ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་།
ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང (བསྡུས་མིང་ལ་ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ལྷན་ཁང་ཞེས་འབོད)ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སྤྱི་ཚོགས་དོ་དམ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་དབུ་ཁྲིད་བྱེད་པའི་རྒྱུན་བཙུགས་ལས་ཁུངས་ཡིན། ཁོངས་གཏོགས་གཞུང་ལས་ཁང་བཙུགས་ནས་ལས་སྒྲུབ་ལས་ཁུངས་སུ་བྱེད་ཀྱིན་ཡོད། ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གཞུང་སྒྲུབ་བྱེད་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིས་སྤྱིར་བཏང་ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央社会治安综合治理委员会
བསྡུས་མིང་།
ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན།
ཕྱི་ཡིག་གི་མིང་།
The comprehensive treatment of social management committee
སྐབས་དང་པོའི་ཀྲུའུ་རེན།
ཆའོ་ཧྲི།
ད་ལྟའི་ཀྲུའུ་རེན།
མེང་ཅན་ཀྲུའུ།
བཙུགས་དུས།
སྤྱི་ལོ1991ལོའི་ཟླ3པའི་ཚེས21ཉིན།
རྒྱུན་ལས་ཀྲུའུ་རེན་གཞོན་པ།
ཞུས་ཞན་མིང་།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1991ལོའི་ཟླ3པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གཏན་འཁེལ་བྱས་ཤིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རོགས་འདེགས་བྱས་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་དབུ་ཁྲིད་བྱེད་སའི་རྒྱུན་བཙུགས་ལས་ཁུངས་ཡིན།

སྤྱི་ལོ2011ལོའི་ཟླ9པའི་ཚེས16ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲོའུ་ཡུང་ཁང་གིས་པེ་ཅིང་དུ་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྐངས་ཤིང་གཏམ་བཤད། ཚོགས་འདུ་རུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཧུའེ་ལིང་ཡུའུ་ཡིས་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གི་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་མིང་ཀྲུང་དབྱང་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་དུ་བརྗེ་བའི་སྐོར་གྱི་བརྡ་སྦྱོར་སྒྲོག་འདོན་བྱས།

སྤྱི་ལོ2014ལོའི་གནས་ཚུལ་ལྟར་ན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་དེ་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ལ་བསྐྱར་གསོ་བྱས་འདུག་ཅིང་། དམིགས་ཡུལ་ནི་སྟོབས་ཤུགས་ཡོད་རྒུས་བདེ་འཇགས་འཛུགས་སྐྲུན་དམ་འཛིན་བྱེད་པ་དེ་རེད། ཟླ7པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་སྲིད་ཁྲིམས་རྒྱུན་ཨུ་ཡི་ཀྲུའུ་རེན་མེང་ཅན་ཀྲུའུ་ཡིས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟའི་ས་གནས་བྱ་བའི་བཞུགས་མོལ་ཚོགས་འདུ་རུ་གནས་ཚུལ་འདི་ཉིད་གསལ་བར་བསྟན།

ཀྲུང་དབྱང་སྲིད་ཁྲིམས་རྒྱུན་ཨུ་དང་ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དུས་དེབ《ཁྲང་ཨན་དུས་དེབ》འདོན་ཐེངས་བཅུ་པ་རུ་གོང་འཁོད་མེང་ཅན་ཀྲུའུ་ཡི་གཏམ་བཤད་དེ་བཀོད། 

2 ལས་ཁུངས་སྒྲིག་ཚུལ།

ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རོགས་འདེགས་བྱས་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་དབུ་ཁྲིད་བྱེད་སའི་རྒྱུན་བཙུགས་ལས་ཁུངས་ཡིན།

 དེའི་འགན་འཁྲི་གཙོ་བོ་ནི།

ཏང་གི་གཞི་རྩའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་སྤྱིའི་འཆར་འགོད་དང་སྤྱི་ཚོགས་བདེ་འཇགས་ཀྱི་གནས་བབ་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀར་སློབ་སྟོན་དང་མཐུན་སྦྱོར་བྱ་རྒྱུ་དེ་ཡིན།

དེའི་ལས་འགན་གཙོ་བོ་ནི། 

རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་གཞིར་བཟུང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཕྱོགས་དང་། སྲིད་ཇུས། གལ་ཆེའི་བྱ་ཐབས་བཅས་ལ་ཞིབ་འཇུག་བྱས་ནས་བཏོན་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཇུས་ཐག་གཅོད་རྒྱུར་མཁོ་འདོན་བྱེད་དགོས་པ་དང་། དུས་སྐབས་ཤིག་རིང་གི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལག་སྤྱི་འདོམས་བྱ་དགོས་པ་མ་ཟད། ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་གལ་ཆེའི་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུར་མཛུབ་ཁྲིད་དང་། མཐུན་སྦྱོར། སྐུལ་འདེད་བཅས་གཏོང་དགོས། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་བ་དང་། སྔོན་ཐོན་ལ་གཟེངས་བསྟོད། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལམ་བུ་གསར་པ་འཚོལ་ཞིབ་དང་རིམ་བཞིན་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་འབྲེལ་ཡོད་བྱ་བ་བསྒྲུབ་དགོས།

ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གཞུང་ལས་ཁང(བསྡུས་མིང་ལ་ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་ཟེར།)ནི་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ལས་སྒྲུབ་ལས་ཁུངས་ཡིན་ཞིང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་དང་མཉམ་དུ་གཞུང་ལས་བསྒྲུབ་དགོས།

དེའི་ལས་འགན་གཙོ་བོ་ནི། 

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཕྱོགས་སྲིད་ཇུས་དང་ལག་བསྟར་བྱེད་དགོས་པའི་གལ་ཆེའི་བྱ་ཐབས་ལ་ཞིབ་འཇུག་བྱས་ནས་གྲོས་འཆར་འདོན་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ནས་དུས་ཐོག་ཏུ་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། བརྟག་དཔྱད་ཞིབ་འཇུག་བྱས་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། དཔེ་མཚོན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་བརྗེ་རེས་བྱས་ནས་སྔོན་ཐོན་ལ་སྐུལ་ལྕག་དང་རྗེས་ལུས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གིས་མངག་བཀོད་བྱས་པའི་དོན་དག་གཞན་དག་བསྒྲུབ་དགོས།

འབྲེལ་ཡོད་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གང་ལེགས་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་མང་ཚོགས་ཀྱིས་ཤུགས་ཆེར་བཏོན་པའི་བསམ་འཆར་བདེ་འཇགས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་མཐུན་སྦྱོར་བྱ་ཆེད། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱིས་ད་དུང་ལས་ཀའི་དགོས་མཁོར་གཞིགས་ནས་ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་ལྔ་བཙུགས་ཡོད་པ་སྟེ།

ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ལྕགས་ལམ་ལམ་སྲུང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། འགུལ་སྐྱོད་མི་འབོར་གྱི་བདེ་འཇགས་དོ་དམ་ལས་དོན་འགོ་ཁྲིད་ཚོགས་ཆུང་། ཉེས་དོན་འགྲེལ་བཤད་དང་སློབ་གསོ་གློད་གྲོལ་མི་སྣ་བཀོད་སྒྲིག་དང་རོགས་རམ་ལས་དོན་འགོ་ཁྲིད་ཚོགས་ཆུང་། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལས་དོན་འགོ་ཁྲིད་ཚོགས་ཆུང་། སློབ་གྲྭ་དང་དེ་བཞིན་མཐའ་འཁོར་གྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཅས་ཀྱིས་ཆེད་དོན་ལས་དོན་དེ་དག་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱག་དགོས།

མགོ་ཁྲིད་ཚོགས་ཆུང་སོ་སོའི་གཞུང་ལས་ཁང་ནི་ལྕགས་ལམ་པུའུ་དང་སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། གུང་གཞོན་ཚོགས་པའི་ཀྲུང་དབྱང་དང་སློབ་གསོ་པུའུ་བཅས་སུ་བཙུགས་ཡོད་པ་དང་བྱེ་བྲག་ཏུ་མགོ་ཁྲིད་ཚོགས་ཆུང་གི་ཉིན་རྒྱུན་ལས་ཀར་འགན་འཁུར་དགོས། 

3 སྒྲིག་གཞི་བཅོས་སྒྱུར།

སྤྱི་ལོ2018ལོའི་ཟླ་3པར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》གཞིར་བཟུང་ནས། ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་དང་དེའི་གཞུང་ལས་ཁང་འཛུགས་རྒྱུ་མིན་པར། འབྲེལ་ཡོད་འགན་འཁྲི་དག་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འགན་དུ་ལེན་དགོས།

4 དབུ་ཁྲིད་རིམ་བྱོན།

ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།

ཆའོ་ཧྲི། (སྤྱི་ལོ1991ལོ་ནས་སྤྱི་ལོ1993ལོའི་བར)

རེན་ཅན་ཞིན། (སྤྱི་ལོ1993ལོ་ནས1998ལོའི་བར།)

ལུའོ་ཀན། (སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ10པའི་བར།

ཀྲོའུ་ཡུང་ཁང་། (སྤྱི་ལོ2007ལོའི་ཟླ10པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར།)

སྤྱི་ལོ2011ལོའི་ཟླ8ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་མིང་དེ་ཀྲུང་དབྱང་སྤྱི་ཚོགས་དོ་དམ་  ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་དུ་བསྒྱུར་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམས།

ཀྲོའུ་ཡུང་ཁང་། (སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2012ལོའི་ཟླ11པའི་བར།)

མེང་ཅན་ཀྲུའུ། (སྤྱི་ལོ2012ལོའི་ཟླ11པ་ནས་ད་ལྟའི་བར།)


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-04

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།