མགོན་པོ་ཏྲཀྴད་དྭགས་པོའི་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགོན་པོ་ཏྲཀྴད་དྭགས་པོའི་ལུགས།
མགོན་པོ་ཏྲཀྴད་དྭགས་པོའི་ལུགས་ནི་ཐོད་མཁར་འབར་བའི་ནང་དུ་ནག་པོ་གྲུ་གསུམ་གྱི་གཞལ་ཡས་ཁང་དེའི་ནང་དུ། མི་རོ་རྟ་རོ་བརྩེགས་པའི་གདན་ལ་པད་ཉིའི་སྟེང་དུ་དཔལ་མགོན་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་གཉིས་གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རུ་དར་ནག་པོ་དང་བཅས་པ་འཕྱར་ཞིང་། གཡོན་དགྲ་བགེགས་ཀྱི་གློ་སྙིང་རླངས་པ་བུན་ནེ་བཞལ་དུ་གསོལ་ཞིང་བདུད་ཞགས་ནག་པོ་འཛིན་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ནག་པོ།
1 ངོ་སྤྲོད།

མགོན་པོ་ཏྲཀྴད་དྭགས་པོའི་ལུགས་ནི་ཐོད་མཁར་འབར་བའི་ནང་དུ་ནག་པོ་གྲུ་གསུམ་གྱི་གཞལ་ཡས་ཁང་དེའི་ནང་དུ། མི་རོ་རྟ་རོ་བརྩེགས་པའི་གདན་ལ་པད་ཉིའི་སྟེང་དུ་དཔལ་མགོན་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་གཉིས་གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རུ་དར་ནག་པོ་དང་བཅས་པ་འཕྱར་ཞིང་། གཡོན་དགྲ་བགེགས་ཀྱི་གློ་སྙིང་རླངས་པ་བུན་ནེ་བཞལ་དུ་གསོལ་ཞིང་བདུད་ཞགས་ནག་པོ་འཛིན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསུམ་བརྩེགས་སུ་གསོལ་ཞིང་། རིན་པོ་ཆེ་གསེར་གྱི་སྐེ་རགས་བཅིངས་པ།  ཞབས་ལ་ལྷམ་ཡུ་རིང་གསོལ་ཞིང་། ལྕགས་ཀྱི་རལ་པ་མུན་ལྟར་གཏིབས་པ། མཆེ་གཙིགས་སྤྱན་གསུམ་སྨ་ར་འབར་ཞིང་། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ཅན། རྟ་ནག་ཆིབས་ཤིང་རྫུ་འཕྲུལ་དང་དྲག་ཤུལ་ཆེ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་བཀའ་ཉན་ལས་བྱེད་སྤྲུལ་པ་ཡང་སྤྲུལ་གྱི་འཁོར་དང་བཅས་པའོ༎ 

2 བཟླ་བྱའི་སྔགས། 

ཨོཾ་མཧཱ་ཀཱ་ལ་ཏྲཀྴད་མ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-02

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།