ཀྲུང་གོའི་གནམ་གཤིས་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་གནམ་གཤིས་ཅུས།
ཀྲུང་གོའི་གནམ་གཤིས་ཅུས་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གནམ་གཤིས་སྲིད་འཛིན་དོ་དམ་སྡེ་ཁག་ཡིན་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་དོན་ལས་ཁུངས་ཤིག་ཀྱང་ཡིན། གཙོ་བོ་རྒྱལ་ཡོངས་གནམ་གཤིས་ལས་དོན་གྱི་སྲིད་གཞུང་གི་སྲིད་འཛིན་དོ་དམ་འགན་ནུས་དང་། རྒྱལ་ཡོངས་གནམ་གཤིས་ལས་དོན་གྱི་རྩ་འཛུགས་དོ་དམ་གྱི་འགན་ཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国气象局
ཕྱི་ཡིག་གི་མིང་།
China meteorological administration
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་།
ད་ལྟའི་ཅུས་ཀྲང་།
ལིའུ་ཡ་མིན།
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ12པར་བཙུགས།
ས་གནས།
པེ་ཅིང་གྲོང་ཁྱེར་ཀྲུང་ཀོན་གྲོང་ཚོའི་ལྷོ་ཁྲོམ་ཨང་རྟགས46པ།
ངོ་བོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་དོན་ལས་ཁུངས།
གཞུང་ཕྱོགས་དྲ་བ།
http://www.cma.gov.cn/
1 ​ལོ་རྒྱུས་འཕེལ་རིམ།

ཀྲུང་གོའི་གནམ་གཤིས་ཅུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་དོན་ལས་ཁུངས་ཤིག་ཡིན་ལ། དེའི་ལས་ཁུངས་སྔོན་མ་ནི་ཀྲུང་དབྱང་དམག་ཨུ་གནམ་གཤིས་ཅུས་ཡིན། སྤྱི་ལོ1949ལོའི་ཟླ12པར་ལས་ཁུངས་བཙུགས། སྤྱི་ལོ1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་དོན་ལས་ཁུངས་སུ་བསྒྱུར་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པར་བརྒྱུད་ནས། རྒྱལ་ཡོངས་ཀྱི་གནམ་གཤིས་ལས་དོན་གྱི་སྲིད་གཞུང་གི་སྲིད་འཛིན་དོ་དམ་འགན་ནུས་དང་། རྒྱལ་ཡོངས་ཀྱི་གནམ་གཤིས་ལས་དོན་རྩ་འཛུགས་དང་དོ་དམ་བྱེད་པའི་འགན་ཁུར་ཡོད། རྒྱལ་ཡོངས་ཀྱི་གནམ་གཤིས་སྡེ་ཁག་ལ་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་དང་། རིམ་དབྱེའི་ཐོག་དོ་དམ་བྱ་རྒྱུ། གནམ་གཤིས་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། གནམ་གཤིས་སྡེ་ཁག་གིས་འགོ་ཁྲིད་བྱ་རྒྱུ་གཙོ་བོར་འཛིན་པའི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱས་ཡོད། རང་རྒྱལ་གྱི་གནམ་གཤིས་བྱ་གཞག་ནི་ཚན་རྩལ་དང་རྨང་གཞིའི་རང་བཞིན་གྱི་སྤྱི་ཚོགས་སྤྱི་ཕན་གྱི་བྱ་གཞག་ཅིག་ཡིན། “སྤྱི་སྤྱོད་གནམ་གཤིས་དང་། བདེ་འཇགས་ཀྱི་གནམ་གཤིས། ཐོན་ཁུངས་ཀྱི་གནམ་གཤིས”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། “མི་རྩ་བར་འཛིན་པ་དང་། མ་ལུས་ཀུན་མཛོམས། སྤྱི་ཁྱབ་ཡོངས་གནས།”བཅས་ཀྱི་ཞབས་ཞུའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད།  སྤྱི་ལོ2000ལོའི་ཟླ1པའི་ཚེས1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་གཤིས་བཅའ་ཁྲིམས》ལག་བསྟར་བྱེད་འགོ་བརྩམས། དེའི་རྗེས་སུ《མིས་བཟོས་གནམ་གཤིས་ལ་ཤུགས་རྐྱེན་གཏོང་བའི་དོ་དམ་སྲོལ་ཡིག》དང་། 《གནམ་གཤིས་བརྟག་དཔྱད་ཚད་ལེན་ཁོར་ཡུག་དང་སྒྲིག་བཀོད་སྲུང་སྐྱོབ་བྱེད་ཐབས》དང《ཐོག་འགོག་གནོད་འཚེ་ཉུང་གཏོང་གི་དོ་དམ་བྱ་ཐབས》 《དབུགས་ལྒང་གཏོང་བའི་དོ་དམ་བྱ་ཐབས》སོགས་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་སྲོལ་བཟོས་ཡོད།

