ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་པུའུ་ནི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས》ཀྱིས་བསྩལ་བའི་སྲིད་འཛིན་ལྟ་ཞིབ་དབང་ཆ་སྤྱོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ལས་ཁུངས་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཀྱང་ཡིན། སྤྱི་ལོ1993ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་གཅོད་ལྟར། ལྟ་ཞིབ་པུའུ་དང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཉིས་མཉམ་དུ་བསྒྲིལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་ཀྱི་གྲས་སུ་བསྡུས་ཏེ་སྒྲིགས་བཅད་ནི་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་སུ་བཅུག རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་བསྡུས་པ་དང་ལྟ་ཞིབ་ཁང་དུ་སྒོ་བྱང་བསྣན་ཡོད། སྤྱི་ལོ2018ལོའི་ཟླ3པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་རྩ་ཁྲིམས་བསྒྱུར་བཅོས་ཀྱི་རྩ་གནད་ལ་གྲོས་འཆམ་བྱུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་པ་དང་། ལྟ་ཞིབ་པུའུ་སོར་འཇོག་མི་བྱེད་པར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་སུ་བཅུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国监察部
གཞུང་ཕྱོགས་དྲ་བ།
http://www.ccdi.gov.cn/
1 ལས་འགན་གཙོ་བོ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། ལྟ་ཞིབ་པུའུ་ཡིས་གཙོ་བོ་རྒྱལ་ཡོངས་ཀྱི་ལྟ་ཞིབ་བྱ་བ་གཙོ་བོར་གཉེར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་དེ་དག་གི་གཞུང་ཞབས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་བསྐོ་བཞག་བྱས་པའི་མི་སྣ་གཞན་དག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་སོ་སོ་དང་དེ་དག་གི་མགོ་ཁྲིད་ལ་ལྟ་ཞིབ་བྱེད་ཀྱིན་ཡོད།  

ལྟ་ཞིབ་པུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་བརྒྱད་པ་སོགས་ཀྱི་གཏན་འབེབས་གཞིར་བཟུང་ནས་ལས་འགན་ལག་བསྟར་བྱེད་དགོས། བཅའ་ཁྲིམས་དེའི་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་ལྟར་ན། ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་ཞིབ་བྱ་ཡུལ་གྱི་ཁྲིམས་བསྟར་དང་སྲིད་གཙང་། ཕན་ནུས་ཀྱི་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་ནས། གཤམ་གསལ་གྱི་ལས་འགན་ལག་བསྟར་བྱེད་དགོས།

1. རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་དམངས་སྲིད་གཞུང་གི་ཆོད་དོན་དང་བཀའ་རྒྱ་བཅས་བརྩི་སྲུང་དང་ལག་བསྟར་བྱེད་རིང་གི་གནད་དོན་ལ་ཞིབ་བཤེར་བྱེད་པ།

2. རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་དེའི་གཞུང་ཞབས་པ་དེ་བཞིན་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་བསྐོ་བཞག་བྱས་པའི་མི་སྣ་གཞན་དག་བཅས་ཀྱི་སྲིད་འཛིན་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཞུ་གཏུག་དང་ཐེར་འདོན་བྱས་རིགས་ལ་བདག་སྤྲོད་བྱ་རྒྱུ།

3. རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་དེའི་གཞུང་ཞབས་པ་དེ་བཞིན་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་བསྐོ་བཞག་བྱས་པའི་མི་སྣ་གཞན་དག་བཅས་ཀྱི་སྲིད་འཛིན་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་བརྟག་དཔྱད་བཏང་ནས་ཐག་གཅོད་བྱེད་པ།

4. རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པ་དང་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་བསྐོ་གཞག་བྱས་པའི་མི་སྣ་གཞན་དག་གཙོ་སྐྱོང་སྲིད་འཛིན་ལས་ཁུངས་ཀྱི་ཉེས་ཆད་ཐག་གཅོད་ལ་ཡིད་འཐད་མིན་པར་དག་ཞུ་དང་། དེ་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ལྟ་ཞིབ་ལས་ཁུངས་ཀྱིས་བདག་སྤྲོད་བྱས་པའི་དག་ཞུ་ལ་བདག་སྤྲོད་བྱེད་པ།

5. བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་ལྟ་ཞིབ་ལས་ཁུངས་ཀྱིས་བསྒྲུབ་རྒྱུར་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་ཡིན།

