ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ2018ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་རྩ་གནད》གཞིར་བཟུང་ནས་བཙུགས་པའི་ཀྲུང་གུང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས་ཡིན། སྤྱི་ལོ2019ལོའི་ཟླ9པར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་བཅུ་དགུ་བའི་ཀྲུང་དབྱང་སྐོར་ཞིབ་ཐེངས་བཞི་པས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བྱ་བའི་ལྷན་ཁང་གི་ཏང་རྩ་འཛུགས་ལ་རྒྱུན་ལྡན་གྱི་སྐོར་ཞིབ་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央和国家机关工作委员会
བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།
ཏིང་ཞུའེ་ཞང་།
བསྡུས་མིང་།
ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།
ངོ་བོ།
ཏང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས།
1 ​བཙུགས་པའི་དུས་ཚོད།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ2018ལོར་བཙུགས། སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་རྩ་གནད》བཀྲམས། དེའི་ཁྲོད་དུ་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་འཛུགས་པའི་སྐོར་གྱི་དོན་ཚན་ནི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཏང་ནན་ཏན་དུ་སྐྱོང་བ་ལག་བསྟར་བྱེད་པ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེ་བའི་བཟོ་སྐྲུན་གསར་བར་སྐུལ་སྤེལ་གཏོང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་བྱ་བར་སྤྱི་འདོམས་བྱེད་པ། ཐོན་ཁུངས་ཟླ་སྒྲིལ། སྟོབས་ཤུགས་མཉམ་འདོན་བཅས་ཀྱི་ཆེད་དུ། ཐད་ཀར་ཀྲུང་དབྱང་ལ་གཏོགས་པའི་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ནུས་ཟླ་སྒྲིལ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཏང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས་སུ་བྱས་པ་ཡིན།

2 འགན་ནུས་གཙོ་བོ། 

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ལྷན་ནི་ཏང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས་ཡིན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་ཏང་གི་བྱ་བར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་དགོས།

(གཅིག) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ལས་དོན་གཅིག་གྱུར་གྱིས་སྒྲིག་འཛུགས་དང་། འཆར་འགོད། བཀོད་སྒྲིག་བཅས་བྱེད་དགོས་པ་དང་། ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱ་རྒྱུའི་བསམ་འཆར་དང་གྲོས་འགོ་འདོན་པ། ལས་ཀའི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བཅས་བྱ་དགོས་པ་མ་ཟད། རྩ་འཛུགས་དང་ལག་བསྟར་བྱ་རྒྱུ་དམ་འཛིན་ཡང་བྱེད་དགོས།

(གཉིས) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་དེ་དེའི་ནང་ཁྱབ་པ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

(གསུམ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལ་སློབ་སྦྱོང་བྱེད་པར་མཛུབ་སྟོན་བྱེད་དགོས།

(བཞི) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས་པ་མ་ཟད། ཏང་ཀྲུང་དབྱང་ལ་སྙན་སེང་ཡང་ཞུ་དགོས།

(ལྔ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་ཡོན་སྤྱི་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་པར་མཛུབ་སྟོན་བྱེད་པ་དང་། དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྡེ་ཁག་སོ་སོའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་གནས་ཚུལ་ཡར་ཞུ་བྱེད་དགོས།

(དྲུག) ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་འགོ་ཁྲིད་ཚན་པའི་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ལེགས་པོ་བྱེད་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཙུའུ། (ཏང་ཨུ)རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་བྱེད་པར་ཞུགས་ནས་གནས་ཚུལ་ཤེས་རྟོགས་དང་། གཏན་འབེབས་ལྟར་གནས་ཚུལ་སྙན་ཞུ་འབུལ་བ།

(བདུན) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་ལས་ཁུངས་ཀྱི་ཏང་ཨུ་དུས་བཀག་ལྟར་སྐབས་བརྗེ་བར་སྐུལ་འདེད་དང་མཛུབ་སྟོན་བྱེད་པ་དང་། ཏང་ཡོན་གྱི་ཚོགས་ཆེན་ནམ་ཏང་ཡོན་གྱི་འཐུས་མིའི་ཚོགས་ཆེན་སྐོང་འཚོག་བྱ་རྒྱུའི་སྐོར་གྱི་དགོངས་སྐོར་ཞུ་བར་ཞིབ་བཤེར་ཆོག་མཆན་འགོད་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་ལས་ཁུངས་ཀྱི་ཏང་ཨུ་དང་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་འགོ་ཁྲིད་ཚན་པའི་གྲུབ་ཚུལ་དང་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བསྐོ་འཐེན་བྱེད་པར་ཞིབ་བཤེར་ཆོག་མཆན་འགོད་པ།

(བརྒྱད) རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་དང་། ཏང་ཡོན་འཕེལ་རྒྱས་སུ་གཏོང་བ་དང་། སློབ་གསོ། དོ་དམ་བཅས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས།

(དགུ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀར་འགོ་ཁྲིད་བྱེད་པ།

(བཅུ) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་བསམ་བློའི་གནས་ཚུལ་ལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དང་བསམ་པའི་དཔལ་ཡོན་སྤེལ་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་བྱེད་དགོས།

(བཅུ་གཅིག) ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་ཀར་འགོ་ཁྲིད་བྱ་རྒྱུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་གི་མང་ཚོགས་ལས་ཀ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ལེགས་པར་བསྒྲུབ་རྒྱུར་སློབ་སྟོན་བྱེད་དགོས།

(བཅུ་གཉིས) ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཁོངས་སྒྲིལ་མཛུབ་ཁྲིད་བྱེད་དགོས

(བཅུ་གསུམ) འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་མཛུབ་ཁྲིད་དང་། འཆར་འགོད། མཐུན་སྦྱོར། ལྟ་ཞིབ། ཞིབ་བཤེར་བཅས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཅུས་ཀྱི་ཁྲུའུ་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ཏང་དོན་ལས་བྱེད་པར་གསོ་སྦྱོང་བྱེད་པ།

(བཅུ་བཞི) འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། རྒན་པ་ཅན་སོགས་ཀྱི་ལས་ཀར་མཐུན་སྦྱོར་བྱེད་པ།

(བཅོ་ལྔ) ཏང་ཀྲུང་དབྱང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱེད་དགོས་པ་བཅས་སོ།།

3 ད་ལྟའི་མགོ་ཁྲིད།

ཏིང་ཞུའེ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི།

མེང་ཞང་ཧྥེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་ཀའི་ལས་བགོས་འགན་གཉེར་གྱི་ཧྲུའུ་ཅི་གཞོན་པ།

ཧོའུ་ཁའེ། ཀྲུང་དབྱང་སྒྲིག་ཨུ་ཡི་རྒྱུན་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན།

ལི་ཡུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

ཝུའུ་ཧན་ཧྲེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

ཀྲོའུ་ཝུའེ་ཤན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་མཛུབ་ཁྲིད་པུའུ་ཡི་པུའུ་ཀྲང་།

ཀུའུ་ཞང་ཧྲེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-04

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།