2 འགན་ནུས་གཙོ་བོ།

(གཅིག) གནམ་གཤིས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ། འཕེལ་རྒྱས་འཐབ་ཇུས། ཕུགས་རིང་གི་འཆར་འགོད་བཅས་བཟོ་དགོས། གནམ་གཤིས་ལས་དོན་སྐོར་གྱི་སྒྲིག་སྲོལ་ལམ་ལུགས་དང་། ལག་རྩལ་གྱི་ཚད་གཞི་ཚད་ལྡན་དུ་བཏང་ནས་ལག་བསྟར་དུ་འདེབས་པ་ལ་ལྟ་སྐུལ་བྱ་དགོས། གནམ་གཤིས་ཐད་ཀྱི་སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་བསྐྱར་གྲོས་ཀྱི་བྱ་བ་སྒྲུབ་པའི་འགན་འཁུར་དགོས།

(གཉིས) གནམ་གཤིས་ཀྱི་གནོད་སྐྱོན་འགོག་སེལ་བྱ་རྒྱུའི་འཆར་གཞི་རྩ་འཛུགས་དང་ལག་བསྟར་དུ་འདེབས་དགོས། སྲིད་གཞུང་གི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ཐབས་ཇུས་ཀྱི་བྱ་བར་གསབ་ཞུགས་བྱེད་དགོས། གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་པའི་བྱ་བའི་སྟ་གོན་རྩ་འཛུགས་བྱེད་དགོས། གནམ་གཤིས་ཀྱི་གནོད་འཚེ་འཕྲལ་བསྟུན་སྔོན་འགོག་དོ་དམ་གྱི་བྱ་བ་རྩ་འཛུགས་བྱེད་དགོས། གནམ་གཤིས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། དེ་བཞིན་དུ་གནས་ཚུལ་ཁྱབ་བསྒྲགས་ཀྱི་མ་ལག་འཛུགས་སྐྲུན་བྱ་དགོས། གནམ་གཤིས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་གནས་ཚུལ་ཁྱབ་བསྒྲགས་བྱེད་པའི་འགན་འཁུར་དགོས། རྒྱལ་ཁབ་ཀྱི་གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་གྱི་སྔོན་དཔག་ཉེན་བརྡའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པའི་བྱ་བའི་འགན་འཁུར་དགོས། བྱེད་སྒོ་གལ་ཆེན་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་གནམ་གཤིས་འགན་སྲུང་ལས་དོན་གྱི་འགན་འཁུར་དགོས། གལ་ཆེའི་གནོད་འཚེའི་རང་བཞིན་ལྡན་པའི་ས་ཁུལ་ལས་བརྒལ་པའི་གནམ་གཤིས་དང་སྡེ་ཁག་ལས་བརྒལ་བའི་གནམ་གཤིས་ཐད་ཀྱི་གནམ་གཤིས་མཉམ་འགོག་དང་། གལ་ཆེའི་གནམ་གཤིས་འགན་སྲུང་རྩ་འཛུགས་བྱེད་དགོས། གནམ་གཤིས་གནོད་འཚེའི་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་དང་། ཉེན་ཁ་དབྱེ་འབྱེད་དང་། ཉེན་ཁ་དཔྱད་དཔོག་བཅས་ཀྱི་བྱ་བ་རྩ་འཛུགས་བྱ་དགོས། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་དང་། ས་ཁོངས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་གསར་སྤེལ་རྣམ་གྲངས་གལ་ཆེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བཅས་ལ་གནམ་གཤིས་ཐད་ཀྱི་ཞབས་འདེགས་ཞུ་རྒྱུ་རྩ་འཛུགས་བྱ་དགོས། མིས་བཟོས་གནམ་གཤིས་ལ་ཤུགས་རྐྱེན་གཏོང་བའི་བྱ་བར་དོ་དམ་བྱེད་དགོས།

