ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་།
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང(ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང)ནི་ཐད་ཀར་ཏང་ཀྲུང་དབྱང་ལ་གཏོགས་པའི་གཞུང་ཞབས་པའི་དོ་དམ་སྡེ་ཁག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཞིབ་འཇུག་སྡེ་ཁག་ཀྱང་ཡིན། 1988ལོའི་ཟླ7པར་སྔར་གྱི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལས་ཁུངས། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་རྒྱུ་ཆ་བསྡུ་ཉར་ཨུ་ཡོན་ལྷན་ཁང་གཉིས་ཟླ་སྒྲིལ་བྱས་ནས་གྲུབ་པ་ཞིག་གོ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་ཀྲུང་དབྱང་ཏང་གི་སློབ་གྲྭ་གཉིས་ནི་མཉམ་གཤིབ་ཀྱི་ཀྲུང་དབྱང་སྡེ་ཁག་དང་ལས་ཁུངས་ཡིན། འགན་ནུས་ཀྱི་གཏན་འབེབས་ལྟར་ན། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་ནི་ཏང་གི་ལོ་རྒྱུས་ཞིབ་འཇུག་སྡེ་ཁག་ཡིན་ལ། ཏང་གི་ལོ་རྒྱུས་ཀྱི་ལས་སྒོ་གཙོ་སྐྱོང་བྱེད་པའི་ལས་དོན་སྡེ་ཁག་ཀྱང་ཡིན། དེ་ཡང་གསལ་པོར་བཤད་ན། དེས་གཞི་རྩའི་འགན་ནུས་གཉིས་ཁུར་ཡོད་པ་སྟེ། གཅིག་ནི་ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན། འདི་ནི་གཙོ་བོ་ཡིན་ལ་རྨང་གཞིའི་རང་བཞིན་ཡང་ཡིན། གཞན་དེ་ནི་སྲིད་འཛིན་གྱི་འགན་ནུས་ཏེ་ཏང་གི་ལོ་རྒྱུས་ཀྱི་ལས་སྒོ་གཙོ་སྐྱོང་བྱ་རྒྱུ་དེ་ཡིན། སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཇུས་གཞི》བཀྲམས་པ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་ཡིག་ཚངས་ཞིབ་འཇུག་ཁང་། ཀྲུང་དབྱང་རྩོམ་སྒྱུར་ཅུས་བཅས་ཀྱི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚངས་ཞིབ་འཇུག་ཁང་བཙུགས་ཏེ་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོར་འཇོག་མི་བྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央党史研究室
ད་ལྟའི་དབུ་ཁྲིད།
ཆུས་ཆིན་ཧྲན།
ཕྱི་ཡིག་གི་མིང་།
Party History Research Center of the CPC Central Committee
བཙུགས་དུས།
སྤྱི་ལོ1988ལོའི་ཟླ7པ།
1 ​འགན་ནུས་གཙོ་བོ།

ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་དང་། ཏང་གི་ལོ་རྒྱུས་རྩོམ་སྒྲིག  ཏང་གི་ལོ་རྒྱུས་གལ་ཆེའི་རིགས་ཀྱི་དུས་དེབ་རྩོམ་སྒྲིག་པར་སྐྲུན་བཅས་བྱེད་ཀྱིན་ཡོད།

