་སྲིད་དབང་ཡིན་ཞིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཐད་ཀར་སྐྱོང་བ། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དམིགས་བསལ་སྲིད་འཛིན་ཁུལ་བར་གྱི་འབྲེལ་བ་ནི་ལམ་ལུགས་སྣ་གཅིག་གི་རྒྱལ་ཁབ་སྒྲིག་གཞིའི་རྣམ་པའི་ནང་ཀྲུང་དབྱང་དང་ས་གནས་བར་གྱི་འབྲེལ་བ་ཡིན་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་ལ་ཚད་མཐོའི་རང་སྐྱོང་དབང་ཆ་ཡོད། འོན་ཀྱང་དེར་རྒྱལ་ཁབ་ཀྱི་བདག་དབང་ལོངས་སུ་སྤྱོད་རྒྱུ་མེད། ཕྱི་འབྲེལ་དང་རྒྱལ་སྲུང་ཐད་ཀྱི་དབང་ཆ་མེད་ན་རང་རྐྱ་འཕེར་བའི་ཆབ་སྲིད་ཀྱི་དངོས་གཞི་ཞིག་ཀྱང་མིན། དེའི་བཅའ་ཁྲིམས་ཐོག་གི་གོ་གནས་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་མཚུངས། 

5 ངོ་བོ།      

(གཅིག)དམིགས་བསལ་སྲིད་འཛིན་ཁུལ་ནི་རྒྱལ་ཁབ་ནང་གི་སྲིད་འཛིན་སྡེ་ཚན་ཞིག་ཡིན་པ་ལས། རང་ཚུགས་ཀྱི་ཆབ་སྲིད་ཀྱི་དངོས་གཞི་ཞིག་མིན་ལ། ལམ་ལུགས་ཀྱི་རྒྱལ་ཁབ་ནང་གི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཀྱང་མིན། དེ་སྲིད་འཛིན་ས་ཁུལ་གཞན་དག་དང་འདྲ་བར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཁོངས་གཏོགས་ཀྱི་འབྲེལ་བ་ཡོད་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་འགོ་ཁྲིད་བྱེད་པ། དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དོ་དམ་ལ་བརྩི་སྲུང་དང་དང་ལེན་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་དུ་བཙུགས་པའི་སྲིད་གཞུང་ནི་ས་གནས་སྲིད་གཞུང་ཁོ་ན་ཡིན། ས་གནས་ཀྱི་སྲིད་འཛིན་སྡེ་ཚན་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་ཀྱི་བདག་དབང་སྤྱོད་པའི་བྱ་སྤྱོད་སྤེལ་མི་རུང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་དབང་ཆ་ཚང་མ་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གནང་བ་རེད།     

(གཉིས )དམིགས་བསལ་སྲིད་འཛིན་ཁུལ་དུ་སྤྱི་ཚོགས་ཀྱི་ལམ་ལུགས་དམིགས་བསལ་ཅན་ལག་ལེན་བསྟར་རྒྱུ་སྟེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལག་ལེན་མི་བསྟར་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱི་དཔལ་འབྱོར། དེ་དཔལ་འབྱོར་དམིགས་བསལ་ཁུལ་དང་མི་འདྲ། ཚད་མཐོའི་རང་སྐྱོང་དབང་ཆ་ནི་དབང་ཆའི་ནང་དོན་དང་ཁྱབ་ཁོངས་གང་ཡིན་རུང་ཚང་མ་ཞིང་ཆེན་དང་། ཐད་སྐྱོང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ལས་བརྒལ་བས་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྱད་ཆོས་གཙོ་བོ་གྲུབ་ཡོད། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལྟར་བཅའ་ཁྲིམས་གཏན་འབེབས་བྱས་ཆོག      རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་ཚོད་འཛིན་ལ་ཉེས་ཁྲིམས་དང་ཁྱབ་ཁོངས་ཀྱི་ཚོད་འཛིན་མི་ཐེབས། སྲིད་འཛིན་གྱི་དབང་ཆའི་ཐད་སྲིད་འཛིན་ས་ཁུལ་གཞན་དག་ལ་མེད་པའི་ནོར་སྲིད་དང་། དཔལ་འབྱོར་ཉོ་ཚོང་། དངུལ་ལོར་དང་དངུལ་རྩ། མཚོ་ཐོག་སྐྱེལ་འདྲེན། མཁའ་འགྲུལ། རིག་གནས་སློབ་གསོ། བདེ་འཇགས་སོགས་ཀྱི་ཐད་ལོངས་སུ་སྤྱད་ཆོག ཁྲིམས་འཛིན་དབང་ཆ་ཐད་ཁྲིམས་འཛིན་གྱི་མཐའ་མའི་འདྲི་གཅོད་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཐག་གཅོད་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བའི་ལས་དོན་ཐད་ལ་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་དང་འབྲེལ་བ་ཡོད་པའི་ཕྱི་འབྲེལ་ལས་དོན་དོ་དམ་བྱེད་འགན་འཁུར་རྒྱུ་དང་། དུས་མཚུངས་སུ་དམིགས་བསལ་སྲིད་འཛིན་ཁུལ་ལ་ཁྲིམས་ལྟར་ཕྱི་ཕྱོགས་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུའི་དབང་ཆ་ཡང་སྤྲད་ཆོགགལ་ཏེ་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མི་བྱས་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་དང་འབྲེལ་བ་ཡོད་པའི་ཕྱི་འབྲེལ་གྲོས་མོལ་བྱེད་པར་ཞུགས་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་འོས་འཚམ་གྱི་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་གྲོས་ཚོགས་སུ་ཞུགས་ཆོག     

(གསུམ) དམིགས་བསལ་སྲིད་འཛིན་ཁུལ་ལ་སྲིད་གཞུང་འཛུགས་རྒྱུ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་ལས་འགན་འཁུར་མཁན་མི་གཏོང་བ། སྲིད་འཛིན་འགོ་འདོམས་ཀྱིས་ས་གནས་དེ་གར་འདེམས་བསྐོ་བྱས་པའམ་གྲོས་མོལ་བྱས་ནས་ཐོན་ན། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བསྐོ་གཞག་བྱེད་པ། གོ་གནས་གཙོ་བོ་འཛིན་མཁན་དཔོན་རིགས་ནི་སྲིད་འཛིན་འགོ་འདོམས་ཀྱིས་མིང་བཏོན་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བསྐོ་གཞག་གནང་བྱར་འབུལ་རྒྱུ། ཁྲིམས་དཔོན་གྱིས་རང་ཚུགས་ཨུ་ཡོན་ལྷན་ཁང་གིས་འོས་སྦྱོར་བྱས་པ་བརྒྱུད་སྲིད་འཛིན་འགོ་འདོམས་ཀྱིས་བསྐོ་གཞག་བྱེད་པ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་དབང་ནི་སྲིད་དབང་ཡིན་པ་ལས་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་མིན། འདི་ནི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ཆེས་ཆེ་བའི་ཁྱད་ཆོས་ཡིན། གཞན་ཡང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་འགོག་སྲུང་དོ་དམ་བྱེད་འགན་འཁུར་བ། འོན་ཀྱང་མངག་གཏོང་བྱས་པའི་དམག་དཔུང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་ས་གནས་རང་བཞིན་གྱི་ལས་དོན་ལ་ཐེ་གཏོགས་མི་བྱེད། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཡུལ་མིར་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁེ་དབང་དང་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-29

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།