(གསུམ) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གཞན་དག་ཏུ་བཙུགས་པའི་གནམ་གཤིས་ལས་དོན་ལས་ཁུངས་ལ་ལས་རིགས་དོ་དམ་བྱ་དགོས་པ་དང་། རྒྱལ་ཡོངས་ཀྱི་སྐམ་ས་དང་། གཙང་པོ། མཚེའུ། དེ་བཞིན་དུ་མཚོ་ཐོག་གི་གནམ་གཤིས་ལྟ་དཔྱད་ཚད་ལེན། གནམ་གཤིས་བརྟག་དཔྱད་ཁང་དང་ས་ཚིགས་དྲ་བ། གནམ་གཤིས་བརྟག་དཔྱད་ཀྱི་རྨང་གཞིའི་སྒྲིག་བཀོད། གནམ་གཤིས་བརྟག་དཔྱད་ཀྱི་ལག་རྩལ་སྒྲིག་ཆས་ཆེ་གྲས་འཕེལ་རྒྱས་དང་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། གནམ་གཤིས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་། བརྒྱུད་སྤེལ། ལས་སྣོན་བཅས་བྱེད་པའི་སྤུས་ཚད་གདེང་འཇོག་བྱེད་ཐབས་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། གནམ་གཤིས་ལག་རྩལ་སྒྲིག་ཆས་ཀྱི་འགན་སྲུང་དང་སྤུས་ཚད། གནམ་གཤིས་ཚད་འཇལ་བཅས་ལ་ལྟ་སྐུལ་རྩ་འཛུགས་བྱ་དགོས། རྒྱལ་ཡོངས་ཀྱི་གནམ་གཤིས་རྣམ་གྲངས་ཆེ་འབྲིང་གི་རྣམ་གྲངས་འཛུགས་པ་དང་ཇུས་གཞི་འགོད་པར་ཞིབ་བཤེར་གཏན་འབེབས་བྱེད་གོས།

(བཞི) རྒྱལ་ཡོངས་ཀྱི་སྐམ་ས་དང་། གཙང་པོ། མཚེའུ་བཅས་དང་དེ་བཞིན་མཚོ་ཐོག་གི་གནམ་གཤིས་གནས་ཚུལ་སྔོན་བརྡའི་ཉེན་བརྡ། དུས་ཐུང་གི་གནམ་གཤིས་སྔོན་དཔོག བར་སྣང་གནམ་གཤིས་ཀྱི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་སྔོན་བརྡ། གྲོང་ཁྱེར་ཁོར་ཡུག་གི་གནམ་གཤིས་སྔོན་བརྡ། མེ་ཉེན་གྱི་གནམ་གཤིས་སྔོན་བརྡ། གནམ་གཤིས་ཀྱི་ཤུགས་རྐྱེན་གདེང་འཇོག་བཅས་བྱེད་རྒྱུར་དོ་དམ་བྱེད་དགོས། ཁུངས་འདེད་དང་བརྟག་དཔྱད་བྱས་ནས་རླུང་ཁམས་ཆེན་མོས་ཁོར་ཡུག་ལ་ཤུགས་རྐྱེན་གང་ཐེབས་ཡོད་པར་གདེང་འཇོག་བྱེད་དགོས།

(ལྔ) གནམ་གཤིས་འགྱུར་ལྡོག་གི་ཚན་རིག་དང་འབྲེལ་ཡོད་ཀྱི་བྱ་བ་རྩ་འཛུགས་བྱེད་དགོས། གནམ་གཤིས་ཐོན་ཁུངས་ཕྱོགས་བསྡུས་བརྟག་དཔྱད་དང་ས་ཁུལ་དབྱེ་འབྱེད་བྱ་རྒྱུ་རྩ་འཛུགས་བྱས་ནས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་ལས་གྲྭ་དང་། ས་ཁོངས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་གསར་སྤེལ་རྣམ་གྲངས་གལ་ཆེན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་བཅས་ཀྱི་གནམ་གཤིས་ཆ་རྐྱེན་ཁུངས་འདེད་དང་ཞིབ་བཤེར་བྱེད་དགོས།