ལྟ་ཞིབ་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་སྲིད་དོན་ཡོངས་བསྒྲགས་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་གི་བྱ་བར་རྩ་འཛུགས་མཐུན་སྦྱོར་དང་ཞིབ་བཤེར་སློབ་སྟོན་བཅས་བྱེད་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས》དོན་ཚན་ཨང་བཅུ་བདུན་པའི་གཏན་འབེབས་ལྟར་ན། ལྟ་ཞིབ་པུའུ་ཡིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་མི་དམངས་སྲིད་གཞུང་སོ་སོའི་ལྟ་ཞིབ་ལས་ཁུངས་ཀྱི་བདག་སྐྱོང་བྱེད་ཁོངས་ནང་གི་ལྟ་ཞིབ་བྱ་བ་བསྒྲུབ་ཆོག་ཅིང་། དགོས་ངེས་ལ་ཐུག་ན་རིམ་པ་སོ་སོའི་ལྟ་ཞིབ་ལས་ཁུངས་ཀྱི་བདག་སྐྱོང་བྱེད་ཁོངས་ནང་གི་ལྟ་ཞིབ་བྱ་བ་བསྒྲུབ་ཆོག

2 ལས་ཁུངས་ཀྱི་དབང་ཚད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས》གཞིར་བཟུང་ན། ལྟ་ཞིབ་པུའུ་ལ་ཞིབ་བཤེར་བྱེད་དབང་དང་། བརྟག་དཔྱད་བྱེད་དབང་། གྲོས་འགོ་འདོན་དབང་། སྲིད་འཛིན་ཆད་གཅོད་བྱེད་དབང་བཅས་ཡོད།

1. ཞིབ་བཤེར་བྱེད་དབང་། དེ་ནི་ལྟ་ཞིབ་བྱ་ཡུལ་གྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱས་ཚུལ་དང་། དེ་བཞིན་སྲིད་འཛིན་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཞིབ་བཤེར་བྱེད་པར་ཟེར།

2. བརྟག་དཔྱད་བྱེད་དབང་། དེ་ནི་ལྟ་ཞིབ་བྱ་ཡུལ་གྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དང་འགལ་བའི་བྱ་སྤྱོད་དང་། དེ་བཞིན་སྲིད་འཛིན་གྱི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་པར་ཟེར།

3. གྲོས་འགོ་འདོན་དབང་། དེ་ནི་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལ་འགལ་བའི་བྱ་སྤྱོད་བྱུང་བར་ཐག་གཅོད་བྱེད་དབང་ཡོད་པའི་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུའི་གྲོས་འགོ་འདོན་པ་དང་། སྲིད་འཛིན་ལས་ཀའི་ཕན་ནུས་ཇི་ལྟར་མཐོ་རུ་གཏོང་རྒྱུའི་ཐད་གྲོས་འགོ་འདོན་ཆོག ལྟ་ཞིབ་བྱ་ཡུལ་གྱིས་མིག་དཔེ་བསྟན་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལག་ལེན་དང་སྲིད་འཛིན་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པ་དེ་ཡིས་ལྟ་ཞིབ་བྱ་ཡུལ་གྱི་ཁྲིམས་འགལ་ལུགས་དཀྲུག་གི་བྱ་སྤྱོད་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱས་ནས། བྱས་རྗེས་མངོན་གསལ་ཡིན་པའི་མི་སྒེར་རམ་ལས་ཁུངས་ལ་ཐག་གཅོད་བྱེད་དབང་ཡོད་པའི་ལས་ཁུངས་ལ་བྱ་དགའ་སྤྲོད་དགོས་པའི་གྲོས་འགོ་འདོན་པ་ལ་ཟེར།

4. སྲིད་འཛིན་ཆད་གཅོད་བྱེད་དབང་། ལྟ་ཞིབ་པུའུ་ཡིས་ཞིབ་བཤེར་དང་བརྟག་དཔྱད་བྱས་འབྲས་གཞིར་བཟུང་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་མི་བྱེད་པའམ་ཡང་ན་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་མི་དམངས་སྲིད་གཞུང་གི་གཏན་འབེབས་དང་བཀའ་རྒྱ་ལས་འགལ་བའི་བྱ་སྤྱོད་རིགས་ལ་སྲིད་འཛིན་སྒྲིག་ཁྲིམས་ལས་འགལ་བའི་ལྟ་ཞིབ་བྱ་ཡུལ་ལ་འབྲེལ་ཡོད་ལས་ཁུངས་ལ་ལྟ་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་ནས་ཡོ་བསྲང་དང་ཐག་གཅོད་བྱེད་པ་དང་། ལྟ་ཞིབ་ཀྱི་ཆོད་དོན་བཞག་སྟེ་ཐད་ཀར་ཁག་འགན་ཡོད་མཁན་ལ་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད། རིམ་པ་འབེབས་པ། གནས་དབྱུང་གཏོང་བ། ཕྱིར་འབུད་བྱེད་པ་བཅས་ཀྱི་སྲིད་འཛིན་ཆད་གཅོད་བྱས་ཀྱང་ཆོག