ཏང་གི་ལོ་རྒྱུས་རྒྱུ་ཆ་གལ་ཆེན་གྱི་རིགས་རྣམས་འཚོལ་སྡུད་དང་ལེགས་སྒྲིག རྩོམ་སྒྲིག་བཅས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་གུང་ཏང་གི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་རྒྱུ་ཆ་འཚོལ་སྡུད་དང་ཕྱོགས་བསྡུས་ལེགས་སྒྲིག་བྱེད་པ་ཡིན་ལ། ཀྲུང་དབྱང་ཏང་གི་ལོ་རྒྱུས་འགོ་ཁྲིད་ཚོ་ཆུང་གི་བྱ་དངོས་བྱེ་བྲག་འགན་འཁུར་ཏེ། ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་གནད་དོན་ཐག་གཅོད་པར་རྒྱུ་ཆ་དང་བསམ་འཆར་འདོན་སྤྲོད་བྱེད་པ་དང་། ཀྲུང་དབྱང་གིས་མངག་བཀོད་བྱས་པའི་ཏང་གི་ལོ་རྒྱུས་ཐད་ཀྱི་ལས་ཀ་ལེགས་འགྲུབ་བྱེད་ཀྱིན་ཡོད། འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་གི་ལོ་རྒྱུས་ལས་ཁུངས་ལ་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་ལས་ཀའི་སྐོར་གྱི་མཛུབ་སྟོན་བརྒྱུད་སྒྲོག་བྱེད་པ་དང་། ཏང་གི་ལོ་རྒྱུས་དཔྱད་ཡིག་འཚོལ་སྡུད་དང་ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་ཞིབ་འཇུག་ལས་ཀར་རྩ་འཛུགས་དང་མཐུན་སྦྱོར་བྱེད་པ་དང་། ཏང་གི་ལོ་རྒྱུས་ལས་ཀའི་མཉམ་མྱོང་བརྗེ་རེས་ལ་རྩ་འཛུགས། ཏང་གི་ལོ་རྒྱུས་སྡེ་ཁག་གི་ལས་སྒོའི་རྐང་འཛིན་པར་གསོ་སྐྱོང་སྦྱོང་བརྡར་བྱེད་པ་དང་། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་ལས་ཀར་སློབ་སྟོན་བཅས་བྱ་དགོས།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ལོ་ངོ30ཡི་སྔོན་ལ། ཀྲུང་གོའི་གུང་ཁྲན་ཏང་གི་མདུན་དུ་ཏང་གི་ལོ་རྒྱུས་ལ་ངོས་འཛིན་དང་ཏང་གི་ལོ་རྒྱུས་གནད་དོན་ལ་སྤྱོད་ཚུལ་ཇི་ལྟར་འཛིན་དགོས་པའི་གནད་དོན་ལྷགས་ཡོད་ལ། ཏང་གི་ལོ་རྒྱུས་ལ་རྙོག་འཛིང་ཆེ་བའི་གནས་ཚུལ་ཁ་ཤས་ཀྱང་ཚུད་ཡོད། དེར་བརྟེན། ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་ཨུ་ཡོན་ལྷན་ཁང་ཞིག་བཙུགས་པ་དང་། དུས་མཚུངས་སུ་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དཔྱད་ཡིག་འཚོལ་སྡུད་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་གཉིས་བཙུགས། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་པོ་ནི་ཧུའུ་ཆའོ་མུའུ་ཡིན། སྤྱི་ལོ1988ལོའི་ཟླ7པར། ལས་ཁུངས་གཉིས་ཟླ་སྒྲིལ་བྱས་ནས་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གསར་བ་ཞིག་ཏུ་གྱུར།

ད་ཆ་རྒྱལ་ཡོངས་སུ་ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་བཅས་ནས་རྫོང་རིམ་པ་བཞིའི་བར་ཏང་གི་ལོ་རྒྱུས་ཀྱི་ལས་ཁུངས་ཡོད་པ་དང་བསྡོམས་འབོར2836ཟིན། ལས་བཟོ་བ་ཁྱོན་ཁྲི་1.7ལྷག་ཡོད། ལོ་མང་པོའི་རིང་ལ། མི་དེ་ཚོས་མཆོག་ཏུ་གྱུར་ཅིང་བླ་ན་མེད་པའི་ཏང་གི་ལོ་རྒྱུས་ལས་དོན་གྱི་ཆེད་དུ་མིང་གྲགས་དོན་དུ་མི་གཉེར་བར་འབད་བརྩོན་ལྷོད་མེད་སྒོས་ཏང་གི་ལོ་རྒྱུས་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་ལེགས་སྐྱེས་འབུལ་འདོད་ཆེ་ཞིང་ལས་དོན་དེའི་ཆེད་དུ་སྤྲོ་སེམས་མི་ཉམས་པར་གནས་ཡོད་པ་རེད།

སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཇུས་གཞི》བཀྲམས་ནས། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་ཡིག་ཚངས་ཞིབ་འཇུག་ཁང་། ཀྲུང་དབྱང་རྩོམ་སྒྱུར་ཅུས་བཅས་ཀྱི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚངས་ཞིབ་འཇུག་ཁང་བཙུགས་ཏེ་ཏང་ཀྲུང་དབྱང་གི་ཐད་གཏོགས་བྱ་ལས་ཚན་པར་བརྩིས་པ་རེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚངས་ཞིབ་འཇུག་ཁང་གིས་ཕྱི་ཕྱོགས་སུ་ཀྲུང་དབྱང་རྩོམ་སྒྱུར་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱས། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོར་འཇོག་མི་བྱེད།

3 དབུ་ཁྲིད་གཙོ་བོ།

ཨོའུ་དབྱང་སུང་། ཕོ། རྒྱ་རིགས། 1948ལོའི་ཟླ10པར་སྐྱེས། ཧུའུ་ནན་ཧྲོང་ཧྥེང་ནས་ཡིན། ཀྲུང་གུང་ཏང་ཡོན་ཡིན། ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དཔལ་འབྱོར་བཅའ་ཁྲིམས་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་ཐོབ་ཅིང་ཁྲིམས་ལུགས་རིག་པའི་འབུམ་རམས་པ་བཅས་ཡིན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས་ཤིང་། ད་ལྟ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་མི་སྣ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱལ་ཡོངས་ཏང་འཛུགས་སྐྱོང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།

ལུང་ཞིན་རྨིན། ཕོ། རྒྱ་རིགས། སྤྱི་ལོ1946ལོ་དེའི་ཟླ9པར་སྐྱེས། ཧུའུ་ནན་ཞིང་ཆེན་ཆི་ཏུང་ནས་ཡིན་ཞིང་། ཀྲུང་གུང་ཏང་ཡོན་དང་། ཞིབ་འཇུག་སློབ་མའི་སྦྱངས་རབས་ལྡན། ཞིབ་འཇུག་པ་ཡིན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་སོགས་ཀྱི་འགན་བཞེས་པ་དང་། ད་ལྟ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་བློ་འདོན་པ་བཅས་ཀྱི་འགན་བཞེས་ཡོད།

ཆུས་ཆིན་ཧྲན། ཕོ། རྒྱ་རིགས། སྤྱི་ལོ1957ལོའི་ཟླ5པར་སྐྱེས། ཧྲན་ཏུང་རུང་ཁྲེང་ནས་ཡིན། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབ་ལྡན། ལོ་རྒྱུས་རིག་པའི་ཤེས་རམས་པ་དང་དགེ་རྒན་ཆེན་མོ་བཅས་ཡིན། མཚོ་སྔོན་ཞིང་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སོགས་ཀྱི་འགན་བཞེས་པ་དང་། ད་ལྟ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས་ཡོད།

ལི་ཀྲུང་ཅེ། ཕོ། ཅང་སུའུ་ནས་ཡིན་ཞིང་། སྤྱི་ལོ1952ལོའི་ཟླ10པར་སྐྱེས། ཀྲུང་གུང་ཏང་ཡོན་ཡིན། ད་ལྟ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀྲུང་དབྱང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་མི་སྣའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ཀྲུང་གུང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་ཡོད།

ཀྲང་པའེ་ཅ། ཕོ། རྒྱ་རིགས། སྤྱི་ལོ1948ལོའི་ཟླ་དང་པོར་སྐྱེས། ཀྲེ་ཅང་ཞིང་ཆེན་སན་མོན་ནས་ཡིན། ཀྲུང་གུང་ཏང་ཡོན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཉེ་རབས་ལོ་རྒྱུས་ཆེད་ལས་ནས་ཐོན་པ་དང་རབ་འབྱམས་པའི་བསླབ་གནས་ཡོད། ད་ལྟ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་མི་སྣ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས་ཡོད།