(དྲུག) གནམ་གཤིས་སྡེ་ཁག་གི་ཚན་རྩལ་ལམ་ལུགས་བཅོས་སྒྱུར་བྱ་རྒྱུ་དང་། གནམ་གཤིས་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་གལ་ཆེན་དང་གྲུབ་འབྲས་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུ་རྩ་འཛུགས་བྱེད་དགོས། གནམ་གཤིས་ཐད་ཀྱི་ཚན་རྩལ་གསར་སྤེལ་དང་། ལག་རྩལ་མཉམ་ལས། ལག་རྩལ་ཁྱབ་སྤེལ་བཅས་མཐུན་སྦྱོར་བྱ་དགོས། གནམ་གཤིས་ཀྱི་ཚན་རིག་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་དུ་བཏང་ནས། དམངས་ཡོངས་ཀྱི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་རྒྱུ། གནམ་གཤིས་ཐོན་ཁུངས་ཀྱི་འདུ་ཤེས་སོགས་ཇེ་ཟབ་ཏུ་གཏོང་དགོས།

(བདུན) གནམ་གཤིས་ཅུས་ཀྱི་ཕྱི་དོན་བྱ་བར་དོ་དམ་བྱས་ཏེ། རང་རྒྱལ་གྱི་སྲིད་གཞུང་གི་ཚབ་བྱས་ནས་འཛམ་གླིང་གནམ་གཤིས་བརྟག་དཔྱད་རྩ་འཛུགས་དང་རྒྱལ་སྤྱིའི་གནམ་གཤིས་ལས་ཁུངས་གཞན་དག་གི་བྱེད་སྒོར་ཞུགས་དགོས། ཕྱི་རྒྱལ་གྱི་སྲིད་གཞུང་གི་གནམ་གཤིས་བརྟག་དཔྱད་ལས་ཁུངས་བར་མཉམ་ལས་ཀྱི་འབྲེལ་འདྲིས་འཛུགས་དགོས།  

(བརྒྱད) རྒྱལ་ཡོངས་ཀྱི་གནམ་གཤིས་སྡེ་ཁག་གི་ལས་ཀར་གཅིག་གྱུར་གྱིས་འགོ་ཁྲིད་བྱ་དགོས། ཀྲུང་གོའི་གནམ་གཤིས་ཅུས་གཙོར་བྱས་ཏེ་ཞིང་ཆེན་རིམ་པའི་གནམ་གཤིས་སྡེ་ཁག་གི་འཆར་གཞིའི་ནོར་དོན་དང་། སྒྲིག་ཁོངས། མི་དོན་ངལ་རྩོལ། དཔུང་ཁག་འཛུགས་སྐྱོང་། སློབ་གསོ་གསབ་སྦྱོང་། ལས་སྒོ་འཛུགས་སྐྲུན་བཅས་ལ་དོ་དམ་བྱེད་དགོས། ས་གནས་ཀྱི་གནམ་གཤིས་བྱ་གཞག་གི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས།

(དགུ) ས་གནས་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ས་གནས་ཀྱི་གནམ་གཤིས་ཐད་ཀྱི་ལས་བཟོ་པའི་དཔུང་ཁག་གི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དང་བསམ་པའི་དཔལ་ཡོན་སྤེལ་བར་ཁྲིད་སྟོན་བྱེད་དགོས།  

