ཚོགས་བདག་མགོན་པོ་སེང་གེའི་གདན་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོགས་བདག་མགོན་པོ་སེང་གེའི་གདན་ཅན།
ཚོགས་བདག་མགོན་པོ་སེང་གེའི་གདན་ཅན་ནི་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སྨུག་ནག་མི་བཟད་པའི་མཆེ་བ་རྣོན་པའི་ཟངས་ཡག་ཏུ་གཙིགས་པ། སྤྱན་སྡང་མིག་ཏུ་གཟིགས་པ་གནག་པའི་དགྲ་པོ་ཞལ་མནན་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པས་རྩེ་གསུམ་མདུང་དར་ལེབ་རྒན་ཅན། གཡོན་གྱི་དང་པོས་ཁྱུ་མཆོག་གི་རྒྱལ་མཚན་འཕྱར་བ། འོག་མས་བདུད་ཞགས་འཛིན་པ། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ཅན། རིན་པོ་ཆེ་དང་། སྦྲུལ་གྱིས་བརྒྱན་པ། ཉི་ཟླས་ཐོད་བྱས་པ། གླང་པོ་ཆེའི་ཀོ་རློན་གྱི་སྟོད་གཡོགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རོལ་པའི་སྟབས་ཀྱིས་བཞུགས་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
སྨུག་ནག
1 ​ངོ་སྤྲོད། 

ཚོགས་བདག་མགོན་པོ་སེང་གེའི་གདན་ཅན་ནི་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སྨུག་ནག་མི་བཟད་པའི་མཆེ་བ་རྣོན་པའི་ཟངས་ཡག་ཏུ་གཙིགས་པ། སྤྱན་སྡང་མིག་ཏུ་གཟིགས་པ་གནག་པའི་དགྲ་པོ་ཞལ་མནན་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པས་རྩེ་གསུམ་མདུང་དར་ལེབ་རྒན་ཅན། གཡོན་གྱི་དང་པོས་ཁྱུ་མཆོག་གི་རྒྱལ་མཚན་འཕྱར་བ། འོག་མས་བདུད་ཞགས་འཛིན་པ། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་ཅན། རིན་པོ་ཆེ་དང་། སྦྲུལ་གྱིས་བརྒྱན་པ། ཉི་ཟླས་ཐོད་བྱས་པ། གླང་པོ་ཆེའི་ཀོ་རློན་གྱི་སྟོད་གཡོགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རོལ་པའི་སྟབས་ཀྱིས་བཞུགས་པ། ཕྱོགས་བཞིའི་རྩིབས་ལ་མདུན་དུ་ཡུམ་བེ་ཏ་ལི་ལྗང་ཁུ་རལ་པ་གྲོལ་བ། གཡས་རྒྱུ་མ་གསོལ་ཞིང་། གཡོན་ཐོད་ཁྲག་འཛིན་པ། ཞབས་བསྣོལ་བའི་སྟབས་ཅན། གཡས་སུ་ཕོ་ཉ་མོ་དཀར་མོ་སྐྲ་ཁམ་ནག་ཅན། ཕུར་པ་དང་། ཞགས་པ་དམར་པོ་འཛིན་པ། རྒྱབ་ཏུ་བཀའ་སྡོད་མ་ལྗང་སྔོན་མི་ལྤགས་གྱོན་ཅིང་། ཙན་དན་གྱི་དབྱུག་ཐོ་བསྣམས་པ། དེ་གཉིས་པུས་བཙུགས་སམ་བརྐྱང་བསྐུམ་གྱིས་བཞུགས་པ། གཡོན་དུ་མངག་གཞུག་མ་དམར་མོ་ཀངྐའི་མགོ་བོ་ཅན། ཞིང་དབྱུག་དང་། ཞིང་ཆེན་ཚལ་པ་བསྣམས་པ། མཉམ་པའི་སྟབས་ཀྱིས་བཞུགས་པ། ཕྱི་རོལ་དུ་ཚངས་མ་དབང་མོ་གཞོན་ནུ་མ། ལྷ་ཆེན་མ་དང་རྟོག་འདོད་མ། རྒན་བྱང་མ་དང་སྣ་ཆེན་མ། མ་བདུན་སྲིན་མོའི་གཟུགས་ཅན་ནོ༎ སྐུ་མདོག་དམར་ནག་རྩེ་གསུམ་དང་། བན་དྷེ་ཁྲག་གིས་གང་བ་བསྣམས་པ། སྒོ་བཞིར། ཤེལ་གསེར་ཟངས་གསུམ་གཡུའི་མིག་ཅན་མ་མོ་བཞི་རྡོ་རྗེ་དང་ཞགས་པ་བསྣམས་པའོ༎

2 བསྟོད་པ།  

ཧཱུཾ་ལྷ་མིན་དམག་ཚོགས་གཡུ་བཟློག་ཅིང་༎ ལྷ་དམག་དཀར་པོའི་དབུགས་འབྱིན་པ༎ ལྷ་ཆེན་དཔལ་འབར་འཁོར་བཅས་ལ༎ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༎

3 བཟླ་བྱའི་སྔགས། 

ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ཎ་པ་ཏི་སྭཱཧཱ་ན་མཿཤྲཱི་མཧཱ་ཀཱ་ལ་ག་ཎེ་ཤ་ཡ། ན་མོ་ཡོ་གི་ནཾ།  ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི། ཀི་ཏེ་ཀི་ཏི། ཙིཏྟེ་ཙིཏྟེ་སྭཱཧཱ། ཨོཾ་བཛྲ་ཡཀྵ་ཤྲཱི་མཧཱ་ཀཱ་ལ་ཧཱུཾ་ཛཿ༎

ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-04

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།