3 ནང་གི་སྒྲིག་ཚུལ།

ལྟ་ཞིབ་པུའུ་ཡི་ནང་ཁུལ་དུ་གཞུང་ལས་ཐིང་དང་རུལ་སུངས་སྔོན་འགོག་ཁང་།(རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་གཞུང་ལས་ཁང)ཁྲིམས་སྲོལ་ཁང་། ཡོ་བསྲང་སྡེ་ཁག་དང་ལས་རིགས་ཚུལ་མིན་སྤྱོད་ཚུལ་ཅན་གྱི་གཞུང་ལས་ཁང་། (རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ ལས་རིགས་ཚུལ་མིན་སྤྱོད་ཚུལ་ཅན་ཡོ་བསྲང་སྡེ་ཁག) ཁྲིམས་བསྟར་ལྟ་ཞིབ་ཁང་། གྲུབ་འབྲས་དོ་དམ་ལྟ་ཞིབ་ཁང་། ཡིག་སྐུར་ངོ་བཅར་ཁང་། (ལྟ་ཞིབ་པུའུ་ཡི་ཞུ་གཏུག་ལྟེ་གནས) ཕྱི་འབྲེལ་དོན་གཅོད་ཅུས་སོགས་འགན་ནུས་ཐིང(གཞུང་ལས་ཁང་དང་ཅུས)26ཡོད།

4 མངག་གཏོང་ལས་ཁུངས་ཀྱི་འགན་འཁྲི།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ནས། ལྟ་ཞིབ་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་ཏུ་མངགས་སྡོད་ལྟ་ཞིབ་ཅུས(ལྟ་ཞིབ་ཀྲོན་ཡོན་གཞུང་ལས་ཁང)བཙུགས་ཡོད། དེའི་འགན་འཁྲི་ནི།

1. ལྟ་ཞིབ་བྱ་ཡུལ་སྡེ་ཚན་གྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་དང་བཀའ་རྒྱ་བཅས་ལ་བརྩི་སྲུང་དང་ལག་བསྟར་བྱེད་རིང་གི་གནད་དོན་ལ་ཞིབ་བཤེར་བྱེད་པ།   

2. ལྟ་ཞིབ་བྱ་ཡུལ་སྡེ་ཁག་དང་མི་སྣས་སྲིད་འཛིན་སྒྲིག་འགལ་གྱི་བྱ་སྤྱོད་ཞུ་སྦྱོར་དང་ཐེར་འདོན་བྱས་རིགས་ལ་བདག་སྤྲོད་བྱ་རྒྱུ།

3. ལྟ་ཞིབ་སྡེ་ཚན་དང་མི་སྣས་སྲིད་འཛིན་གྱི་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་པ།

4. ལྟ་ཞིབ་བྱ་ཡུལ་གྱིས་སྲིད་འཛིན་ཆད་གཅོད་ལ་ཡིད་འཐད་མ་བྱུང་བའམ་སྲིད་འཛིན་ཆད་གཅོད་བསྐྱར་ཞིབ་བྱས་འབྲས་ཀྱི་དག་ཞུ་ལ་བདག་སྤྲོད་བྱེད་པ། 

5. ལྟ་ཞིབ་བྱས་འབྲས་ཀྱི་ཆོད་དོན་ལ་ཡིད་འཐད་མ་བྱུང་བའི་དག་ཞུ་ལ་བདག་སྤྲོད་བྱེད་པ།    

6. ལྟ་ཞིབ་བྱ་ཡུལ་སྡེ་ཚན་གྱིས་སྲིད་གཙང་དང་སྲིད་བརྩོན་ཕྱོགས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་ལྟ་སྐུལ་བྱེད་པ།

7. ལྟ་ཞིབ་པུའུ་ཡིས་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་དགོས་པ་བཅས་སོ།།

5 པུའུ་ཀྲང་རིམ་བྱོན།

ཐན་ཕིན་ཧྲན། 1949.10-1954.9(སྲིད་དོན་ཁང་མི་དམངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན)

ཆན་ཡིན། 1954.9-1959.9

ཝེ་ཅན་ཞིན། 1987-1993.

ཚའོ་ཆིང་ཙེ། 1993.4-1998.3

ཧོ་ཡུང་། 1998.3-2003.3

ལི་ཀྲི་ལུན། 2003.3-2007

མཱ་ཕུའུ། 2007.8-2013.16

ཧོང་ཧྲུའུ་ཞན། 2013.16-2016.12

དབྱང་ཞའོ་ཏུའུ། 2016.12-2018.03


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-29

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།