ལྷ་བཙན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་བཙན་པོ་ནི་ཕྱིས་ཀྱི་ཆོ་གའི་གཞུང་དུ་བྱུང་བའི་ར་ལྷ་ཚེར་པོ་ཡིན་དགོས་པ་དང་། སྐབས་ལན་རེར་ཏུན་ཧོང་ཡིག་ཚགས་དང་རྡོ་རིང་ཡི་གེ་ཡི་ཁྲོད་དུ་བཙན་པོའི་མིང་ལ་ལྷ་བཙན་པོ་ཞེས་བྲིས་ཡོད་པའང་ཡོད་དོ། །
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
lha btsn po
རིགས།
རིག་གནས་བརྡ་འགྲེལ།
ཡིག་ཚགས།
Ch.9.II.19
འཇུག་ཡུལ་གཞན།
བཙན་པོའི་མིང་གཞན།
1 ​རྒྱས་འགྲེལ། 

ལྷ་བཙན་པོ་ནི《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》གི་ནང་དུ། ཕྱ་ཚེ་དམུ་ཐག་སྦྲུལ་པ་ལས། ལྕམ་དྲེལ་བཅོ་བརྒྱད་ལྟམ་པ་ཡིན་ཞེས་པ། དམུ་ཡད་ཀྱི་ལྷ། བཅོ་བརྒྱད་དེ། རྟ་ལྷ་དམང་པོ། གཡག་ལྷ་དུམ་པོ། བ་ལྷ་བཞོན་མོ། ལུག་ལྷ་གངས་པོ། ར་ལྷ་ཚེར་པོ། སྤྱི་གསས་འཁོར་བ། སྤྱན་གསས་སྒྲོན་མ། སྙན་ལྷ་ཧོ་སངས། ཤངས་ལྷ་སྤྲོ་ནམ། ལྗགས་གསས་འཕྲུལ་བུ། འགུར་ལྷ་བྱང་ཡུག སྲོག་ལྷ་ཉམས་ཆེན། ཡིད་ལྷ་བྱེའུ་ཡུག དཔལ་པོ་ཐང་དེ། ཁབ་ལྷ་ཁྱེའུ་ཐུང་། སྒོ་ལྷ་སྟག་གསས། གཡོན་སྒོ་གཡག་གསས། ཐབ་ལྷ་ཡོ་མོ་དང་བཅོ་བརྒྱད་དེ། དེ་ཡང་ཚེ་གཡང་དང་དམུ་ཡད་འབེབས་པ་སྟེ། དོན་དུ་གཡུང་དྲུང་ཚེའི་ལྷ་ཡིན་ནོ། ། ཞེས་གསུངས་པའི་ཁྲོད་ཀྱི་ར་ལྷ་ཚེར་པོ་ཡིན་དགོས་པ་དང་། སྐབས་ལན་རེར་ཏུན་ཧོང་ཡིག་ཚགས་དང་རྡོ་རིང་ཡི་གེ་ཡི་ཁྲོད་དུ་བཙན་པོའི་མིང་ལ་ལྷ་བཙན་པོ་ཞེས་བྲིས་ཡོད་པའང་མང་ངོ་། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-27

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།