(བཅུ) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

3 འཐབ་ཇུས་དོན་སྙིང་།

རང་རྒྱལ་དུ་བར་སྣང་དང་རླུང་ཁམས་ས་ངོས་བཅས་ཟུང་འབྲེལ་དང་། ཅུང་འཐུས་སྒོ་ཚང་བ། གཞི་རྩའི་ཆ་ནས་སྒྲིག་གཞི་ཅུང་ལུགས་མཐུན་ཡིན་པའི་དེང་རབས་ཅན་གྱི་རླུང་ཁམས་ཆེན་པོའི་ཕྱོགས་བསྡུས་ལྟ་དཔྱད་མ་ལག་ཆགས་ཡོད། གནམ་གཤིས་སྔོན་བརྡ། གནམ་གཤིས་སྔོན་དཔག མིས་བཟོས་ཤུགས་རྐྱེན་གྱི་གནམ་གཤིས། ཐན་སྐམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། ཐོག་གློག་སྔོན་འགོག ཞིང་ལས་གནམ་གཤིས་དང་སྐྱེ་ཁམས། གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ལས་གྲུབ་པའི་གནམ་གཤིས་ཞབས་ཞུའི་མ་ལག་བཙུགས་ཡོད། གནམ་གཤིས་ཞབས་ཞུའི་ཁྱབ་ཁོངས་ལ་བཟོ་ལས་དང་། ཞིང་ལས། ཉ་ལས། ཚོང་ལས། ནུས་ཁུངས། འགྲིམ་འགྲུལ། སྐྱེལ་འདྲེན། བཟོ་སྐྲུན། ནགས་ལས། ཆུ་བེད། རྒྱལ་སའི་ཐོན་ཁུངས། རྒྱ་མཚོ། ཚྭ་ལས། ཁོར་སྲུང་། ཡུལ་སྐོར། མཁའ་འགྲུལ། སྦྲག་གློག འགན་བཅོལ། མེ་ཟོན་ལ་སོགས་པའི་ལས་རིགས་དང་སྡེ་ཚན་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཚན་རིག་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། རླུང་ཁམས་ཆེན་མོའི་གྲུབ་ཆ་དབྱེ་ཞིབ་དང་ཉེན་ཟོན་སྔོན་བརྡ། བར་སྣང་གནམ་གཤིས་སྔོན་བརྡ། བྱེ་རྡུལ་རླུང་འཚུབ་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། ཐོག་ཟོན་སྒྲིག་ཆས་ཞིབ་དཔྱད་ཚད་ལེན་དང་ལས་གྲྭའི་ཆེད་ལས་ཇུས་འགོད། བདེ་ཐང་དང་སྨན་བཅོས་གནམ་གཤིས། གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་ཛ་དྲག་གི་འཕྲལ་ལན་སོགས་གནམ་གཤིས་འགན་ལེན་ལས་སྒོ་དང་ཞབས་ཞུ་ཡང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། མིག་སྔར་གནམ་གཤིས་ཞབས་ཞུ་དེ་གཞི་རྩའི་ཆ་ནས་རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྱབ་ཁོངས་ཁག་ཏུ་ཁྱབ་ཡོད་པ་དང་གནམ་གཤིས་ཞབས་ཞུའི་སྤྱི་ཚོགས་དཔལ་འབྱོར་ཕན་འབྲས་ཀྱི་གཏོང་ཆ་དང་བསྡུར་ཚད1:40ཟིན་ཡོད།

རང་རྒྱལ་དུ་གནམ་གཤིས་ཚན་རིག་ལག་རྩལ་གྱི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་དང་། ལག་རྩལ་མཐོ་གསར་གྱི་ཞིབ་འཇུག ཉེར་སྤྱོད་གསར་སྤེལ་གྱི་ཞིབ་འཇུག་མ་ལག་ཆགས་ཡོད། ཀྲུང་གོའི་གནམ་གཤིས་ཅུས་ལ་ཀྲུང་གོའི་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་དང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་པེ་ཅིང་གྲོང་ཁྱེར་གནམ་གཤིས་ཞིབ་འཇུག་ཁང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཧྲེན་དབྱང་རླུང་ཁམས་ཆེན་མོའི་ཁོར་ཡུག་ཞིབ་འཇུག་ཁང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཝུའུ་ཧན་དྲག་ཆར་ཞིབ་འཇུག་ཁང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཧྲང་ཧེ་མཚོ་རླུང་ཞིབ་འཇུག་ཁང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཀོང་ཀྲོའུ་ཚ་ཁུལ་རྒྱ་མཚོའི་གནམ་གཤིས་ཞིབ་འཇུག་ཁང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཁྲིན་ཏུའུ་མཐོ་སྒང་གནམ་གཤིས་ཞིབ་འཇུག་ཁང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ལན་ཇུ་ཐན་སྐམ་གནམ་གཤིས་ཞིབ་འཇུག་ཁང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཝུའུ་ལུའུ་མུའུ་ཆིའི་བྱེ་ཐང་གནམ་གཤིས་ཞིབ་འཇུག་ཁང་སོགས་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་ཁང9ཡོད། སྤྱི་ལོ2004ལོར་ཚན་རྩལ་པུའུ་ནས་ཆོག་མཆན་ཐོབ་སྟེ། ཀྲུང་གོའི་གནམ་གཤིས་ཅུས་ཀྱིས་གནམ་གཤིས་གནོད་འཚེ་ཕོག་པ་ཚབ་ཆེ་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཙུགས། ཀྲུང་གོའི་གནམ་གཤིས་ཅུས་ནི་རང་རྒྱལ་གྱི་ཁག་དང་པོའི་སྤྱི་ཕན་རིགས་ཀྱི་ཚན་རིག་ཞིབ་འཇུག་ཁང་བཅོས་སྒྱུར་སྡེ་ཁག་གི་གྲས་ཡིན་ལ། རྒྱལ་ཁབ་ཀྱི་སྤྱི་ཕན་རིགས་ཀྱི་ཚན་རིག་ཞིབ་འཇུག་ཁང་སྒྱུར་བཅོས་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞིར་ཐོན་ཡོད། རྣམ་པ་གསར་པའི་གནམ་གཤིས་ཚན་རྩལ་གསར་གཏོད་མ་ལག་གི་གོམ་པ་དང་པོ་སྤོས་ཡོད།  ཀྲུང་གོའི་གནམ་གཤིས་ཅུས་ནི་སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང(IPCC)གི་རྒྱལ་ནང་གི་སྣེ་ཁྲིད་ལས་ཁུངས་ཡིན་པས་གནམ་གཤིས་འགྱུར་ལྡོག་གི་ཚན་རིག་དང་། ཤུགས་རྐྱེན། ཐབས་ཇུས་བཅས་ལ་ཞིབ་འཇུག་རབ་དང་རིམ་པ་བྱས་ཡོད།