ལུའི་ཧྲི་ཀོང་། ཕོ། རྒྱ་རིགས། སྤྱི་ལོ1955ལོའི་ཟླ8པར་སྐྱེས། ཧྲན་ཏུང་ཡན་ཐའེ་ནས་ཡིན། ཀྲུང་གུང་ཏང་ཡོན། ལེའོ་ཉིང་སློབ་ཆེན་གྱི་མཚན་ཉིད་པའི་སྡེ་ཁག་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སྦྱངས་རབས་ལྡན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས་པ་དང་། ད་ལྟ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས་ཡོད།

ཀྲང་ཧྲུའུ་ཅུན། ཕོ། རྒྱ་རིགས། སྤྱི་ལོ1957ལོར་སྐྱེས། ཧྲན་ཏུང་ལའེ་ཝུའུ་ནས་ཡིན། ཀྲུང་གུང་ཏང་ཡོན་ཡིན། སྔ་རྗེས་སུ་ཧྲན་ཏུང་སློབ་ཆེན་དང་པེ་ཅིང་དགེ་འོས་སློབ་ཆེན་དུ་སློབ་གཉེར་གནང་ཞིང་། ལོ་རྒྱུས་རིག་པའི་ཤེས་རམས་པ་དང་ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ། ད་ལྟ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་དོན་ཨུ་ཡོན་དང་། དྲུང་ཡིག་ཆེན་མོ། ཞིབ་འཇུག་པ། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ། ཀྲུང་གོའི་ཀྲུང་གུང་ཏང་གི་ལོ་རྒྱུས་མི་སྣའི་ཞིབ་འཇུག་ལྷན་ཚོགས་དང་། ཀྲུང་གོའི་ཀྲུང་གུང་ཡིག་ཚངས་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་ཀྱི་ལས་འཛིན་བཅས་ཀྱི་འགན་བཞེས་ཡོད།

4 ད་ལྟའི་དབུ་ཁྲིད།

ཀྲུའུ་རེན། ཆུས་ཆིན་ཧྲན།

ཀྲུའུ་རེན་གཞོན་པ། ལུའི་ཧྲི་ཀོང་། ཧྥེང་ཅུན།

ཀྲུའུ་རེན་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས། ཀྲང་ཧྲུའུ་ཅུན།

.jpg

ཀྲུའུ་རེན་གཞོན་པ། ཀའོ་ཡུང་ཀྲུང་།

ཀྲུའུ་རེན་རིམ་བྱོན།

ཧུའུ་ཆའོ་མུའུ།

ཧུའུ་ཧྲེང་།

ཧྥེང་ཝུན་པིན།

སུན་ཡིན།

ལི་ཅིན་ཐེན།

ཨོའུ་དབྱང་སུང་།  

ཆུས་ཆིན་ཧྲན།

5 ལས་ཁུངས་གྲུབ་ཚུལ།

ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་ལ། གཞུང་སྒྲུབ་ཐིང་དང་ཚན་རིག་ཞིབ་འཇུག་དོ་དམ་པུའུ། ཞིབ་འཇུག་པུའུ(དམངས་གཙོ་གསར་བརྗེའི་དུས་སྐབས་ཀྱི་ཏང་གི་ལོ་རྒྱུས་ཞིབ་འཇུག)དང་པོ། ཞིབ་འཇུག་པུའུ(སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ཏང་གི་ལོ་རྒྱུས་ཞིབ་འཇུག)གཉིས་པ། ཞིབ་འཇུག་པུའུ(བསྒྱུར་བཅོས་སྒོ་དབྱེའི་དུས་སྐབས་ཀྱི་ཏང་གི་ལོ་རྒྱུས་ཞིབ་འཇུག)གསུམ་པ། དྲིལ་སྒྲོག་སློབ་གསོ་ཅུས། ལས་ཁུངས་ཀྱི་ཏང་ཨུ། ལས་ཁུངས་ཀྱི་ཞབས་ཞུའི་ལྟེ་གནས། ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་། ཏང་སྲིད་ཞིབ་འཇུག་ལྟེ་གནས། 《ཀྲུང་གུང་ཏང་གི་ལོ་རྒྱུས་ཞིབ་འཇུག》དུས་དེབ་ཁང་། 《ལོ་བརྒྱའི་རླབས》དུས་དེབ་ཁང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་དྲ་ཚིགས་བཅས་འདུས་ཡོད་དོ།།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-04

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།