རང་རྒྱལ་གྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ། ཕྱི་འབྲེལ་བཅས་ཀྱི་འཐབ་ཇུས་ལ་དམིགས་ཏེ་རྒྱལ་སྤྱིའི་རྩ་འཛུགས་དང་། རྒྱལ་ཁབ་དང་ས་ཁུལ་གྱི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་གནམ་གཤིས་ཚན་རྩལ་མཉམ་ལས་ཧུར་ཐག་བྱས་ཡོད་ལ། ད་ལྟའི་བར་དུ་རྒྱལ་ཁབ་དང་ས་ཁུལ160ལྷག་ཙམ་དང་ཕྱོགས་གཉིས་ཀྱི་གནམ་གཤིས་ཚན་རྩལ་མཉམ་ལས་དང་སྤེལ་རེས་བྱས་ཡོད། རྒྱལ་ཁབ21དང་གནམ་གཤིས་ཚན་རྩལ་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ70ལྷག་ཙམ་ལ་སྒྲིག་ཆས་དང་ལག་རྩལ་གྱི་རོགས་སྐྱོར་མཁོ་འདོན་བྱས་ཡོད། རྒྱལ་ཁབ་དང་ས་ཁུལ120ལྷག་ཙམ་གྱི་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་དང་དེ་བཞིན་མཐོ་རིམ་དཔོན་རིགས350ཀྲུང་གོར་རྟོག་ཞིབ་གནང་བར་ཕེབས་མྱོང་། ཀྲུང་གོ་ནི་འཛམ་གླིང་གནམ་གཤིས་རྩ་འཛུགས(WMO)ཀྱི་ཁོངས་ཞུགས་རྒྱལ་ཁབ་ཡིན། སྤྱི་ལོ1973ལོ་ནས་བཟུང་། ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གནམ་གཤིས་རྩ་འཛུགས་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཡིན། སྤྱི་ལོ1983ལོར་ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་ཙོའུ་ཅིན་མེངWMOཡི་ཀྲུའུ་ཞི་གཞོན་པ་གཉིས་པར་བདམས་ཐོན་བྱུང་བ་དང་། སྤྱི་ལོ1987ལོར་ཀྲུའུ་ཞིར་བདམས་ཐོན་བྱུང་། སྤྱི་ལོ1991ལོར་བསྟུད་མར་ཀྲུའུ་ཞིའི་འགན་བཞེས། སྤྱི་ལོ2001ལོར་རང་རྒྱལ་གྱི་དཔོན་རིགས་ཀྱིསWMOཡི་དྲུང་ཡིག་ཁྲུའུ་ཡི་ལས་རོགས་དྲུང་ཡིག་ཆེན་མོའི་འགན་བཞེས། སྤྱི་ལོ2004ལོརWMOདྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས། རང་རྒྱལ་གྱི་རྒྱལ་ཁབ་གནམ་གཤིས་ལྟེ་གནས་ནིWMOས་ཁོངས་ཆེད་ལས་གནམ་གཤིས་ལྟེ་གནས་ཀྱི་གྲས་ཤིག་ཡིན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གནམ་གཤིས་སྔོན་བརྡའི་ཞབས་ཞུའི་འགན་ཁུར་ཡོད། རང་རྒྱལ་གྱི་རྒྱལ་ཁབ་གནམ་གཤིས་ཆ་འཕྲིན་ལྟེ་གནས་ནིWMOགོ་ལ་ཧྲིལ་པོའི་གནམ་གཤིས་གློག་འཕྲིན་མ་ལག་ས་ཁོངས་འཕྲིན་གཏོང་ལྟེ་གནས་ཀྱི་གྲས་ཤིག་ཡིན་པ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་བརྟག་དཔྱད་ཚད་ལེན་གྱི་དཔྱད་ཡིག་བརྗེ་རེས་ཀྱི་ནང་དུ་ཞུགས་ཡོད། དུས་རབས་སྔོན་མའི་ལོ་རབས80པ་ནས་བཟུང་། རང་རྒྱལ་གོ་ལ་ཧྲིལ་པོ་དང་དེ་བཞིན་དུ་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་བྱེད་སྒོར་ཧུར་ཐག་ངང་ཞུགས་པ་དང་། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་དུས་ཡུན་རིང་པོར་སྲིད་གཞུང་དབར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང(IPCC)གི་ལས་དོན་ཚོགས་ཆུང་དང་པོའི་མཉམ་འབྲེལ་ཀྲུའུ་ཞིའི་འགན་བཞེས་ནས་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་དང་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ད་དུངWMOདང་རྒྱ་མཚོའི་རླུང་འཚུབ་ཨུ་ཡོན་ལྷན་ཁང་གི་ཁྱབ་ཁོངས་ཁག་གི་བྱེད་སྒོ་དང་འབྲེལ་ཡོད་རྒྱལ་སྤྱིའི་ཞིབ་འཇུག་འཆར་གཞིར་ཧུར་ཐག་ངང་ཞུགས་ཡོད།

4 འགོ་ཁྲིད་མི་སྣ།
4_1 ཅུས་ཀྲང་རིམ་བྱོན།

ཐུའུ་ཁྲང་ཝང་། (སྤྱི་ལོ1949ལོའི་ཟླ10པ་ནས་སྤྱི་ལོ1949ལོའི་ཟླ6པའི་བར)

རའོ་ཞིང་། (སྤྱི་ལོ1962ལོའི་ཟླ6པ་ནས་སྤྱི་ལོ1969ལོའི་ཟླ12པའི་བར)

མེང་ཕིན། (སྤྱི་ལོ1969ལོའི་ཟླ12པ་ནསསྤྱི་ལོ1973ལོའི་ཟླ3པའི་བར )

ཙོའུ་ཅིན་མེང་། (སྤྱི་ལོ1973ལོའི་ཟླ3པ་ནས་སྤྱི་ལོ1979ལོའི་ཟླ4པའི་བར )

རའོ་ཞིང་། (སྤྱི་ལོ1979ལོའི་ཟླ4པ་ནས་སྤྱི་ལོ1980ལོའི་ཟླ4པའི་བར)

ཞུའེ་ཝེ་རྨིན། (སྤྱི་ལོ1980ལོའི་ཟླ4པ་ནས་སྤྱི་ལོ1982ལོའི་ཟླ4པའི་བར)

ཙོའུ་ཅིན་མེང་། (སྤྱི་ལོ1982ལོའི་ཟླ4པ་ནས་སྤྱི་ལོ1996ལོའི་ཟླ7པའི་བར )

ཝུན་ཁེ་ཀང་། (སྤྱི་ལོ1996ལོའི་ཟླ7པ་ནས་སྤྱི་ལོ2000ལོའི་ཟླ12པའི་བར )

ཆིན་ཏ་ཧུའུ། (སྤྱི་ལོ2000ལོའི་ཟླ12པ་ནས་སྤྱི་ལོ2007ལོའི་ཟླ4པའི་བར)

ཀྲེན་གོ་ཀོང་། (སྤྱི་ལོ2007ལོའི་ཟླ4པ་ནས་སྤྱི་ལོ2016ལོའི་ཟླ12པའི་བར)

4_2 ད་ལྟའི་འགོ་ཁྲིད།

ལིའུ་ཡ་མིང་། ཅུས་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། (སྤྱི་ལོ2016ལོའི་ཟླ12པར་ཅུས་ཀྲང་གི་འགན་བཞེས)

ཡུས་ཡུང་། ཅུས་ཀྲང་གཞོན་པ།

ཡུས་རུའུ་ཚུང་། ཅུས་ཀྲང་གཞོན་པ། (སྤྱི་ལོ2004ལོའི་ཟླ12པར་ཅུས་ཀྲང་གཞོན་པའི་འགན་བཞེས )

ཧྲེན་ཞའོ་ནུང་། ཅུས་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། (སྤྱི་ལོ2008ལོའི་ཟླ2པར་ཅུས་ཀྲང་གཞོན་པའི་འགན་བཞེས )

ཅའོ་མེ་ཡན། ཅུས་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། (སྤྱི་ལོ2008ལོའི་ཟླ6པར་ཅུས་ཀྲང་གཞོན་པའི་འགན་བཞེས )

ཡུས་ཤིན་ཝུན། ཅུས་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། (སྤྱི་ལོ2011ལོའི་ཟླ1པོར་ཅུས་ཀྲང་གཞོན་པའི་འགན་བཞེས)

5 རྩ་འཛུགས་ལས་ཁུངས། 
5_1 ཐད་གཏོགས་ལས་ཁུངས།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་གཞུང་ལས་ཁང་།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་འཕྲལ་སྡོམ་གནོད་འཚེ་ཉུང་གཏོང་དང་སྤྱི་པའི་ཞབས་ཞུ་སི།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་སྔོན་བརྡ་དང་དྲ་རྒྱའི་སི། 
 གནམ་གཤིས་ཅུས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་སི།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཚན་རྩལ་དང་གནམ་གཤིས་འགྱུར་ལྡོག་སི། 
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་འཆར་གཞི་ནོར་དོན་སི།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་མི་དོན་སི།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་སི། 
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་རྒྱལ་སྤྱིའི་མཉམ་ལས་སི།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུད།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ལྟ་ཞིབ་ཁང་། 
 ཀྲུང་གོའི་གནམ་གཤིས་ཅུས་ཀྱི་རྩིས་བཤེར་ཁང་། 
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་ལས་བྱེད་པའི་གཞུང་ལས་ཁང་།
5_2 དམིགས་བཙུགས་ལས་ཁུངས།

ཀྲུང་གོའི་གནམ་གཤིས་ཅུས་ཀྱི་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས།

5_3  ལས་དོན་ལས་ཁུངས།
རྒྱལ་ཁབ་གནམ་གཤིས་ལྟེ་གནས། (ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་)
རྒྱལ་ཁབ་གནམ་ཟླ་ལྟེ་གནས།
རྒྱལ་ཁབ་སྲུང་སྐར་གནམ་གཤིས་ལྟེ་གནས། (རྒྱལ་ཁབ་བར་སྟོང་གནམ་གཤིས་གྲངས་ཐང་ཉེན་ཟོན་སྔོན་བརྡ་ལྟེ་གནས)
རྒྱལ་ཁབ་གནམ་གཤིས་ཆ་འཕྲིན་ལྟེ་གནས། (ཀྲུང་གོའི་གནམ་གཤིས་ཅུས་ཀྱི་གནམ་གཤིས་གྲངས་གཞི་ལྟེ་གནས)
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་གནམ་གཤིས་བརྟག་དཔྱད་ཚད་ལེན་ལྟེ་གནས། 
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་སྤྱི་པའི་གནམ་གཤིས་ཞབས་ཞུ་ལྟེ་གནས། (རྒྱལ་ཁབ་ཀྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་ལྟེ་གནས)
ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་།
 ཀྲུང་གོའི་གནམ་གཤིས་ཅུས་ཀྱི་གནམ་གཤིས་ལས་བྱེད་པ་གསོ་སྦྱོང་སློབ་གླིང་།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་རྒྱུ་ནོར་དོ་དམ་ལས་དོན་ལྟེ་གནས།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ལས་ཁུངས་ཞབས་ཞུ་ལྟེ་གནས།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་གནམ་གཤིས་དྲིལ་བསྒྲགས་དང་ཚན་རིག་ཁྱབ་གདལ་ལྟེ་གནས། 
ཀྲུང་གོའི་གནམ་གཤིས་ཚགས་པར།

གནམ་གཤིས་དཔེ་སྐྲུན་ཁང་།


5_4 གཙོ་གཉེར་ཚོགས་པ།

ཀྲུང་གོའི་གནམ་གཤིས་རིག་ཚོགས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-03

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།